སྙན་ངག་གི་དགྲ་ཤ་ལེན་པ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-27

                                                                             -----ཚཊ་པར་རྩོམ་སྒྲིག་པ་ཞིག་ལ།
ཚིག་དང་ཚིག་གི་རྩུབ་བརྡར་བར་ན་དོན་གྱི་མེ་ཏོག་བཞད་ནས་ཡོད།།
ཕྲད་དང་ཕྲད་ཀྱི་སྦྱོར་ལུགས་ཁྲོད་ན་བརྡ་དག་རི་མོ་འཁྱུག་ནས་ཡོད།།
དབྱངས་གསལ་སོ་བཞིའི་འོད་རླབས་ངོགས་ན་སྡེ་བཞིའི་སྐར་ཚོམ་འཚེར་བཞིན་ཡོད།།
ཐ་ཆད་མི་ཡི་ངག་གི་གླུ་ལ་དབྱངས་ཀྱིས་རམ་སྐྱོར་མཛད་དེ་ཡོད།།

ན་ནིང་དོ་ཚིགས་འཕྲོ་མུར་བསྐུར་བའི་བདག་གི་སྙན་ངག་གསོན་པོ་དག།
ཚགས་ཤོག་ངོས་སུ་རེ་རེ་བཀོད་ཀྱང་རེ་རེ་ནད་ཀྱིས་ཟིན་ནས་འདུག།
སྒྲིག་པོའི་ལག་ལེན་ཞན་པས་ཡིན་ནམ་སྒྲིག་ཆས་ཧ་ཅང་རྙིང་བས་ཡིན།།
ལག་པས་བཟུང་ན་མཛུབ་མོ་སྲེག་པའི་ཨ་ལན་ཚ་བོ་ང་ལ་དགོས།།

སུག་བྲིས་རྫོབ་པས་མ་མཐོང་མ་ཟེར་གློག་གི་རིས་ལ་བཏབས་ནས་ཡོད།།
ཡིག་ནོར་མང་བས་བཅོས་སོང་མ་ཟེར་ཐ་སྙད་རེ་རེ་བདེ་ཐང་ཡིན།།
སྒྲ་ལ་ལྕི་ཡང་ཤོར་འདུག་མ་གསུངས་སྡེབ་སྦྱོར་གཞུང་ལ་བསྟུན་ནས་ཡོད།།
བསྟན་བྱའི་དོན་དེ་བརྗིད་སོང་མ་ཟེར་འཇིག་རྟེན་ཞིག་གི་སྣང་བརྙན་ཡིན།།

གྲོང་ཚིག་སྣུམ་པོས་རྩི་ཞིག་བསྒོས་ན་ཁྱེད་རང་ཡེ་ནས་མི་དགྱེས་ཚུལ།།
མངོན་བརྗོད་རྒྱན་གྱི་ཕྱི་ལྭ་ཕུད་ན་ཁྱོད་ཀྱི་ཐུགས་དང་འགལ་བའི་ལུགས།།
བདེན་པའི་དོན་ཞིག་གསོང་བོར་སྨྲས་ན་ཁྱོད་ཀྱི་མིག་ལ་མི་རན་པ།།
དེ་འདྲ་དེ་ཡི་ཁྲིམས་སྒོ་ཞིག་ལ་རྩོམ་པོ་ངེས་ངེས་མི་ཤོང་གི།།

རྒྱལ་སྟོན་དུས་ཀྱི་ཡོ་ལང་བྲིས་ན་ཁྱེད་ཀ་ཚང་ལ་བྲིན་ཚོད་རེད།།
དཔོན་པོ་ཞིག་ལ་བསྟོད་རྩོམ་སྤེལ་ན་ཁྱེད་རང་ཤིན་ཏུ་འཐད་ཚོད་རེད།།
གངས་ལྗོངས་འཚོ་བ་སྐྱིད་རབས་གླེང་ན་མྱུར་བ་མྱུར་དུ་འགོད་ཚོད་རེད།།
དེ་འདྲ་དེ་ཡི་ཚུལ་འཆོས་བཙོག་པོ་རྩོམ་པོས་ངེས་ངེས་མི་འཁྱོངས་ཀི།།

དེ་རིང་ང་ཡིས་རལ་གྲི་ཐོགས་ཡོད་ཁྱོད་ལ་རྩིས་ཤིག་རྒྱག་འདང་ཡོད།།
གཅོད་པར་གོམས་ཤིང་གཞོག་པར་ལོབས་པའི་ལག་པ་ཡ་གཅིག་གཅོག་རྩིས་ཡོད།།
ལན་རེར་ཕྱེས་ཤིང་ལན་རེར་བཙུམས་པའི་མིག་རྡོ་མཚང་ནས་འབྲུ་རྩིས་ཡོད།།
དམངས་སྒོར་སྦྲུམ་པའི་ཕོ་རྒན་དེ་འང་སིལ་བུ་དགུ་ལ་བགོ་རྩིས་ཡོད།།
                                                                                    2009—12-7

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གི་དགྲ་ཤ་ལེན་པ།

2010-06-27 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།