སློབ་བུའི་ལྷུག་བརྗོད།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-30

ཡུལ་ནས་སློབ་གྲྭ་བར་འཐེན་པའི།།
གྱ་གྱུའི་རྐང་ལམ་དེ་བརྒྱུད་དུས།།
དཔེ་ཁུག་ཆུང་ཆུང་གི་རྡོག་ཁྲེས།།
མ་ཐེག་འཁུན་སྒྲ་ཞིག་ཤོར་སོང༌།།

ཀ་ཁའི་སྦྱོར་ཀློག་གི་དབྱངས་རྟས།།
ཞོགས་པའི་ཉི་གཞོན་དེ་བསུ་དུས།།
ཡངས་པའི་ཤེས་རིག་གི་རྒྱལ་ཁམས།།
མིག་གི་དགའ་སྟོན་དུ་མངོན་འོང༌།།

བྱ་དངོས་ཙག་ཙིག་ཅིག་བརྩད་ནས།།
སློབ་གྲོགས་ཕན་ཚུན་གྱི་བར་ལ།།
ཁ་འཛིང་ལག་འཛིང་རེ་བྱས་པ།།
སེམས་ནས་བརྗེད་ཐབས་རང་མི་འདུག།

རྟག་ཏུ་རྩེད་འཇོ་ལ་གཡེང་སྟེ།།
ལས་བྱ་བསྒྲུབ་རྒྱུའང་བརྗེད་པས།།
རྒན་གྱི་ཁྲིད་དབྱུག་གི་ཉེས་ཆད།།
ལག་པའི་མཐིལ་ངོས་ལ་བབས་སོང༌།།

ཕ་མའི་དངུལ་ཁྲག་ལས་ཐོན་པའི།།
སྒོར་མོ་དུ་ཆང་ལ་བརྗེས་པ།།
དྲན་པའི་མེ་ལོང་དུ་འཁོར་ཚེ།།
སྙིང་ལ་ན་ཟུག་ཅིག་སྐྱེས་བྱུང༌།།

རྩོམ་རིག་ལྷ་མོ་ཡི་འཛུམ་ཞལ།།
སློབ་གསེང་འཚོ་བའི་ཁྲོད་མཇལ་བྱུང༌།།
ཁོ་མོའི་དར་བབ་ཀྱི་ལང་ཚོ།།
ང་ཡི་འཚོལ་སྙེག་ཏུ་གྱུར་སོང༌།།

ལོ་ཟླའི་བརྩེགས་རིམ་གྱི་ཁྲོད་ནས།།
སྨྱུ་གུའི་རྩེ་མོ་དེ་ཟད་ཀྱང༌།།
བསླབ་པའི་ཤེས་ཡོན་གྱི་རྨང་རྡོ།།
བརྟན་པོ་སླེབས་པ་རང་མི་འདུག།
                                       2008—7---3

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་བུའི་ལྷུག་བརྗོད།

2010-06-30 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

ཡུལ་ནས་སློབ་གྲྭ་བར་འཐེན་པའི།།
གྱ་གྱུའི་རྐང་ལམ་དེ་བརྒྱུད་དུས།།
དཔེ་ཁུག་ཆུང་ཆུང་གི་རྡོག་ཁྲེས།།
མ་ཐེག་འཁུན་སྒྲ་ཞིག་ཤོར་སོང༌།།

ཀ་ཁའི་སྦྱོར་ཀློག་གི་དབྱངས་རྟས།།
ཞོགས་པའི་ཉི་གཞོན་དེ་བསུ་དུས།།
ཡངས་པའི་ཤེས་རིག་གི་རྒྱལ་ཁམས།།
མིག་གི་དགའ་སྟོན་དུ་མངོན་འོང༌།།

བྱ་དངོས་ཙག་ཙིག་ཅིག་བརྩད་ནས།།
སློབ་གྲོགས་ཕན་ཚུན་གྱི་བར་ལ།།
ཁ་འཛིང་ལག་འཛིང་རེ་བྱས་པ།།
སེམས་ནས་བརྗེད་ཐབས་རང་མི་འདུག།

རྟག་ཏུ་རྩེད་འཇོ་ལ་གཡེང་སྟེ།།
ལས་བྱ་བསྒྲུབ་རྒྱུའང་བརྗེད་པས།།
རྒན་གྱི་ཁྲིད་དབྱུག་གི་ཉེས་ཆད།།
ལག་པའི་མཐིལ་ངོས་ལ་བབས་སོང༌།།

ཕ་མའི་དངུལ་ཁྲག་ལས་ཐོན་པའི།།
སྒོར་མོ་དུ་ཆང་ལ་བརྗེས་པ།།
དྲན་པའི་མེ་ལོང་དུ་འཁོར་ཚེ།།
སྙིང་ལ་ན་ཟུག་ཅིག་སྐྱེས་བྱུང༌།།

རྩོམ་རིག་ལྷ་མོ་ཡི་འཛུམ་ཞལ།།
སློབ་གསེང་འཚོ་བའི་ཁྲོད་མཇལ་བྱུང༌།།
ཁོ་མོའི་དར་བབ་ཀྱི་ལང་ཚོ།།
ང་ཡི་འཚོལ་སྙེག་ཏུ་གྱུར་སོང༌།།

ལོ་ཟླའི་བརྩེགས་རིམ་གྱི་ཁྲོད་ནས།།
སྨྱུ་གུའི་རྩེ་མོ་དེ་ཟད་ཀྱང༌།།
བསླབ་པའི་ཤེས་ཡོན་གྱི་རྨང་རྡོ།།
བརྟན་པོ་སླེབས་པ་རང་མི་འདུག།
                                       2008—7---3

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།