དྲང་བདེན་སེམས་ཀྱི་དབྱངས་རྟ།

ཤིས་ཚང་ཚུལ་ཁྲིམས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-10

སྟོན་དང་བསྟན་འཛིན་སྡེ་བཅས་ལ།།
སྙིམ་ཟུང་པདྨས་ཕྱག་བྱས་ཏེ།།
སྙིགས་མའི་རང་མཚང་རྒྱ་མཚོའི་རྡུལ།།
སྐྲ་རྩེར་བླངས་ནས་གསོང་བོར་སྨྲ།།

སེམས་ཀྱི་སྡིག་ཅན་རྒྱལ་བོ་དེས།།
ལུས་ངག་དབང་མེད་བྲན་བསྒྱུར་ཏེ།།
བཅས་བྱུང་ཉེས་ལྷུང་མ་ལུས་པའི།།
གཟེང་རིང་ཚེར་མ་ཆར་དུ་འབབ།།

འཇིག་རྟེན་བདུད་མོ་ཁྲོས་སྟབས་སུ།།
མི་རྟག་མཛེས་མས་བསླུས་གྱུར་པས།།
ཐུབ་བསྟན་ནེའུ་གསིང་ཚལ་ཡངས་པོ།།
འཇིགས་རུང་གཡུལ་ས་ལྟ་བུར་བསྒྱུར།།

ལུས་ཀྱི་མ་རུང་ཁྲིམས་དཔོན་ལ།།
འཚོ་བའི་དཔྱ་ཁྲལ་འཇལ་དགོས་ཀྱང་།།
མི་བཟད་འཆི་བདག་གཤིན་རྗེ་ཡིས།།
ལས་ཀྱི་བྱ་ར་གཡེལ་མེད་སྒྲུབ།།

ཕྲལ་སྐྱིད་ཉི་མའི་གུར་ཁྱིམ་ནས།།
བདེ་བའི་འགྲེ་ལོག་བརྒྱབ་པ་ལ།།
ལས་ཀྱི་བསྡུས་པའི་གྲིབ་སོ་ནི།།
ངང་གིས་སླེབས་པ་མ་ཚོར་རམ།།

ཕྱུགས་ཀྱིས་བསྒྲུབ་ན་ཆེས་སླ་བའི།།
མལ་སྟན་བདེ་དང་ཟས་གོས་ནོར།།
འདི་ནི་བདེ་བའི་མཆོག་ཡིན་ཞེས།།
བདེན་གསུང་བཀའ་ལས་བྱུང་མ་གྱུར།།

མདོ་སྔགས་ཆུ་གཏེར་མ་བརྒལ་ཞིང་།།
བསོད་ནམས་གྲུ་ལ་མ་ཞུགས་པར།།
ཟ་འཚོལ་མཁན་པོའི་རྫིགས་ཉམས་དེས།།
ཆོས་གོས་སྙིལ་ལེར་མཛེས་ཆོས་ཙམ།།

བསླབ་ཁྲིམས་གཙང་མར་མི་སྡོམ་པར།།
ཤ་ཁྲག་དུ་ཆང་བག་མེད་སྤྱོད།།
སྒོ་གསུམ་དྲན་ཤེས་མ་བསྟེན་པས།།
རྩིང་སྤྱོད་ཧྲལ་བོས་ས་འདི་གང་།།

ཀུན་རྟོག་གླང་ཆེན་སྨྱོན་པ་དེ།།
ཆོས་བསམ་ལྕགས་ཀྱུས་མ་བཏུལ་ན།།
རྣམ་དཀར་དགེ་བའི་པད་ཚལ་ཀུན།།
སྐད་ཅིག་གཞོམ་པར་གདོན་མི་ཟ།།

འཁོར་ལོ་གསུམ་དང་ཆོས་བསམ་ལ།།
ཐབས་ཀྱིས་འབྲོ་བའི་ཉེར་བསྡོགས་རྩོམ།།
ཤོ་འཕེན་མིག་མང་རྣམ་གཡེང་ལས།།
ཉམས་སུ་ལེན་ཚེ་ངང་གིས་འདུ།།

རྒྱལ་བ་དངོས་ཀྱིས་མ་གསུངས་ཤིང་།།
ཉེ་བར་འཁོར་གྱིས་མ་བསྡུས་པའི།།
སྔར་མེད་འདུལ་བའི་བཅས་པ་མཁན།།
སངས་རྒྱས་གཉིས་པ་ཡིན་ནོ་ལོ།།

བཀའ་པོད་ལྔ་ཡི་སྒྲ་ཙམ་ཡང་།།
རྣ་བའི་བུ་གར་མ་སོན་པའི།།
ཆོས་བརྒྱད་དོན་གཉེར་ཟོལ་རྫུན་མཁན།།
སྙིགས་མའི་ཀློང་འདིར་མཚོ་ལྟར་བརྡོལ།།

ཐུབ་བསྟན་ཉི་མའི་འོད་འཚེར་བས།།
ཆོས་པའི་དྲན་རྟོག་པདྨའི་སྦུབས།།
ཅེ་རེ་ལོང་དུ་ཟུང་གྱུར་ན།།
ལོག་སྤྱོད་འབྱུང་བྱས་སྨྲོས་ཅི་འཚལ།།

རང་སྐལ་ཁ་ཤ་བོར་ནས་སུ།།
གཞན་ལུགས་ཉ་ཤ་ལེན་འདོད་པའི།།
གཡོ་སྒྱུ་ཝ་སྐྱེས་གཤིས་ཀ་ཡིས།།
གྲགས་འདོད་འབྲུག་སྒྲའི་བྲག་སྐད་འཆའ།།

ཉམས་དགའི་སྒྱུ་ལུས་གཞལ་མེད་ཁང་།།
བསྐྱུར་ནས་རྣམ་ཤེས་གཞན་བཞུད་ཚེ།།
གང་བསམ་ལས་ཀྱི་རང་གྲིབ་ནི།།
མི་འབྲལ་རང་གི་རྗེས་སུ་བསྙེགས།།

དེའི་ཕྱིར་ཚུལ་ཁྲིམས་ཞིང་ས་ནས།།
རྣམ་གྲོལ་མྱུ་གུ་འཁྲུངས་དགོས་ན།།
བག་ཡོད་ཆུ་ལུད་མ་ཚོགས་པར།།
དངོས་གྲུབ་འབྲས་བཟང་ཡོད་རེ་སྐན།།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲང་བདེན་སེམས་ཀྱི་དབྱངས་རྟ།

2010-06-10 ཤིས་ཚང་ཚུལ་ཁྲིམས། ཀློག་གྲངས། མཆན ཡོད།

སྟོན་དང་བསྟན་འཛིན་སྡེ་བཅས་ལ།།
སྙིམ་ཟུང་པདྨས་ཕྱག་བྱས་ཏེ།།
སྙིགས་མའི་རང་མཚང་རྒྱ་མཚོའི་རྡུལ།།
སྐྲ་རྩེར་བླངས་ནས་གསོང་བོར་སྨྲ།།

སེམས་ཀྱི་སྡིག་ཅན་རྒྱལ་བོ་དེས།།
ལུས་ངག་དབང་མེད་བྲན་བསྒྱུར་ཏེ།།
བཅས་བྱུང་ཉེས་ལྷུང་མ་ལུས་པའི།།
གཟེང་རིང་ཚེར་མ་ཆར་དུ་འབབ།།

འཇིག་རྟེན་བདུད་མོ་ཁྲོས་སྟབས་སུ།།
མི་རྟག་མཛེས་མས་བསླུས་གྱུར་པས།།
ཐུབ་བསྟན་ནེའུ་གསིང་ཚལ་ཡངས་པོ།།
འཇིགས་རུང་གཡུལ་ས་ལྟ་བུར་བསྒྱུར།།

ལུས་ཀྱི་མ་རུང་ཁྲིམས་དཔོན་ལ།།
འཚོ་བའི་དཔྱ་ཁྲལ་འཇལ་དགོས་ཀྱང་།།
མི་བཟད་འཆི་བདག་གཤིན་རྗེ་ཡིས།།
ལས་ཀྱི་བྱ་ར་གཡེལ་མེད་སྒྲུབ།།

ཕྲལ་སྐྱིད་ཉི་མའི་གུར་ཁྱིམ་ནས།།
བདེ་བའི་འགྲེ་ལོག་བརྒྱབ་པ་ལ།།
ལས་ཀྱི་བསྡུས་པའི་གྲིབ་སོ་ནི།།
ངང་གིས་སླེབས་པ་མ་ཚོར་རམ།།

ཕྱུགས་ཀྱིས་བསྒྲུབ་ན་ཆེས་སླ་བའི།།
མལ་སྟན་བདེ་དང་ཟས་གོས་ནོར།།
འདི་ནི་བདེ་བའི་མཆོག་ཡིན་ཞེས།།
བདེན་གསུང་བཀའ་ལས་བྱུང་མ་གྱུར།།

མདོ་སྔགས་ཆུ་གཏེར་མ་བརྒལ་ཞིང་།།
བསོད་ནམས་གྲུ་ལ་མ་ཞུགས་པར།།
ཟ་འཚོལ་མཁན་པོའི་རྫིགས་ཉམས་དེས།།
ཆོས་གོས་སྙིལ་ལེར་མཛེས་ཆོས་ཙམ།།

བསླབ་ཁྲིམས་གཙང་མར་མི་སྡོམ་པར།།
ཤ་ཁྲག་དུ་ཆང་བག་མེད་སྤྱོད།།
སྒོ་གསུམ་དྲན་ཤེས་མ་བསྟེན་པས།།
རྩིང་སྤྱོད་ཧྲལ་བོས་ས་འདི་གང་།།

ཀུན་རྟོག་གླང་ཆེན་སྨྱོན་པ་དེ།།
ཆོས་བསམ་ལྕགས་ཀྱུས་མ་བཏུལ་ན།།
རྣམ་དཀར་དགེ་བའི་པད་ཚལ་ཀུན།།
སྐད་ཅིག་གཞོམ་པར་གདོན་མི་ཟ།།

འཁོར་ལོ་གསུམ་དང་ཆོས་བསམ་ལ།།
ཐབས་ཀྱིས་འབྲོ་བའི་ཉེར་བསྡོགས་རྩོམ།།
ཤོ་འཕེན་མིག་མང་རྣམ་གཡེང་ལས།།
ཉམས་སུ་ལེན་ཚེ་ངང་གིས་འདུ།།

རྒྱལ་བ་དངོས་ཀྱིས་མ་གསུངས་ཤིང་།།
ཉེ་བར་འཁོར་གྱིས་མ་བསྡུས་པའི།།
སྔར་མེད་འདུལ་བའི་བཅས་པ་མཁན།།
སངས་རྒྱས་གཉིས་པ་ཡིན་ནོ་ལོ།།

བཀའ་པོད་ལྔ་ཡི་སྒྲ་ཙམ་ཡང་།།
རྣ་བའི་བུ་གར་མ་སོན་པའི།།
ཆོས་བརྒྱད་དོན་གཉེར་ཟོལ་རྫུན་མཁན།།
སྙིགས་མའི་ཀློང་འདིར་མཚོ་ལྟར་བརྡོལ།།

ཐུབ་བསྟན་ཉི་མའི་འོད་འཚེར་བས།།
ཆོས་པའི་དྲན་རྟོག་པདྨའི་སྦུབས།།
ཅེ་རེ་ལོང་དུ་ཟུང་གྱུར་ན།།
ལོག་སྤྱོད་འབྱུང་བྱས་སྨྲོས་ཅི་འཚལ།།

རང་སྐལ་ཁ་ཤ་བོར་ནས་སུ།།
གཞན་ལུགས་ཉ་ཤ་ལེན་འདོད་པའི།།
གཡོ་སྒྱུ་ཝ་སྐྱེས་གཤིས་ཀ་ཡིས།།
གྲགས་འདོད་འབྲུག་སྒྲའི་བྲག་སྐད་འཆའ།།

ཉམས་དགའི་སྒྱུ་ལུས་གཞལ་མེད་ཁང་།།
བསྐྱུར་ནས་རྣམ་ཤེས་གཞན་བཞུད་ཚེ།།
གང་བསམ་ལས་ཀྱི་རང་གྲིབ་ནི།།
མི་འབྲལ་རང་གི་རྗེས་སུ་བསྙེགས།།

དེའི་ཕྱིར་ཚུལ་ཁྲིམས་ཞིང་ས་ནས།།
རྣམ་གྲོལ་མྱུ་གུ་འཁྲུངས་དགོས་ན།།
བག་ཡོད་ཆུ་ལུད་མ་ཚོགས་པར།།
དངོས་གྲུབ་འབྲས་བཟང་ཡོད་རེ་སྐན།།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།