བརྩེ་དུང༌།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-02

བརྩེ་དུང་ཟེར་བའི་ཡིག་འབྲུ་གཉིས་པོ་དགའ་སྐྱོ་ཟུང་གི་བསྡུས་གཟུགས་ཡིན།།
བརྩེ་དུང་ཟེར་བའི་ཐུ་གུ་སྐྱ་མ་ཚེ་རབས་དུ་མའི་རྟོད་ཐག་ཡིན།།
བརྩེ་དུང་ཟེར་བའི་སྐར་ཚོམ་འོད་ཆེན་འདི་ཕྱི་གཉིས་ཀའི་དྲན་རྟེན་ཡིན།།
བརྩེ་དུང་ཟེར་བའི་ལུ་གུ་མཚེ་མ་རི་སུལ་སྔོན་མོའི་མེ་ཏོག་ཡིན།།

བརྩེ་དུང་རྣལ་མའི་རེག་བྱ་འཇམ་པོ་མཛའ་མོའི་ལུས་ཀྱི་ཤ་སྐྱི་ཡིན།།
བརྩེ་དུང་མངར་མོའི་རོ་བཅུད་སྣུམ་པོ་ཆུང་མའི་ལག་གི་འོ་ཇ་ཡིན།།
བརྩེ་དུང་ཆིག་མའི་སྣང་བརྙན་མཛེས་པོ་ཆུང་འདྲིས་དགའ་ལོའི་མིག་གོང་ཡིན།།
བརྩེ་དུང་རྐྱང་མའི་མཐའ་ཤམ་ཡག་པོ་རྫི་རོགས་བུ་མོའི་འདབ་ཁ་ཡིན།།

སྟོན་ཀའི་ཆུ་སྤྲིན་བྱང་དུ་བགྲོད་དུས་བརྩེ་དུང་ཟེར་བ་མྱ་ངན་ཞིག།
དགུན་ཁའི་གངས་རྡུལ་ཐོད་ཀྱིས་འཚུབ་ཚེ་བརྩེ་དུང་ཞེས་པ་མེ་དྲོད་ཅིག།
གང་ལྟར་བདག་གིས་རིང་དུ་བརྐྱངས་པའི་ཕྱི་ཐག་ཅེས་པའི་གཙང་བོ་འདི།།
འབྲོག་ཁྱིམ་ཕལ་མའི་བུ་མོ་དེ་ཡི་སྙིང་གི་མཐིལ་དུ་འཁྱིལ་བར་ཤོག།    
                                                                    2009-7-9

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་དུང༌།

2010-07-02 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

བརྩེ་དུང་ཟེར་བའི་ཡིག་འབྲུ་གཉིས་པོ་དགའ་སྐྱོ་ཟུང་གི་བསྡུས་གཟུགས་ཡིན།།
བརྩེ་དུང་ཟེར་བའི་ཐུ་གུ་སྐྱ་མ་ཚེ་རབས་དུ་མའི་རྟོད་ཐག་ཡིན།།
བརྩེ་དུང་ཟེར་བའི་སྐར་ཚོམ་འོད་ཆེན་འདི་ཕྱི་གཉིས་ཀའི་དྲན་རྟེན་ཡིན།།
བརྩེ་དུང་ཟེར་བའི་ལུ་གུ་མཚེ་མ་རི་སུལ་སྔོན་མོའི་མེ་ཏོག་ཡིན།།

བརྩེ་དུང་རྣལ་མའི་རེག་བྱ་འཇམ་པོ་མཛའ་མོའི་ལུས་ཀྱི་ཤ་སྐྱི་ཡིན།།
བརྩེ་དུང་མངར་མོའི་རོ་བཅུད་སྣུམ་པོ་ཆུང་མའི་ལག་གི་འོ་ཇ་ཡིན།།
བརྩེ་དུང་ཆིག་མའི་སྣང་བརྙན་མཛེས་པོ་ཆུང་འདྲིས་དགའ་ལོའི་མིག་གོང་ཡིན།།
བརྩེ་དུང་རྐྱང་མའི་མཐའ་ཤམ་ཡག་པོ་རྫི་རོགས་བུ་མོའི་འདབ་ཁ་ཡིན།།

སྟོན་ཀའི་ཆུ་སྤྲིན་བྱང་དུ་བགྲོད་དུས་བརྩེ་དུང་ཟེར་བ་མྱ་ངན་ཞིག།
དགུན་ཁའི་གངས་རྡུལ་ཐོད་ཀྱིས་འཚུབ་ཚེ་བརྩེ་དུང་ཞེས་པ་མེ་དྲོད་ཅིག།
གང་ལྟར་བདག་གིས་རིང་དུ་བརྐྱངས་པའི་ཕྱི་ཐག་ཅེས་པའི་གཙང་བོ་འདི།།
འབྲོག་ཁྱིམ་ཕལ་མའི་བུ་མོ་དེ་ཡི་སྙིང་གི་མཐིལ་དུ་འཁྱིལ་བར་ཤོག།    
                                                                    2009-7-9

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།