རྗེས་དྲན་སྙིང་གི་རེ་འབོད།

རྫ་ཤུལ་བློ་བཟང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-11

ཡིད་འོང་མཚན་དཔེ་ཟུང་གིས་མཛེས་པའི་སྐུ།།
ཡིད་འཕྲོག་སྙན་དབྱངས་དྲུག་ཅུས་འཇེབས་པའི་གསུང་།།
ཡིད་ནོར་ཇི་བཕིན་སྐྱེ་དགུར་སྙོམས་པའི་ཐུགས།།
ཡིད་ལ་རེ་འབྲས་དོན་དང་ལྡན་པར་མཛོད།།
བློ་གྲོས་བེེཌྰུར་ནོར་བུའི་འོད་བཟང་ལ།།
འཕྲིན་ལས་བརྩེ་དགའ་དགོད་པའི་གུར་ཁྱིམ་ལས།།
ལྷུན་གྲུབ་སྐུ་བཞིའི་འཇའ་ཚོན་རི་མོ་ཅན།།
ཆོས་ཀྱི་རྒྱལ་མཚན་དད་གསུམ་གཙུག་གིས་བསྟེན།།
གསང་གསུམ་རྨད་བྱུང་ཡོན་ཏན་རྒྱ་མཚོའི་མཛོད།།
སར་གསན་རྒྱལ་སྲས་ཉན་རང་འཕགས་པས་ཀྱང་།།
བློ་གྲོས་ར་བ་དཀར་བོར་ཤོང་མིན་ན།།
ཚུལ་མཐོང་བདག་ལྟའི་སྤྱོད་ཡུལ་ག་ལ་ཡིན།།
འོན་ཀྱང་བསོད་ནམས་འཛིན་མར་རབ་འཁྱིལ་བའི།།
སྐུ་གསུམ་རིན་ཆེན་ཝུ་བའི་འཛུམ་དཀར་ཅན།།
འཇིག་རྟེན་ཕན་བདེར་འཕྱུར་བའི་ཟེགས་མ་འབུམ།།
སྐྱེ་དགུ་དགའ་བའི་གསོས་སུ་འགྲེམ་ལ་སྤྲོ།།
དྲན་དབང་བྱེ་བའི་གཙུག་རྒྱན་གདུགས་དཀར་བོ།།
རྒྱུད་སྡེ་རྣམ་བཞིའི་གོས་ཀྱི་ཤམ་བུ་གཡོ།།
བསླབ་གསུམ་སྡོམ་པའི་ཏོག་གིས་ཆེར་མཛེས་པ།།
རིམ་གཉིས་སྙིམ་པས་འདེགས་པའི་ཆོ་ག་མཁན།།
རྣམ་དཔྱོད་རིག་རྩལ་པིར་གྱིས་ལེགས་བྲིས་པའི།།
གཞུང་བརྒྱའི་དཀའ་གནད་དཀྲོལ་བའི་དབང་གཞུའི་རིས།།
བློ་ཆུང་བློ་ཡི་མེ་ལོང་ནང་ཤར་ཚེ།།
དགའ་ཉམས་སྟོང་གིས་སྤྲོ་བ་དཔག་མེད་བརྟས།།
འཆད་པའི་སྨྲ་སྒོ་ཡངས་པའི་གདེངས་ཀ་ལས།།
ལེགས་བཤད་ནོར་བུའི་གྲུ་ཆར་འཇོ་བའི་དཔལ།།
སྐལ་ལྡན་སློབ་མའི་ཚོགས་ཀྱི་འདབ་མ་སྟོང་།།
གྲོལ་མཛད་དཔལ་ལྡན་བླ་མ་སྙིང་ནས་དྲན།།
ཐོས་བརྩོན་ཀེ་ལ་ཤ་ཡི་ལང་ཚོ་རྒྱས།།
ཡོན་ཏན་གཡུ་རལ་རླབས་ཀྱི་ཟེགས་མས་ཕྱུག།
དངོས་འཛིན་ཝ་སྐྱེས་ཚོགས་དག་འཇོམས་མཛད་པ།།
རིགས་པའི་སེང་ཆེན་གདོང་བ་ལྔ་བ་དྲན།།
གནས་ལྔ་རིག་པའི་རླབས་ཕྲེང་འཕྱོ་བའི་དབུས།།
རྒྱན་བཞིའི་ཁོ་ལག་རབ་རྒྱས་དཔག་བསམ་ལྗོན།།
སྡོམ་གསུམ་མགོ་ལྕོག་ལྡེམ་པའི་འབྲས་བཟང་ལ།།
ཚོགས་གཉིས་བསུང་ཞིམ་འཐུལ་བའི་པད་མོ་དྲན།།
རྩོད་པ་གློག་ཞགས་དམར་པོའི་ལྕེ་རྩེ་ལས།།
རིགས་འཕྲུལ་རིག་པའི་རལ་གྲིའི་རྣོ་དབལ་གྱིས།།
རྒོལ་ངན་གླང་མགོ་གཅོད་པའི་དཔའ་རྟུལ་ཅན།།
འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྙིང་ནས་དྲན།།
ལྷག་བསམ་ག་བུར་འཛུམ་པའི་འོད་རླབས་ཀྱིས།།
ནང་བསྟན་སློབ་གླིང་ཀུན་དའི་དགའ་ཚལ་བསྐྲུན།།
འཇིག་རྟེན་རྒུད་མུན་རྩ་བ་དྲུངས་འབྱིན་པའི།།
ཡང་དར་བསྟན་པའི་སྲོག་ཤིང་བླ་མ་དྲན།།
དམར་སེར་མཚམས་སྤྲིན་མདངས་ཀྱིས་མཛེས་པའི་སྐུ།།
ཚུལ་ཁྲིམས་ལ་སོགས་བསླབ་གསུམ་ནོར་གྱིས་གཏམས།།
མ་དག་སྲིད་པར་འཁྱམས་པའི་འགྲོ་བ་རྣམས།།
བདེ་ཆེན་ཐར་བའི་ལམ་དུ་འཁྲིད་ཕྱིར་དུ།།
དབང་ལུང་ཁྲིད་གསུམ་མན་ངག་གདམས་པའི་མཛོད།།
མ་ལུས་འདོམས་མཛད་བླ་མ་སྙིང་ནས་དྲན།།
དད་གསུམ་འབྲས་དཀར་དུད་པའི་གྲྭ་བཙུན་པས།།
སྙིམ་པའི་པད་ཟུང་སྤྱི་བོར་ལེགས་བསྟེན་ཏེ།།
རྗེས་དྲན་སྙིང་གི་རེ་འབོད་སྙིང་ནས་བྲིས།།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྗེས་དྲན་སྙིང་གི་རེ་འབོད།

2010-06-11 རྫ་ཤུལ་བློ་བཟང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།