སྙིང་སྡུག་དྲན་པའི་རྒྱང་གླུ།

ལོ་མའི་གཡང་དཀར་སྟོན་རླུང་ཤུགས་ཀྱིས་འདེད།།
ཁྲུང་ཁྲུང་གཤོག་རྡང་གཅིག་གིས་ལྷོ་རུ་འཕུར།།
ཁོ་བོའི་དྲན་པ་གདུང་བའི་ཁུར་གྱིས་ནོན།།
ཀྱེ་མ་སྙིང་སྡུག་མི་སྡོད་གང་དུ་བཞུད།།

ཨ་སྔོན་མཐོན་པོ་མཛེས་པའི་གུར་དུ་ཕུབ།།
ཁྲ་ཚོན་མེ་ཏོག་འབོལ་པའི་གདན་དུ་བྱེད།།
རྩེ་དགའི་སྦྲང་ཆར་འཐུང་བའི་དམ་བཅའ་དག།
གློ་བུར་དབང་གཞུའུཧ་ཚུལ་དུ་ཇི་ལྟར་བཀོད།།

བརྩེ་བའི་ཞགས་པ་ཐེབས་ནས་ལོ་བཅུ་སོང༌།།
དུངས་པའི་སེམས་ངོ་བསྟན་ནས་ལོ་བཅུ་སོང༌།།
སྙིང་སྡུག་སྙིང་གི་ཐིག་ལེ་ཡིད་འོང་མ།།
འདུ་འབྲལ་རླབས་ཀྱིས་གང་གི་ཕྱོགས་སུ་དེད།།

སྙིང་གཏམ་ཆར་རྒྱུན་ཤག་ཤག་བབས་པ་ལས།།
དུངས་ཞེན་མྱུ་གུ་འབུས་པའི་སྒྱུ་འཕྲུལ་དག།
དྲན་པའི་གཞི་ལ་གློག་ལྟར་འཁྱུག་ཙམ་གྱིས།།
འདྲེན་བྱེད་རྫིང་བུའི་ཟེགས་མ་མཁའ་ལ་ཐོར།།

ཁེར་རྐྱང་གཟུགས་གཞི་མུན་པར་འགྲོགས་པའི་དུས།།
མཐོན་པོའི་དབྱིངས་སུ་རྒྱུ་སྐར་བྱེ་བ་མཐོང༌།།
གང་ཞིག་འོད་དཀར་ལམ་ལམ་འཚེར་བ་དག།
ཉིད་ཀྱི་ཀེམ་ཀེམ་སྤྱན་ཟུང་ཡིན་ནམ་སྙམ།།

དཔྱིད་གསུམ་ཁ་བ་ཡང་བའི་གཤོག་པ་ཅན།།
ལྷབ་ལྷབ་གར་གྱིས་འཛིན་མར་བབས་པ་ལས།།
ཡིད་འོང་དྭངས་གཙང་དངུལ་གྱི་ཞིང་ཁམས་དེ།།
མཛའ་མོའི་སེམས་ཀྱི་རང་མདངས་ཡིན་པར་སྙམ།།

དབྱར་གསུམ་མེ་ཏོག་འཛུམ་པའི་སོ་ཕྲེང་ཅན།།
བསིལ་བའི་རླུང་དང་བསྡེབས་ནས་ཤིག་ཤིག་གཡོ།།
དྲི་བསུང་སྤོས་ཀྱི་དུད་པ་ཕྱོགས་བཅུར་ལྡང༌།།
སྙིང་སྡུག་ཞལ་རས་ཡིན་པའི་འཁྲུལ་སྣང་བྱུང༌།།

དགུན་གསུམ་གཙང་བོ་དར་གྱི་ཕྱི་གོས་ཅན།།
དུང་འབྲུག་གར་དུ་རྩེན་པའི་རོལ་སྒེག་གིས།།
མཐོན་པོ་གངས་རིའི་སྙིང་དང་འབྲེལ་བ་དེ།།
ལྷ་མོ་བཞུད་པའི་བཤུལ་ལམ་ཡིན་སྣང་འཆར།།
སྔོན་ཆད་འཚོ་བའི་སྙིང་བོ་རྒྱུ་རུ་བསམས།།
རི་བའི་རྡོག་ཁྲེས་བསྣམས་ནས་ཕྱི་ཡུལ་འགྲིམས།།
ཁུག་མ་བརྒྱགས་ཚེ་རྒྱལ་ཁའི་སྣང་བ་ཡིས།།
རང་ཁྱིམ་དྲོན་མོའི་ངོ་སོ་བསྟོད་པར་བསམས།།

གཟུགས་ཀྱི་གྲིབ་མ་གཟུགས་དང་འགྲོགས་བྱེད་ཅིང༌།།
སེམས་ཀྱི་ལྷ་མོ་སེམས་དང་བྲལ་གྱུར་ཚེ།།
ལོ་གསུམ་སྡུག་ལས་བྱས་པའི་ཡོང་སྒོ་ཡང༌།།
རང་སེམས་མགོ་བོ་གནོན་པའི་གཉའ་ཤིང་འདྲ།།

སད་ན་སེམས་ཀྱི་མཚོ་མོ་འཁྱོམ་འགྱུར་ཞིང༌།།
གཉིད་ན་མཚན་གྱི་རྨི་ལམ་འཁྲུགས་འགྱུར་བ།།
འདུ་འབྲལ་སྤྲིན་པའི་ཀློང་ནས་ལྷུང་བ་ཡི།།
ཆག་སྒོ་གནམ་ལྕགས་ཡིད་ཀྱི་ཆོམ་པོར་གྲུབ།།

ད་ནི་མཆོག་གསུམ་བརྩེ་བའི་ཕོ་བྲང་ལ།།
རྣམ་དཀར་དགེ་བའི་ནོར་ཙམ་བསྐུར་བྱས་ཏེ།།
སྙིང་སྡུག་བགྲོད་པའི་ལམ་སྟོན་གནང་བ་ལ།།
ཡིད་ཀྱི་རེ་བ་ལྷུན་པོའི་དཔལ་ལས་ལྕི།།

ཀྱེ་མ་འདུ་འབྲལ་སྐད་ཅིག་གློག་དང་འདྲ།།
ཡིན་ཀྱང་བརྩེ་བའི་མེ་ཏོག་སྙིང་དུ་སྡུག།
འདབ་མ་ལྷུང་ནས་ལོ་གསུམ་འཁོར་ན་ཡང༌།།
མཛེས་པའི་ལང་ཚོ་སེམས་ཀྱི་ཞིང་ན་བཞད།།

བརྗེད་ངས་རྐུན་པོ་དུས་དང་འགྲོགས་བྱས་ཏེ།།
སྙིང་གི་ཁམས་ལ་འཇབ་བུས་ལྷགས་ན་ཡང༌།།
སྙིང་སྡུག་ལྷ་མོར་འགྲོགས་པའི་བརྙན་རིས་དག།
ཡིད་ཀྱི་མཁའ་ལ་རྟག་ཏུ་བཀྲ་བར་ངེས།།

རྩོམ་ཁུངས། ༢༠༡༠ལོའི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་སྡུག་དྲན་པའི་རྒྱང་གླུ།

2010-06-08 བཙུན་མོ་ཡག ཀློག་གྲངས། མཆན ཡོད།

ལོ་མའི་གཡང་དཀར་སྟོན་རླུང་ཤུགས་ཀྱིས་འདེད།།
ཁྲུང་ཁྲུང་གཤོག་རྡང་གཅིག་གིས་ལྷོ་རུ་འཕུར།།
ཁོ་བོའི་དྲན་པ་གདུང་བའི་ཁུར་གྱིས་ནོན།།
ཀྱེ་མ་སྙིང་སྡུག་མི་སྡོད་གང་དུ་བཞུད།།

ཨ་སྔོན་མཐོན་པོ་མཛེས་པའི་གུར་དུ་ཕུབ།།
ཁྲ་ཚོན་མེ་ཏོག་འབོལ་པའི་གདན་དུ་བྱེད།།
རྩེ་དགའི་སྦྲང་ཆར་འཐུང་བའི་དམ་བཅའ་དག།
གློ་བུར་དབང་གཞུའུཧ་ཚུལ་དུ་ཇི་ལྟར་བཀོད།།

བརྩེ་བའི་ཞགས་པ་ཐེབས་ནས་ལོ་བཅུ་སོང༌།།
དུངས་པའི་སེམས་ངོ་བསྟན་ནས་ལོ་བཅུ་སོང༌།།
སྙིང་སྡུག་སྙིང་གི་ཐིག་ལེ་ཡིད་འོང་མ།།
འདུ་འབྲལ་རླབས་ཀྱིས་གང་གི་ཕྱོགས་སུ་དེད།།

སྙིང་གཏམ་ཆར་རྒྱུན་ཤག་ཤག་བབས་པ་ལས།།
དུངས་ཞེན་མྱུ་གུ་འབུས་པའི་སྒྱུ་འཕྲུལ་དག།
དྲན་པའི་གཞི་ལ་གློག་ལྟར་འཁྱུག་ཙམ་གྱིས།།
འདྲེན་བྱེད་རྫིང་བུའི་ཟེགས་མ་མཁའ་ལ་ཐོར།།

ཁེར་རྐྱང་གཟུགས་གཞི་མུན་པར་འགྲོགས་པའི་དུས།།
མཐོན་པོའི་དབྱིངས་སུ་རྒྱུ་སྐར་བྱེ་བ་མཐོང༌།།
གང་ཞིག་འོད་དཀར་ལམ་ལམ་འཚེར་བ་དག།
ཉིད་ཀྱི་ཀེམ་ཀེམ་སྤྱན་ཟུང་ཡིན་ནམ་སྙམ།།

དཔྱིད་གསུམ་ཁ་བ་ཡང་བའི་གཤོག་པ་ཅན།།
ལྷབ་ལྷབ་གར་གྱིས་འཛིན་མར་བབས་པ་ལས།།
ཡིད་འོང་དྭངས་གཙང་དངུལ་གྱི་ཞིང་ཁམས་དེ།།
མཛའ་མོའི་སེམས་ཀྱི་རང་མདངས་ཡིན་པར་སྙམ།།

དབྱར་གསུམ་མེ་ཏོག་འཛུམ་པའི་སོ་ཕྲེང་ཅན།།
བསིལ་བའི་རླུང་དང་བསྡེབས་ནས་ཤིག་ཤིག་གཡོ།།
དྲི་བསུང་སྤོས་ཀྱི་དུད་པ་ཕྱོགས་བཅུར་ལྡང༌།།
སྙིང་སྡུག་ཞལ་རས་ཡིན་པའི་འཁྲུལ་སྣང་བྱུང༌།།

དགུན་གསུམ་གཙང་བོ་དར་གྱི་ཕྱི་གོས་ཅན།།
དུང་འབྲུག་གར་དུ་རྩེན་པའི་རོལ་སྒེག་གིས།།
མཐོན་པོ་གངས་རིའི་སྙིང་དང་འབྲེལ་བ་དེ།།
ལྷ་མོ་བཞུད་པའི་བཤུལ་ལམ་ཡིན་སྣང་འཆར།།
སྔོན་ཆད་འཚོ་བའི་སྙིང་བོ་རྒྱུ་རུ་བསམས།།
རི་བའི་རྡོག་ཁྲེས་བསྣམས་ནས་ཕྱི་ཡུལ་འགྲིམས།།
ཁུག་མ་བརྒྱགས་ཚེ་རྒྱལ་ཁའི་སྣང་བ་ཡིས།།
རང་ཁྱིམ་དྲོན་མོའི་ངོ་སོ་བསྟོད་པར་བསམས།།

གཟུགས་ཀྱི་གྲིབ་མ་གཟུགས་དང་འགྲོགས་བྱེད་ཅིང༌།།
སེམས་ཀྱི་ལྷ་མོ་སེམས་དང་བྲལ་གྱུར་ཚེ།།
ལོ་གསུམ་སྡུག་ལས་བྱས་པའི་ཡོང་སྒོ་ཡང༌།།
རང་སེམས་མགོ་བོ་གནོན་པའི་གཉའ་ཤིང་འདྲ།།

སད་ན་སེམས་ཀྱི་མཚོ་མོ་འཁྱོམ་འགྱུར་ཞིང༌།།
གཉིད་ན་མཚན་གྱི་རྨི་ལམ་འཁྲུགས་འགྱུར་བ།།
འདུ་འབྲལ་སྤྲིན་པའི་ཀློང་ནས་ལྷུང་བ་ཡི།།
ཆག་སྒོ་གནམ་ལྕགས་ཡིད་ཀྱི་ཆོམ་པོར་གྲུབ།།

ད་ནི་མཆོག་གསུམ་བརྩེ་བའི་ཕོ་བྲང་ལ།།
རྣམ་དཀར་དགེ་བའི་ནོར་ཙམ་བསྐུར་བྱས་ཏེ།།
སྙིང་སྡུག་བགྲོད་པའི་ལམ་སྟོན་གནང་བ་ལ།།
ཡིད་ཀྱི་རེ་བ་ལྷུན་པོའི་དཔལ་ལས་ལྕི།།

ཀྱེ་མ་འདུ་འབྲལ་སྐད་ཅིག་གློག་དང་འདྲ།།
ཡིན་ཀྱང་བརྩེ་བའི་མེ་ཏོག་སྙིང་དུ་སྡུག།
འདབ་མ་ལྷུང་ནས་ལོ་གསུམ་འཁོར་ན་ཡང༌།།
མཛེས་པའི་ལང་ཚོ་སེམས་ཀྱི་ཞིང་ན་བཞད།།

བརྗེད་ངས་རྐུན་པོ་དུས་དང་འགྲོགས་བྱས་ཏེ།།
སྙིང་གི་ཁམས་ལ་འཇབ་བུས་ལྷགས་ན་ཡང༌།།
སྙིང་སྡུག་ལྷ་མོར་འགྲོགས་པའི་བརྙན་རིས་དག།
ཡིད་ཀྱི་མཁའ་ལ་རྟག་ཏུ་བཀྲ་བར་ངེས།།

རྩོམ་ཁུངས། ༢༠༡༠ལོའི་སྦྲང་ཆར་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།