སེམས་གཞས་སྐྱུར་མོ།

ཞོ་ར་བློ་བཟང་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-11

ཚོགས་གཉིས་འདབ་སྟོང་གྲོལ་བའི་གུར་ཁྱིམ་དུ།།
སྒྲིབ་གཉིས་གདོད་ནས་དག་པ་ཟས་གཙང་སྲས།།
དོན་གཉིས་ལྷུན་གྱིས་གྲུབ་པའི་བྱིན་རླབས་རྒྱུན།།
བདག་ཅག་མཁའ་མཉམ་འགྲོ་བའི་གསོས་སུ་ཕོབས།།

སྡུག་བདེན་འཁོར་བའི་ཉེས་དམིགས་མ་མཐོང་ལ།།
ཁ་མིག་དབང་བོ་སྐྱོན་གྱིས་གོས་པ་མིན།།
ངུར་སྨུག་ཆུང་ནས་བགོས་པའི་གྲྭ་རྐྱང་ང་།།
ཆོས་ནོར་གཉིས་མེད་མི་ཡི་ལྷག་མ་ཉིད།།

འ་འུར་འདུ་འཛི་སྟོང་བའི་དབེན་གནས་སུ།།
ཟས་དང་ནོར་གྱིས་ལོངས་སྤྱོད་ཆོབ་དཀའ་ཡང་།།
བཅོས་དང་བསྒྱུར་དུ་མེད་པའི་ཕྱག་ལེན་ཁྲོད།།
དགེ་སྐུལ་བཙན་པོའི་དབྱུག་པ་ལན་མང་ཉོས།།

ལུས་ལ་རྣམ་ཀུན་འབྲལ་མེད་ཆོས་ཀྱི་གོས།།
སེམས་ལ་འདུལ་ཁྲིམས་ཉིས་བརྒྱའི་ལྕགས་རི་བརྟན།།
ཉེར་གཅིག་དུས་རབས་འདི་ཡི་ལོགས་ཤིག་ན།།
ང་ཡི་འགྲོ་འདུག་རང་དབང་གོ་སྐབས་ཕྲ།།

ཡོན་ཏན་བཅུ་དང་ལྡན་པའི་བླ་མ་མེད།།
སྐྱོན་བྲལ་སྣོད་དུ་རུང་བའི་སློབ་མ་མེད།།
ཕྱི་ནང་གཞུང་ལུགས་སློབ་པའི་སྐལ་བཟང་མེད།།
མེད་དང་མི་ཤེས་མང་བ་ང་ཚོའི་ལས།།

དབེན་པར་གནས་ཀྱང་ཕྱི་ཡི་སྐྱིད་སྣང་དྲན།།
ཕྱི་རུ་ཉུལ་དུས་ནང་གི་དྲོད་ལ་ཆགས།།
ལོ་ཟླའི་ཆུ་ཐིགས་དོན་མེད་སར་ཟགས་ནས།།
ཐར་བའི་ཞིང་དུ་བགྲོད་པའི་ཐེམས་སྐས་ཆད།།

གཞན་ལ་གཡར་བའི་རང་ཤོང་ཁང་རྙིང་ནས།།
སྟོང་སྣང་དགོད་སྒྲ་མིག་གིས་འཚོལ་བཞིན་དུ།།
རང་དབང་གཤོག་རྩལ་རྒྱས་པའི་གླག་ཕྲུག་གིས།།
མཐའ་བྲལ་མཁའ་ལམ་ཉུལ་བར་ཞེ་རེ་འཁྲེང་།།

རྣམ་དག་ཆོས་པའི་གཟུགས་ཀྱི་ཕྱི་ཚུལ་འདིས།།
རང་དབང་འདོད་པའི་སྒོ་མོ་ཡོངས་སུ་བརྒྱབ།།
མི་སྡིག་རྒས་གཉེར་ཐོད་ལ་བབས་ནའང་།།
ད་དུང་འཇིག་རྟེན་འདི་ལ་ཞེན་ཅིང་ཆགས།།

མི་ཡི་ཚེ་འདི་མི་རྟག་ནམ་མཁའི་གློག།
སུ་ཡང་འཆི་བདག་རལ་གྲིས་མི་གཏོང་ན།།
རྟག་འཛིན་སེམས་ཀྱི་བསླུ་བྲིད་མཚར་བོ་དེས།།
མཁའ་མཉམས་འགྲོ་རྣམས་འཁོར་ལོ་བཞིན་དུ་བསྐོར།།

དབང་བོ་སྒོ་ལྔ་ཚང་བའི་མི་ལུས་ལ།།
ཁྲག་དང་རླུང་གི་རྒྱུ་བ་མ་འཇགས་ན།།
འདོད་ཡོན་སྲིད་པའི་རོ་ལ་མ་བརྟེན་པར།།
བྱ་བྱེད་སྣ་ཁ་མང་བ་རང་མཚང་ཡིན།།

ཡུན་རིང་མི་ཚེ་གཅིག་ལ་མ་རྙེད་པའི།།
ཟག་མེད་བདེ་བའི་གོ་འཕང་ཐོབ་འདོད་ཀྱིས།།
སྟོང་གསུམ་གསེར་གྱི་ཟླ་བ་མི་རུང་བ།།
རང་གི་འདོད་པའི་སྒོ་མོ་བཙན་གྱིས་བརྒྱབ།།

གནག་སྣུམ་སྐྲ་ཡི་ཉག་མ་རྩད་ནས་བྲེགས།།
ཆོས་གོས་རྣམ་གསུམ་རྒྱན་གྱིས་ལུས་ལ་མཛེས།།
འདུལ་བའི་བསླབ་ཁྲིམས་སྲུང་བའི་དགེ་སློང་ཡང་།།
རྐང་གཉིས་མི་ཡི་གྲལ་ལས་འདས་པ་མིན།།

དཔྲལ་གཉེར་གྱ་གྱུའི་རི་མོ་གདོང་ལ་གསལ།།
གཞོན་ནུའི་ལང་ཚོ་རྒ་བས་བཅོམ་གྱུར་ཀྱང་།།
ད་དུང་དུག་གསུམ་ནད་ཀྱིས་མི་གཏོང་ན།།
ནང་སེམས་བཙན་གྱིས་འགོག་པ་དོན་རེ་ཆུང་།།

སྐབས་རེར་དད་སེམས་བརྟན་པའི་མཇལ་བ་ཞིག།
ལན་རེར་སྡིག་སེམས་ཁོལ་བའི་སྨྱོན་པ་ཞིག།
ད་ལྟ་ང་དང་འགྲོགས་པའི་ཉེས་ཅན་ཞིག།
ཀུན་རྟོག་སེམས་ཁྱོད་ཁྲེལ་མེད་བདུད་ཀྱི་གཤིས།།
                    ༢༠༠༢         ༡      ༢༣ཉིན།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་གཞས་སྐྱུར་མོ།

2010-06-11 ཞོ་ར་བློ་བཟང་བཀྲ་ཤིས། ཀློག་གྲངས། མཆན ཡོད།

ཚོགས་གཉིས་འདབ་སྟོང་གྲོལ་བའི་གུར་ཁྱིམ་དུ།།
སྒྲིབ་གཉིས་གདོད་ནས་དག་པ་ཟས་གཙང་སྲས།།
དོན་གཉིས་ལྷུན་གྱིས་གྲུབ་པའི་བྱིན་རླབས་རྒྱུན།།
བདག་ཅག་མཁའ་མཉམ་འགྲོ་བའི་གསོས་སུ་ཕོབས།།

སྡུག་བདེན་འཁོར་བའི་ཉེས་དམིགས་མ་མཐོང་ལ།།
ཁ་མིག་དབང་བོ་སྐྱོན་གྱིས་གོས་པ་མིན།།
ངུར་སྨུག་ཆུང་ནས་བགོས་པའི་གྲྭ་རྐྱང་ང་།།
ཆོས་ནོར་གཉིས་མེད་མི་ཡི་ལྷག་མ་ཉིད།།

འ་འུར་འདུ་འཛི་སྟོང་བའི་དབེན་གནས་སུ།།
ཟས་དང་ནོར་གྱིས་ལོངས་སྤྱོད་ཆོབ་དཀའ་ཡང་།།
བཅོས་དང་བསྒྱུར་དུ་མེད་པའི་ཕྱག་ལེན་ཁྲོད།།
དགེ་སྐུལ་བཙན་པོའི་དབྱུག་པ་ལན་མང་ཉོས།།

ལུས་ལ་རྣམ་ཀུན་འབྲལ་མེད་ཆོས་ཀྱི་གོས།།
སེམས་ལ་འདུལ་ཁྲིམས་ཉིས་བརྒྱའི་ལྕགས་རི་བརྟན།།
ཉེར་གཅིག་དུས་རབས་འདི་ཡི་ལོགས་ཤིག་ན།།
ང་ཡི་འགྲོ་འདུག་རང་དབང་གོ་སྐབས་ཕྲ།།

ཡོན་ཏན་བཅུ་དང་ལྡན་པའི་བླ་མ་མེད།།
སྐྱོན་བྲལ་སྣོད་དུ་རུང་བའི་སློབ་མ་མེད།།
ཕྱི་ནང་གཞུང་ལུགས་སློབ་པའི་སྐལ་བཟང་མེད།།
མེད་དང་མི་ཤེས་མང་བ་ང་ཚོའི་ལས།།

དབེན་པར་གནས་ཀྱང་ཕྱི་ཡི་སྐྱིད་སྣང་དྲན།།
ཕྱི་རུ་ཉུལ་དུས་ནང་གི་དྲོད་ལ་ཆགས།།
ལོ་ཟླའི་ཆུ་ཐིགས་དོན་མེད་སར་ཟགས་ནས།།
ཐར་བའི་ཞིང་དུ་བགྲོད་པའི་ཐེམས་སྐས་ཆད།།

གཞན་ལ་གཡར་བའི་རང་ཤོང་ཁང་རྙིང་ནས།།
སྟོང་སྣང་དགོད་སྒྲ་མིག་གིས་འཚོལ་བཞིན་དུ།།
རང་དབང་གཤོག་རྩལ་རྒྱས་པའི་གླག་ཕྲུག་གིས།།
མཐའ་བྲལ་མཁའ་ལམ་ཉུལ་བར་ཞེ་རེ་འཁྲེང་།།

རྣམ་དག་ཆོས་པའི་གཟུགས་ཀྱི་ཕྱི་ཚུལ་འདིས།།
རང་དབང་འདོད་པའི་སྒོ་མོ་ཡོངས་སུ་བརྒྱབ།།
མི་སྡིག་རྒས་གཉེར་ཐོད་ལ་བབས་ནའང་།།
ད་དུང་འཇིག་རྟེན་འདི་ལ་ཞེན་ཅིང་ཆགས།།

མི་ཡི་ཚེ་འདི་མི་རྟག་ནམ་མཁའི་གློག།
སུ་ཡང་འཆི་བདག་རལ་གྲིས་མི་གཏོང་ན།།
རྟག་འཛིན་སེམས་ཀྱི་བསླུ་བྲིད་མཚར་བོ་དེས།།
མཁའ་མཉམས་འགྲོ་རྣམས་འཁོར་ལོ་བཞིན་དུ་བསྐོར།།

དབང་བོ་སྒོ་ལྔ་ཚང་བའི་མི་ལུས་ལ།།
ཁྲག་དང་རླུང་གི་རྒྱུ་བ་མ་འཇགས་ན།།
འདོད་ཡོན་སྲིད་པའི་རོ་ལ་མ་བརྟེན་པར།།
བྱ་བྱེད་སྣ་ཁ་མང་བ་རང་མཚང་ཡིན།།

ཡུན་རིང་མི་ཚེ་གཅིག་ལ་མ་རྙེད་པའི།།
ཟག་མེད་བདེ་བའི་གོ་འཕང་ཐོབ་འདོད་ཀྱིས།།
སྟོང་གསུམ་གསེར་གྱི་ཟླ་བ་མི་རུང་བ།།
རང་གི་འདོད་པའི་སྒོ་མོ་བཙན་གྱིས་བརྒྱབ།།

གནག་སྣུམ་སྐྲ་ཡི་ཉག་མ་རྩད་ནས་བྲེགས།།
ཆོས་གོས་རྣམ་གསུམ་རྒྱན་གྱིས་ལུས་ལ་མཛེས།།
འདུལ་བའི་བསླབ་ཁྲིམས་སྲུང་བའི་དགེ་སློང་ཡང་།།
རྐང་གཉིས་མི་ཡི་གྲལ་ལས་འདས་པ་མིན།།

དཔྲལ་གཉེར་གྱ་གྱུའི་རི་མོ་གདོང་ལ་གསལ།།
གཞོན་ནུའི་ལང་ཚོ་རྒ་བས་བཅོམ་གྱུར་ཀྱང་།།
ད་དུང་དུག་གསུམ་ནད་ཀྱིས་མི་གཏོང་ན།།
ནང་སེམས་བཙན་གྱིས་འགོག་པ་དོན་རེ་ཆུང་།།

སྐབས་རེར་དད་སེམས་བརྟན་པའི་མཇལ་བ་ཞིག།
ལན་རེར་སྡིག་སེམས་ཁོལ་བའི་སྨྱོན་པ་ཞིག།
ད་ལྟ་ང་དང་འགྲོགས་པའི་ཉེས་ཅན་ཞིག།
ཀུན་རྟོག་སེམས་ཁྱོད་ཁྲེལ་མེད་བདུད་ཀྱི་གཤིས།།
                    ༢༠༠༢         ༡      ༢༣ཉིན།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།