མུག་སྐྱོབ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-10

ནུབ་རྒྱུད་གསར་སྤེལ་གྱི་སྲིད་ཇུས་ལྟར་ན།།
ཀྲུང་དབྱང་ནོར་སྲིད་ཀྱི་ཕྱེད་ཀའི་ཕྱེད་ཀ།
མཐོ་སྒང་མི་དམངས་ལ་སྐྱེས་སུ་འབུལ་ཞེས།།
རྒྱང་སྒྲོག་བརྙན་འཕྲིན་ལས་ལན་བརྒྱར་བསྒྲགས་བྱུང༌།།

དཔོན་པོ་ནོར་རྐྱལ་གྱིས་རྔུབ་པ་མིན་ན།།
རྐུན་པོ་ཕྱག་རིང་གིས་ཁྱེར་བ་ཡིན་ངེས།།
མི་དམངས་ཉམ་ཆུང་ཚོའི་ལག་ཏུ་ཐེམས་པའི།།
འཚོ་བའི་རོགས་དངུལ་དེ་ཉུང་ཙམ་ཉུང་ཙམ།།

ད་ལྟ་ཕ་ཡུལ་གྱི་རི་ལུང་ཀུན་ཏུ།།
མུག་སྐྱོབ་བྱེད་སྒོ་ཞིག་སྤེལ་བཞིན་མཆིས་མོད།།
དེ་ཡི་བཀའ་དྲིན་ལ་བསྔགས་པའི་རླུང་ཡན།།
རྒྱང་སྒྲོག་བརྙན་འཕྲིན་ལས་སླར་ཡང་ལྡང་བྱུང༌།།

དོན་མེད་མིང་ལྷག་དེའི་ཡང་སྙིང་བཤད་ན།།
རིན་མེད་གོང་ཆུང་དེའི་རྩ་བ་དེད་ན།།
ཕྱེ་འབྲས་རས་ཕད་རེ་རྨང་དུ་བརྩིགས་ཡོད།།
གོན་པ་རྙིང་སོང་རེས་ཁ་སྣོན་བརྒྱབ་ཡོད།།

གངས་སྐྱོན་ཆུ་སྐྱོན་གྱིས་ནོར་ལུག་བསད་ན།།
མེད་མུག་ཕོངས་གསུམ་གྱིས་དམངས་སེམས་རྨས་ན།།
ཤོག་སྒོར་ཉུང་ཉུང་གིས་དབུལ་སྐྱོར་བྱས་པ།།
གསར་འགྱུར་ཁྲི་ཕྲག་གི་ཁ་བྱང་བཅའ་སྲིད།།

རེའུ་མིག་གྲངས་མེད་ཀྱི་སྟོང་ཆ་སྐོང་ཕྱིར།།
མཛུབ་རིས་རྫོགས་མེད་ཅིག་སྣོན་དུ་འཇུག་ལ།།
དབུལ་སྐྱོབ་ཕྱུག་བསྒྱུར་དེ་འཐུས་ཚང་ཡིན་ཞེས།།
ཚོགས་གཏམ་ཐར་ཐོར་གྱི་སྲོག་ཏུ་འཇོག་ངེས།།

ཤར་རྒྱུད་དབུས་ཕྱོགས་ཀྱི་གྲོང་ཁྱེར་ཁག་ཏུ།།
འདི་འདྲའི་སྲིད་ཇུས་རེ་ཡོད་མེད་མི་ཤེས།།
རྩ་ཁྲིམས་བཅའ་ཁྲིམས་ཀྱི་འདུ་ཤེས་དམན་པའི།།
ཕ་ཡུལ་མཐོ་སྒང་དུ་མཐོང་རྒྱུ་མང་ངོ༌།།

ཁུངས་མེད་ལུང་མེད་ཀྱི་ཁྲལ་མ་ཡིན་མིན།།
རྫུན་གཏམ་རྙོག་གཏམ་གྱི་ཕུང་བོ་ཡིན་མིན།།
གོང་བཞུགས་སྲིད་གཞུང་གི་ཡིག་ཆར་གཟིགས་ཤིག།
ཐང་སྟོང་ལུང་སྟོང་གི་འབངས་ལ་དྲིས་ཤིག།
                                            2010-3-22

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མུག་སྐྱོབ།

2010-06-10 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

ནུབ་རྒྱུད་གསར་སྤེལ་གྱི་སྲིད་ཇུས་ལྟར་ན།།
ཀྲུང་དབྱང་ནོར་སྲིད་ཀྱི་ཕྱེད་ཀའི་ཕྱེད་ཀ།
མཐོ་སྒང་མི་དམངས་ལ་སྐྱེས་སུ་འབུལ་ཞེས།།
རྒྱང་སྒྲོག་བརྙན་འཕྲིན་ལས་ལན་བརྒྱར་བསྒྲགས་བྱུང༌།།

དཔོན་པོ་ནོར་རྐྱལ་གྱིས་རྔུབ་པ་མིན་ན།།
རྐུན་པོ་ཕྱག་རིང་གིས་ཁྱེར་བ་ཡིན་ངེས།།
མི་དམངས་ཉམ་ཆུང་ཚོའི་ལག་ཏུ་ཐེམས་པའི།།
འཚོ་བའི་རོགས་དངུལ་དེ་ཉུང་ཙམ་ཉུང་ཙམ།།

ད་ལྟ་ཕ་ཡུལ་གྱི་རི་ལུང་ཀུན་ཏུ།།
མུག་སྐྱོབ་བྱེད་སྒོ་ཞིག་སྤེལ་བཞིན་མཆིས་མོད།།
དེ་ཡི་བཀའ་དྲིན་ལ་བསྔགས་པའི་རླུང་ཡན།།
རྒྱང་སྒྲོག་བརྙན་འཕྲིན་ལས་སླར་ཡང་ལྡང་བྱུང༌།།

དོན་མེད་མིང་ལྷག་དེའི་ཡང་སྙིང་བཤད་ན།།
རིན་མེད་གོང་ཆུང་དེའི་རྩ་བ་དེད་ན།།
ཕྱེ་འབྲས་རས་ཕད་རེ་རྨང་དུ་བརྩིགས་ཡོད།།
གོན་པ་རྙིང་སོང་རེས་ཁ་སྣོན་བརྒྱབ་ཡོད།།

གངས་སྐྱོན་ཆུ་སྐྱོན་གྱིས་ནོར་ལུག་བསད་ན།།
མེད་མུག་ཕོངས་གསུམ་གྱིས་དམངས་སེམས་རྨས་ན།།
ཤོག་སྒོར་ཉུང་ཉུང་གིས་དབུལ་སྐྱོར་བྱས་པ།།
གསར་འགྱུར་ཁྲི་ཕྲག་གི་ཁ་བྱང་བཅའ་སྲིད།།

རེའུ་མིག་གྲངས་མེད་ཀྱི་སྟོང་ཆ་སྐོང་ཕྱིར།།
མཛུབ་རིས་རྫོགས་མེད་ཅིག་སྣོན་དུ་འཇུག་ལ།།
དབུལ་སྐྱོབ་ཕྱུག་བསྒྱུར་དེ་འཐུས་ཚང་ཡིན་ཞེས།།
ཚོགས་གཏམ་ཐར་ཐོར་གྱི་སྲོག་ཏུ་འཇོག་ངེས།།

ཤར་རྒྱུད་དབུས་ཕྱོགས་ཀྱི་གྲོང་ཁྱེར་ཁག་ཏུ།།
འདི་འདྲའི་སྲིད་ཇུས་རེ་ཡོད་མེད་མི་ཤེས།།
རྩ་ཁྲིམས་བཅའ་ཁྲིམས་ཀྱི་འདུ་ཤེས་དམན་པའི།།
ཕ་ཡུལ་མཐོ་སྒང་དུ་མཐོང་རྒྱུ་མང་ངོ༌།།

ཁུངས་མེད་ལུང་མེད་ཀྱི་ཁྲལ་མ་ཡིན་མིན།།
རྫུན་གཏམ་རྙོག་གཏམ་གྱི་ཕུང་བོ་ཡིན་མིན།།
གོང་བཞུགས་སྲིད་གཞུང་གི་ཡིག་ཆར་གཟིགས་ཤིག།
ཐང་སྟོང་ལུང་སྟོང་གི་འབངས་ལ་དྲིས་ཤིག།
                                            2010-3-22

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།