ཉི་ཟླ་རི་བོ་བརྒལ་བ།

ཡུན་དཔལ་ལྡན་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-13

ལོ་ཟླའི་བུ་མོས་ཡིད་ཀྱི་མཁའ་ལ་མཚམས་སྤྲིན་དམར་པོའི་འཇའ་ཞིག་ཕུབ།།
སུམ་རྩེན་ལྷ་མོར་གུས་ཕྱག་ཕུལ་ཏེ་གུ་ཡངས་སློང་བའི་བརྟུལ་ཞུགས་ལས།།
སྙིང་གི་ཁ་བ་སེམས་ནས་བཞུས་ཤིང་བཞུར་བའི་ཆུ་ཕྲན་ཅ་ཅོས་བརྐུས།།
ལྷ་འདྲེ་རྩོད་སྒྲུབ་གཏམ་རྒྱུད་སྔོན་མོ་འཚོ་བའི་སྣང་བརྙན་རི་མོར་འཆར།།

མཁའ་ལ་འཁྲིགས་པའི་ཆུ་འཛིན་གསེབ་ན་ཁྱེད་ཉིད་ཡོད་དམ་འཕྱང་མོ་ཉུག།

སྐྱོ་བའི་སྤྱན་ཆབ་བརྩེ་བའི་དྲོད་ཀྱིས་ས་ལ་འཁྱིལ་བ་དུས་ཀྱི་མཚོ།།
དྲན་པའི་རླབས་རིས་འོད་ཀྱིས་འཁྱུག་པའི་ཀུན་རྟོག་མེ་ལོང་ཁ་བའི་འོད།།
                              ཕྱི་རོལ་དང་ནང་རོལ།
འཚོ་བའི་ཆུ་རྒྱུན་ཕར་ལ་བྲོས་པས་བྱིས་པའི་མདངས་བརྩེར་བློ་མ་ཕོག།
ཁེར་རྐྱང་སེམས་གཞས་བྲག་ལ་གླན་ཡང་འགུལ་མེད་བྲག་རིའི་སེམས་མ་རྙེད།།
མེ་ཏོག་དམར་པོའི་ལང་ཚོ་རེ་རེར་བདེན་ལུགས་མིག་ལ་ངོམ་མ་བྱུང་།།
ཕྱོགས་སུ་གྱེས་པའི་ལོ་མའི་སྙིང་ཁར་སེར་ཐིག་རི་མོ་ཉི་མས་བྲན།།

རི་བོའི་ཕ་རོལ་གཙང་བོའི་ཚུར་རོལ་སེམས་ཀྱིས་འཚོས་པའི་གནས་ཚང་ཉིད།།

རྣམ་རྟོག་སྒྱུ་མའི་འཕྲུལ་དུ་རྩེན་པའི་ཚང་མལ་དྲོན་མོའི་བསླུ་བྲིད་ལས།།
མ་མཐོང་རྒྱང་དུ་བཏབ་པའི་མིག་ཟུང་ས་ལ་འཁོར་བའི་ཁ་བ་ཉིད།།
                               སྨུག་ལོང་ཕ་རོལ་གྱི་ཞེ་འཁྲེང་།
སྐར་མ་ལམ་ལམ་འོད་དུ་འཚེར་བ་ཟླ་ཤེལ་ཞུན་མའི་རླབས་ཀྱི་ཕྲེང་།།
དྲི་བྲལ་ལྷག་བསམ་རྫ་རིའི་འདབས་ན་ལྷོག་ལྷོག་འཕྱུར་བའི་ཆུ་མིག་ཉིད།།
དུས་ཀྱི་རླུང་བུས་ཐོལ་གྱིས་བསླངས་པའི་ལས་ཀྱི་རླུང་རྟ་མཁའ་ལ་ཉལ།།
འདོད་འདུན་རེ་བཞག་ཉི་མར་ལྡེ་བས་ཁ་བའི་གླུ་གཞས་ཆུ་མོས་འཐུང་།།

འཐུང་བའི་འདུན་པ་རི་ལ་འཁོར་བ་སྤྲིན་དཀར་རྒྱ་མཚོའི་ཕ་རོལ་ན།།

ཤེའུ་ཆུང་མ་བུའི་བརྩེ་འདང་དྲོན་མོའི་ལྷུམས་སུ་ཞུགས་པའི་རྣམ་ཤེས་སྟོང་།།
མཛེས་སྡུག་ནགས་མོའི་འཆར་ཡན་སྦུགས་སུ་ཁྱོད་ཉིད་དྲན་པ་ཁ་བའི་འདང་།།
                                     ༢༠༠༢. ༦. ༡༣ཉིན་ཡུལ་སྐོར་དུ་བྲིས།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཟླ་རི་བོ་བརྒལ་བ།

2010-06-13 ཡུན་དཔལ་ལྡན་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།