ཟླ་འོད་དང་མཚོ་རླབས།

ལྷ་རྒྱལ་ཚེ་རིང༌། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-07

ཟླ་འོད་སྔོ་བསང་ཆུ་གཏེར་ངོས་སུ་ཞབས་སྟབས་ཆེམ་ཆེམ་བསྒྱུར་པས་ན།།
མཚར་སྡུག་རླབས་ཕྲེང་ཟླ་བ་ལྷ་མོའི་སོ་འཛུམ་དཀར་མོ་ལྷུག་ལྷུག་དགོད།།

གན་དུ་གནས་པའི་རི་ལུང་ནགས་ཚལ་རྨི་ལམ་བདེ་བར་འཇུག་པའི་ཕྱིར།།
རོ་ལྡན་མ་ཡིས་དབའ་རླབས་དབྱངས་སྙན་ཞི་བ་ཞི་བར་འཁྲོལ་བར་བྱེད།།

ཕྲག་སྟོད་ཁེབས་པའི་གནག་སྣུམ་དབུ་སྐྲ་བསིལ་འཇམ་རླུང་བུའི་དར་ཆར་སྐྱོད།།
ལང་ཚོར་ཆགས་པའི་མཆུ་འདབ་དམར་པོས་འཁྲེང་ཞེན་སྙན་འགྱུར་གླུ་རུ་ལེན།།

མཉེན་ལྕུག་ཕྱུག་མཛུབ་ལྡེམ་པའི་ཉམས་ཀྱིས་རྒྱུད་མང་གདངས་སྙན་སྦྲེང་བའི་སྒྲ།།
དྲན་གདུང་གཡུ་རླབས་ཀུན་རྟོག་རྒྱ་མཚོར་མཛེས་རྒུར་སློང་བའི་བྱེད་པོར་ངེས།།

ཉ་གང་དུང་ཟླ་གོར་མོའི་ཕྱེད་ཀ་ཆུ་འཛིན་འདབ་མས་སྒྲིབ་པ་བཞིན།།
ཟླ་སྣང་འཐུང་བའི་དཀྱུས་རིང་མིག་འཛུམ་ཁྱོད་ཀྱི་ལང་ལིང་སྐྲ་ལོས་འགོག།

མཚོ་ཆེན་འགྲམ་གྱི་གསེར་གྱི་ཕྱེ་ཐང་རྐང་རྗེས་གསར་བ་དགོད་ལ་རེ།།
བྲག་རིའི་མགུལ་བར་མཛའ་གཅུགས་མཚོ་མོ་རྔམ་གྱིས་འཁྱུད་ཀྱིན་ཆོ་ངེ་འདེབས།།

འདོད་ལྡན་དྲོད་རླུང་བརྩེ་ཞེན་ཤུགས་ཀྱིས་གང་གི་འཇིངས་སུ་ཞུགས་དང་ལྷན།།
རབ་རྒྱས་དཀར་མཛེས་རྦ་ཀློང་ནུ་འབུར་སྔོན་མེད་བདེ་བ་ཆེན་པོར་འཁྱོམ།།

མཚོ་རླབས་དགའ་བདེར་འཕྱོ་བའི་ངད་ཀྱིས་ཁོར་ཡུག་སྐྱེད་ཚལ་སྲེད་ལྡན་གྱུར།།
ལྷང་ངེར་མངོན་པའི་ངོགས་ཀྱི་འཕོངས་ལ་ཆུ་གོས་སྔོན་མོ་ཡང་ཡང་འཐེན།།
                               འཚོ་གཞེས།
འཚོ་གཞེས་འདི་ནི་ཕ་མཐའ་ཡས་པའི་རིན་ཆེན་འབྱུང་གནས་ཤིག་དང་འདྲ།།
ཁྱོད་ཉིད་ཡོར་མོ་རྣམ་པར་སྒྲེང་བའི་གྲུ་གཟིངས་ཤིག་དང་ཀུན་ནས་མཚུངས།།

འཚོ་བའི་རྒྱ་མཚོར་ཞི་ཞིང་འཇགས་པའི་གོ་སྐབས་ནམ་ཡང་བྲལ་པས་ན།།
ཉིད་ཀྱི་ཡིད་མཚོ་སྔོན་མོ་རུ་ཡང་དགའ་སྐྱོ་ཁྲོ་སྡུག་རླབས་སུ་འཕྱོ།།

སྐབས་འགར་དྲག་ཆར་རླུང་ཆེན་ཁྲོད་དུ་སྔོན་སྐྱོད་ཁ་ཕྱོགས་སྟོར་ན་ཡང༌།།
ལན་རེར་སྣང་བྱེད་མཚར་སྡུག་ཁྲོད་དུ་ཞི་བདེ་ལྷོད་བག་སྤྱོད་པར་འགྱུར།།

འོན་ཏང་ཁྱོད་ཉིད་མཚུངས་མེད་བློ་སྤོབས་མི་ཕྱེད་བརྟུལ་ཞུགས་ཆེན་པོ་ཡིས།།
གཞར་ཡང་དབའ་རླབས་རྩེ་མོ་དག་དང་རླུང་གི་སྒོ་མོ་བརྒྱུད་དགོས་ལགས།།
                     གླུ་སྐད།
ནམ་མཁའི་དབྱིངས་ནས་དཔག་ཚད་དུ་མའི་གཅོང་རོང་མཐིལ་ལ་ཆད་མེད་དུ།།
ཐག་སྐད་བྱེ་བས་བསྟུད་མར་མཆོང་བའི་རྦབ་ཆུའི་རྣམ་ཤེས་བདག་ལ་ཞུགས།།

ཚོགས་སྤྱིའི་མི་བཟད་འུར་ཟིང་བབ་ཅོལ་དག་དང་རིང་དུ་གྱེས་པ་ཡི།།
སྟོང་འཇགས་བས་མཐའི་རྣ་བའི་བཅུད་ལེན་སྙན་ངག་འགྱུར་ཁུགས་ཁོ་བོར་རྫོགས།།

ཡང་ཟོར་ལྡན་པར་ནོར་འཛིན་ཕྱོགས་ཆ་རང་སྣང་སྐྱིད་པར་འགྲིམ་པ་ཡི།།
སྔོན་དུ་སྐྱོད་པའི་ཞབས་སྐྱེས་སྟབས་ཀྱིས་རྨི་ལམ་རྒྱ་མཚོར་རླབས་ཕྲེང་བསླངས།།

བདག་གི་གསང་མཐོའི་གླུ་སྐད་སྙན་མོར་མི་ཕྱེད་དང་བ་དད་པ་ཡིས།།
ཁ་ཁུ་སིམ་མེར་གཏན་དུ་རོལ་པ་རི་ཀླུང་ནགས་མའི་ལྷིང་འཇགས་ཉིད།།

རྩོམ་ཁུངས། ༢༠༡༠ལོའི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་འོད་དང་མཚོ་རླབས།

2010-06-07 ལྷ་རྒྱལ་ཚེ་རིང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།