བརྩེ་དུང་གི་འགྱུར་ཁུགས།

མི་ཚོགས་ཁྲོམ་ཆེན་དཀྱིལ་ནས།། ཟུར་མིག་འཕེན་རྩིས་མེད་ཀྱང༌།།
མགོ་བོ་འཁོར་སྟངས་ཤིག་གིས།། སེམས་པར་རང་དབང་མ་བྱུང༌།།
  
སིལ་སྡོང་མཐོན་པོའི་རྩེ་ནས།།  སིལ་འབྲས་མིག་ལ་ཤར་ན།།
བཟའ་འདོད་སྲེད་པ་སྐྱེས་ནས།། འགྲམ་ཆུ་ས་ལ་ཟགས་སོང༌།།

སྡེ་ཆེན་རྩེད་ར་ནང་ནས།།  གཤིས་འཇམ་བུ་མོ་མཐོང་བས།།
འགྲོགས་འདོད་བློ་ལ་ཤར་ནས།། དབང་མེད་གཞས་འདི་ཤོར་སོང།།

འཛུམ་པའི་སོ་ཕྲེང་དཀར་པོ།། ཁྲོམ་པ་ཡོངས་ལ་བསྟན་རུང༌།།
གསང་བའི་མིག་གི་མདའ་མོ།།  ང་ཡི་སྙིང་ཁར་ཕོག་སོང༌།།

དཀར་གསལ་ཟླ་བ་ཤར་བས།།  ཀུ་མུད་འདབ་མ་གྲོལ་སོང༌།།
ཟླ་བ་ནུབ་ལ་མ་བཞུད།།དགུང་སྔོན་དཀྱིལ་ནས་བཞུགས་རོགས།།

གནས་ལྔར་ཡང་ཡང་བསླབ་ཀྱང༌།། ཡིད་ལ་འཇགས་རྒྱུ་མ་བྱུང༌།།
མ་བསླབ་བྱམས་པའི་སྙིང་གཏམ།། སྐད་ཅིག་ཉིད་ལ་ངེས་སོང༌།།
                                   ༡
བུ་མོས་ཟུར་མིག་འཕང་བས།།བུ་ཆུང་དགའ་བ་འཕེལ་སོང༌།།
བུ་མོའི་སེམས་པ་མ་འགྱུར།།  བརྩེ་བའི་སྙིང་གཏམ་གསུང་རོགས།།

ལྷད་མེད་བུ་ངའི་བརྩེ་བ།།  དྲི་མེད་ཤེལ་གྱི་བུམ་པ།།
བུ་མོའི་ལག་ལ་ཕུལ་དུས།།  རྡོ་ལ་བརྡབ་པ་མ་གནང༌།།

ཕ་རིའི་ཞང་བཟང་ཚ་མོར།། འགྲོགས་འདོད་ཡིད་ལ་མ་ཤར།།
འགྲོགས་ནས་ཞེ་སེམས་མཐུན་ན།།འགལ་འགྲོའི་བསམ་པ་མི་འདུག།

ཁུ་བྱུག་གསུང་སྙན་སྒྲོག་པས།། ལྗོན་ཤིང་གཡུ་ལོ་རྒྱས་སོང༌།།
བུ་མོས་སྙིང་གཏམ་གླེང་བས།། བུ་ཆུང་དགའ་བ་འཕེལ་སོང༌།།

བཅོ་ལྔའི་ཟླ་བ་དཀར་པོ།།  སྤྲིན་པའི་ཕག་ལ་ཡིབ་དང༌།།
དབང་ཆེན་ཕ་མར་གསང་ནས།། བུ་མོར་སྙིང་གཏམ་གླེང་དགོས།།

མིག་ལ་རས་ཁྲ་མཛེས་ཀྱང༌།།  ལུས་ལ་ཚ་རུ་འཇམ་པས།།
རས་ཁྲ་དགོངས་པ་མ་ཚོམ།།  ཚ་རུའི་ལྭ་བ་གྱོན་རྒྱུ།།

མིག་ལ་རྒྱ་མོ་མཛེས་ཀྱང༌།།  བློ་ལ་བོད་མོ་འབབ་པས།།
རྒྱ་མོ་དགོངས་པ་མ་ཚོམ།། བོད་པའི་བུ་མོར་འགྲོགས་རྒྱུ།། 
                                ༢
ཆུང་འདྲིས་ཁྲོམ་ལ་འཁྲིད་པར།།  སྡེ་ཆེན་མི་ཁར་སྐྲག་གི།
ཆུང་འདྲིས་ལྡེ་མིག་ཡིན་ན།།  ཨམ་ཕྲག་ནང་ལ་བཅུག་ཆོག།

རྟ་དང་རྟ་སྒའི་བར་ལ།།  མི་འགྱུར་གློ་རྨེད་འཐེན་ཡོད།།
ང་དང་བྱམས་པའི་བར་ལ།། མི་འགྱུར་ཚིག་གསུམ་བཤད་ཡོད།།

སྦུ་རག་རྔམ་འཐུང་བྱས་ཀྱང༌།།  ལུས་པོ་བཟི་ཐག་མ་ཆོད།།
བྱམས་པས་སྙིང་གཏམ་གླེང་བས།། སེམས་པ་བརྩེ་བས་བཟི་སོང༌།།

བརྩེ་མཐུན་བྱམས་པ་འཚོལ་བར།། ཡབ་ཡུམ་བཀའ་བཀྱོན་མ་གནང༌།།
ཡབ་ཡུམ་དགུང་ལོ་ཆུང་དུས།།  ཐུགས་ལ་དྲན་པར་གྱིས་ཤིག།

དབྱར་ཟླ་དྲུག་པ་ཚེས་སོང༌།། མེ་ཏོག་འདབ་མ་བཞད་སོང༌།།
གཡུ་སྦྲང་གཤོག་སྒྲ་སྒྲོག་སོང༌།། སྦྲང་རྩིས་བཅུད་ལ་རོལ་སོང༌།།

བཅུ་དྲུག་ལང་ཚོ་སྨིན་སོང༌།།མཁུར་ཚོས་དམར་མདངས་རྒྱས་སོང༌།།
བརྩེ་བས་སྙིང་གཏམ་ཤོར་སོང༌།། མཐུན་པས་ལག་རྡང་སྦྲེལ་སོང༌།།
 
ཆུང་འདྲིས་བྱམས་པ་ལྷ་རེད།། བྱམས་པའི་ཡབ་ཡུམ་བདུད་རེད།།
བདུད་ཀྱི་བར་ཆད་མེད་ན།། བྱམས་པར་འགལ་དགོས་མི་འདུག།
                                 ༣
མཛེས་པའི་ལྗོན་ཤིང་རྩེ་ན།། ཁུ་བྱུག་གསུང་སྙན་ལྷང་ལྷང༌།།
སྡེ་ཆེན་རྩེད་ར་ནང་ན།།  བུ་མོའི་སྐྱོ་གླུ་ལྷང་ལྷང༌།།

སེམས་པ་ང་ལ་མ་འཁོར།།  བུ་མོའི་བྱ་བ་འཕྱུག་འགྲོ།།
ང་ནི་རི་མགོའི་ཇག་པ།།  སང་ཉིན་གར་ཡོད་མི་ཤེས།།

སྡེ་ཆེན་ཕ་བཟང་བུ་མོར།།  བརྩེ་བས་སྙིང་གཏམ་གླེང་ཡང༌།།
མི་ཁ་འཁོར་ཐེངས་ཤིག་གིས།།  བུ་མོའི་བརྩེ་བ་འགྱུར་སོང༌།།

ལྕང་མ་འཛུཊ་ས་གདམས་ནས།། ཆུ་བོའི་འགྲམ་ལ་བཙུག་པས།།
ཆར་བ་འབབ་ཐེངས་ཤིག་གིས།།  ལྕང་ཕྲན་ཆུ་བོས་ཁུར་སོང༌།།

སྐྱེ་འདོད་མེད་པའི་འཇག་མ།།  ཁང་བའི་ཀླད་ལ་སྐྱེས་སོང༌།།
འགྲོགས་འདོད་མེད་པའི་བྱམས་པར།། གར་སོང་ས་ནས་འཕྲད་ཡོང༌།།

བུ་མོར་འགྲོགས་པའི་ཉིན་ལ།།  སྙིང་གཏམ་ཁ་ནས་ཤོར་སོང༌།།
ཁོ་མོར་འགྱུར་ལྡོག་བྱུང་དུས།།འགྱོད་པ་གཏིང་ནས་ཤོར་སོང༌།།

དྭངས་གཙང་མཚོ་མོ་དྲན་ན།། མི་འགྲོ་སྡོད་དགོས་བསམ་ཡང༌།།
མཚོ་མོ་འཁྱག་པས་བསྡམས་པས།།  ངང་ཆུང་འཕུར་དགོས་བྱུང་སོང༌།།
                                ༤
བྱམས་པའི་བརྩེ་བ་དྲན་ན།།མི་འགྲོ་སྡོད་དགོས་བསམ་ཡང༌།།
སྡེ་ཆེན་མི་ཁ་བཙན་པས།།  བུ་ཆུང་འགྲོ་དགོས་བྱུང་སོང༌།།

སྟར་ཀ་བཟའ་བར་འདོད་ཀྱང༌།། མཛུབ་མོ་རྡོ་ལ་ཕོག་སོང༌།།
བུ་མོར་འགྲོཊ་པར་འདོད་ཀྱང༌།།  ན་ཟླས་འཕྱ་དམོད་བྱས་སོང༌།།

སྐུ་ལ་གཟུངས་འཇུག་མེད་ན།། གསེར་དངུལ་ཡིན་ཡང་གང་ཡོང༌།།
བྱམས་པར་བརྩེ་དུང་མེད་ན།།  ལྷ་མོ་ཡིན་ཡང་གང་ཡོང༌།།

སྤང་གི་མེ་ཏོག་སེར་ཆེན།།  ཟླ་གསུམ་འགོར་ནས་རྙིད་སོང༌།།
སྡེ་ཆེན་གྲོང་གི་ཆུང་འདྲིས།། ལོ་གསུམ་རྗེས་ནས་འགྱུར་སོང།།

བོང་བུ་སྒང་ནས་བཞག་སྟེ།།  ཅང་ཤེས་འཚོལ་དུ་འགྲོ་དགོས།།
ཁ་མཐུན་གྲོང་ནས་བཞག་སྟེ།། ཞེ་མཐུན་འཚོལ་དུ་འགྲོ་དགོས།།

ལྷད་མེད་གསེར་ལས་ལྷག་པའི།།  མི་གཤིས་གྲོགས་ལ་མེད་ན།།
མི་ཚེ་འཁྱོལ་བའི་གྲོགས་ཤིག།  བརྩེ་ཆེན་ཁྲོམ་ནས་འཚོལ་རྒྱུ།།

རྩོམ་ཁུངས། རྨ་ཆུའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་དུང་གི་འགྱུར་ཁུགས།

2010-06-21 དབལ་ཤུལ་དགེ་དར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།