གྲོགས་པོ་ཞིག་ལ་དྲ་ཐོག་ནས་སྤྲིངས་པའི་འཕྲིན།

ཁ་ཐག་རིང་རིང་ས་ན་གནས་གྱུར་ཀྱང༌།།
སེམས་ཐག་ཉེ་ཉེར་ཡོད་པའི་མཆེད་གྲོགས་ཀྱི།།
སྤྱན་ཟུང་ཀེམ་ཀེམ་གཡོ་བའི་གཟིགས་མོ་རུ།།
དྲ་རྒྱའི་མྱུར་མྱུར་སྐུད་ལམ་བརྒྱུད་ནས་ནི།།
ཚིག་ཕྲེང་དུམ་དུམ་འགའ་ལས་མེད་ན་ཡང༌།།
བརྩེ་ཞེན་ཟབ་ཟབ་གཏིང་མཐའ་མི་མངོན་པའི།།
སྙིང་གཏམ་རྡོག་རྡོག་རི་མོར་ཕབ་པ་ཡི།།
ཞུ་འཕྲིན་བསྡུས་བསྡུས་བུ་རམ་འདྲ་འདི་འབུལ།།
ཆར་སྤྲིན་ལོང་ལོང་འཁྲིགས་པའི་ཀློང་དཀྱིལ་ནས།།
འབྲུག་སྒྲ་ལྡིར་ལྡིར་གྲགས་པས་རྣ་འོན་ཅིང༌།།
གློག་དམར་ལམ་ལམ་འཁྱུག་པས་མིག་སྲེག་པའི།།
དུས་ཀྱི་རྔམ་རྔམ་འཇིསག་པས་མ་གཙེས་པར།།
ལུས་སེམས་ལྷོད་ལྷོད་ངང་དུ་བཞིགས་ལགས་སམ།།
ས་སྟེང་ཁྲ་ཁྲ་རིག་རིག་གིས་གང་ཞིང༌།།
གང་སར་འུར་འུར་ཟིང་ཟིང་ཆེ་ན་ཡང༌།།
རང་སེམས་དེ་དེའི་དབང་དུ་མ་གྱུར་པར།།
རང་ཚུགས་ཐུབ་ཐུབ་ཚུལ་དུ་གནས་ལགས་སམ།།
སྐྲ་ལོ་དཀར་དཀར་གཡང་མོ་ལུག་ཁྱུ་ལས།།
འཕེལ་ཁ་ངེས་ངེས་མྱུར་བ་བདག་ཉིད་ཀྱང༌།།
སྐྱིད་སྡུག་སོ་སོའི་བྲོ་བ་མྱོང་བཞིན་དུ།།
ཡིད་སེམས་བློང་བློང་ངང་དུ་ཁྱེད་ཉིད་དང༌།།
མཇལ་འཛོམས་མྱུར་མྱུར་འབྱུང་བར་རེ་ཞིག་སྒུག།
རང་བློ་སྟུག་སྟུག་མུན་པས་བསྒྲིབས་ན་ཡང༌།།
སྨག་ལ་གསལ་སྒལ་སྒྲོན་མེ་འདེགས་པ་བཞིན།།
ན་ཚོད་གཞོན་གཞོན་སློབ་བུའི་གྲལ་མགོ་རུ།།
འགྲེང་ནས་མཁས་མཁས་ཉམས་སྟོན་ཡི་རེ་མུག།
ཡིན་ཀྱང་དཀར་དཀར་ལྷག་བསམ་དུང་གི་མདོག།
དུས་ཀུན་ནག་ནོག་དྲི་མས་མ་གོས་པར།།
རང་རིགས་གཅེས་གཅེས་སློབ་ཕྲུག་དེ་ཚོ་ལ།།
ཕན་སྐྱེད་ལེགས་ལེགས་བྱུང་ན་སྙམ་པའི་བློས།།
སློབ་སྟོན་ནན་ནན་གཡེལ་མེད་བྱེད་ཁུལ་ལགས།།
གྲང་རླུང་ཤུར་ཤུར་ལྡང་བའི་ནམ་ཟླ་རུ།།
ཁ་བ་ལྷབ་ལྷབ་འབབ་པའི་དཔུང་དང་བཅས།།
ཆམ་རིམས་འཇིགས་འཇིགས་གང་སར་མཆེད་པ་ལ།།
ཐུགས་ཟོན་འཛེམ་འཛེམ་གནང་བ་སྐབས་དོན་ལགས།།
གདོས་བཅས་ཡོར་ཡོར་ལུས་འདི་མ་བདེ་ན།།
སེམས་པ་ཡེངས་ཡེངས་བདེ་བའི་སྐབས་མེད་པས།།
གཞོམ་མེད་མཁྲེགས་མཁྲེགས་རྡོ་རྗེ་སྐུ་ལུས་དེ།།
ཚི་འདིར་རེམ་རེམ་མངོན་དུ་མ་གྱུར་པར།།
མིང་འདོགས་དཀའ་དཀའི་ནད་ཡམས་ཆད་མེད་དུ།།
འབྱུང་བཞིན་ཡོད་ཡོད་འདི་ཡིས་མི་གཙེ་ཕྱིར།།
ཟས་སྤྱོད་གཟབ་གཟབ་གནང་བ་ཅིས་ཀྱང་གལ།།
རིང་ནས་འདྲིས་འདྲིས་སྨོན་འདྲིན་གྲོགས་ཁྱོད་ཉིད།།
བྱ་བར་བྲེལ་བྲེལ་ཆེ་ཡང་དུས་རྟག་ཏུ།།
བསླབ་བྱར་འབད་འབད་ཧུར་ཐག་བྱེད་པ་ལ།།
བདག་གིས་ཡང་ཡང་རི་རང་བྱེད་ཅིང་མཆིས།།
ལྷག་པར་མང་མང་ཡོངས་ལ་ཕན་པ་ཡི།།
ཕྱག་རྩོམ་སྙན་སྙན་རྒྱུན་མར་སྤེལ་བ་དེ།།
རྩ་འགངས་ཆེ་ཆེ་བསིལ་ལྗོངས་རིག་གནས་ཀྱི།།
གཟི་འོད་ལམ་ལམ་འཕྲོ་བའི་རྒྱན་དུ་ཆེ།།
དེང་དུས་ཅིག་ཅིག་ཡིན་རློམ་སྐྱེ་བོ་འགའ།།
གནས་ལུགས་བདེན་བདེན་རྗེས་སུ་མི་འབྲང་བར།།
གསར་རྙིང་ཤུབ་ཤུབ་རྩོད་ལ་དགའ་བ་དེ།།
འདུན་མ་ཤིག་ཤིག་དཀྲུགས་པའི་གཤེད་མ་སྟེ།།
ཀན་ན་མཐོ་མཐོའི་མིང་བྱང་ཅན་འགས་ཀྱང༌།།
ངེས་དོན་ཟབ་ཟབ་བློ་ཡིས་མ་ཆུན་པར།།
བབ་ཅོལ་ཐོལ་ཐོལ་སྨྲ་བ་ལྷུར་བླངས་ཏེ།།
ཁེ་གྲགས་ཆེ་ཆེ་འཚོལ་བ་མ་མཐོང་ངམ།།
དེ་ཕྱིར་འགྲིག་འགྲིག་འདྲ་ཆགས་བཤད་སྒྲོས་ཀྱི།།
རྗེས་སུ་འདུར་འདུར་གཡམ་རྒྱུག་མི་བྱེད་ཅིང༌།།
ཨ་གསར་བཤད་བཤད་བདེ་པར་མི་རློམ་པར།།
བདེན་རྫུན་སོ་སོའི་སྤུ་རིས་འབྱེད་པར་འཚལ།།
བློ་སེམས་མཐུན་མཐུན་སྤུན་གྲོགས་གང་ཉིད་ཀྱི།།
ལུས་ལ་བརྗིད་བརྗིད་གངས་རིའི་བཀྲག་མདངས་གསལ།།
ངག་ལ་ལྷང་ལྷང་གཏམ་སྙན་དབྱངས་སུ་འཁྲོལ།།
ཡིད་ལ་འཚེར་འཚེར་ཉི་ཟླའི་འོད་སྣང་འཁྱིལ།།
ནད་མེད་བདེ་བདེས་མི་ཚེ་འཁྱོལ་དང་ལྷན།།
ཕྱག་རྗེས་གསལ་གསལ་གངས་རིའི་འགོད་ནུས་ཤོག།
རིང་ནས་དུངས་དུངས་སྙིང་ལ་བརྣགས་པའི་གཏམ།།
བརྗོད་འདོད་ཆེ་ཆེའི་སྐད་ཆ་མང་ན་ཡང༌།།
ད་ལན་ཉུང་ཉུང་འདི་ཡིས་འཐུས་པར་བྱ།།
ནམ་ཞིག་འཛུམ་འཛུམ་དགྱེས་ཞལ་མཇལ་བའི་ཚེ།།
ནང་གཏམ་ལྷུག་ལྷུག་གླེང་ངོ་བརྩེ་བའི་གྲོགས།།

རྩོམ་ཁུངས། ༢༠༡༠ལོའི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོགས་པོ་ཞིག་ལ་དྲ་ཐོག་ནས་སྤྲིངས་པའི་འཕྲིན།

2010-06-07 སྒོམ་པ་བཀྲ་ཤིས། ཀློག་གྲངས། མཆན ཡོད།

ཁ་ཐག་རིང་རིང་ས་ན་གནས་གྱུར་ཀྱང༌།།
སེམས་ཐག་ཉེ་ཉེར་ཡོད་པའི་མཆེད་གྲོགས་ཀྱི།།
སྤྱན་ཟུང་ཀེམ་ཀེམ་གཡོ་བའི་གཟིགས་མོ་རུ།།
དྲ་རྒྱའི་མྱུར་མྱུར་སྐུད་ལམ་བརྒྱུད་ནས་ནི།།
ཚིག་ཕྲེང་དུམ་དུམ་འགའ་ལས་མེད་ན་ཡང༌།།
བརྩེ་ཞེན་ཟབ་ཟབ་གཏིང་མཐའ་མི་མངོན་པའི།།
སྙིང་གཏམ་རྡོག་རྡོག་རི་མོར་ཕབ་པ་ཡི།།
ཞུ་འཕྲིན་བསྡུས་བསྡུས་བུ་རམ་འདྲ་འདི་འབུལ།།
ཆར་སྤྲིན་ལོང་ལོང་འཁྲིགས་པའི་ཀློང་དཀྱིལ་ནས།།
འབྲུག་སྒྲ་ལྡིར་ལྡིར་གྲགས་པས་རྣ་འོན་ཅིང༌།།
གློག་དམར་ལམ་ལམ་འཁྱུག་པས་མིག་སྲེག་པའི།།
དུས་ཀྱི་རྔམ་རྔམ་འཇིསག་པས་མ་གཙེས་པར།།
ལུས་སེམས་ལྷོད་ལྷོད་ངང་དུ་བཞིགས་ལགས་སམ།།
ས་སྟེང་ཁྲ་ཁྲ་རིག་རིག་གིས་གང་ཞིང༌།།
གང་སར་འུར་འུར་ཟིང་ཟིང་ཆེ་ན་ཡང༌།།
རང་སེམས་དེ་དེའི་དབང་དུ་མ་གྱུར་པར།།
རང་ཚུགས་ཐུབ་ཐུབ་ཚུལ་དུ་གནས་ལགས་སམ།།
སྐྲ་ལོ་དཀར་དཀར་གཡང་མོ་ལུག་ཁྱུ་ལས།།
འཕེལ་ཁ་ངེས་ངེས་མྱུར་བ་བདག་ཉིད་ཀྱང༌།།
སྐྱིད་སྡུག་སོ་སོའི་བྲོ་བ་མྱོང་བཞིན་དུ།།
ཡིད་སེམས་བློང་བློང་ངང་དུ་ཁྱེད་ཉིད་དང༌།།
མཇལ་འཛོམས་མྱུར་མྱུར་འབྱུང་བར་རེ་ཞིག་སྒུག།
རང་བློ་སྟུག་སྟུག་མུན་པས་བསྒྲིབས་ན་ཡང༌།།
སྨག་ལ་གསལ་སྒལ་སྒྲོན་མེ་འདེགས་པ་བཞིན།།
ན་ཚོད་གཞོན་གཞོན་སློབ་བུའི་གྲལ་མགོ་རུ།།
འགྲེང་ནས་མཁས་མཁས་ཉམས་སྟོན་ཡི་རེ་མུག།
ཡིན་ཀྱང་དཀར་དཀར་ལྷག་བསམ་དུང་གི་མདོག།
དུས་ཀུན་ནག་ནོག་དྲི་མས་མ་གོས་པར།།
རང་རིགས་གཅེས་གཅེས་སློབ་ཕྲུག་དེ་ཚོ་ལ།།
ཕན་སྐྱེད་ལེགས་ལེགས་བྱུང་ན་སྙམ་པའི་བློས།།
སློབ་སྟོན་ནན་ནན་གཡེལ་མེད་བྱེད་ཁུལ་ལགས།།
གྲང་རླུང་ཤུར་ཤུར་ལྡང་བའི་ནམ་ཟླ་རུ།།
ཁ་བ་ལྷབ་ལྷབ་འབབ་པའི་དཔུང་དང་བཅས།།
ཆམ་རིམས་འཇིགས་འཇིགས་གང་སར་མཆེད་པ་ལ།།
ཐུགས་ཟོན་འཛེམ་འཛེམ་གནང་བ་སྐབས་དོན་ལགས།།
གདོས་བཅས་ཡོར་ཡོར་ལུས་འདི་མ་བདེ་ན།།
སེམས་པ་ཡེངས་ཡེངས་བདེ་བའི་སྐབས་མེད་པས།།
གཞོམ་མེད་མཁྲེགས་མཁྲེགས་རྡོ་རྗེ་སྐུ་ལུས་དེ།།
ཚི་འདིར་རེམ་རེམ་མངོན་དུ་མ་གྱུར་པར།།
མིང་འདོགས་དཀའ་དཀའི་ནད་ཡམས་ཆད་མེད་དུ།།
འབྱུང་བཞིན་ཡོད་ཡོད་འདི་ཡིས་མི་གཙེ་ཕྱིར།།
ཟས་སྤྱོད་གཟབ་གཟབ་གནང་བ་ཅིས་ཀྱང་གལ།།
རིང་ནས་འདྲིས་འདྲིས་སྨོན་འདྲིན་གྲོགས་ཁྱོད་ཉིད།།
བྱ་བར་བྲེལ་བྲེལ་ཆེ་ཡང་དུས་རྟག་ཏུ།།
བསླབ་བྱར་འབད་འབད་ཧུར་ཐག་བྱེད་པ་ལ།།
བདག་གིས་ཡང་ཡང་རི་རང་བྱེད་ཅིང་མཆིས།།
ལྷག་པར་མང་མང་ཡོངས་ལ་ཕན་པ་ཡི།།
ཕྱག་རྩོམ་སྙན་སྙན་རྒྱུན་མར་སྤེལ་བ་དེ།།
རྩ་འགངས་ཆེ་ཆེ་བསིལ་ལྗོངས་རིག་གནས་ཀྱི།།
གཟི་འོད་ལམ་ལམ་འཕྲོ་བའི་རྒྱན་དུ་ཆེ།།
དེང་དུས་ཅིག་ཅིག་ཡིན་རློམ་སྐྱེ་བོ་འགའ།།
གནས་ལུགས་བདེན་བདེན་རྗེས་སུ་མི་འབྲང་བར།།
གསར་རྙིང་ཤུབ་ཤུབ་རྩོད་ལ་དགའ་བ་དེ།།
འདུན་མ་ཤིག་ཤིག་དཀྲུགས་པའི་གཤེད་མ་སྟེ།།
ཀན་ན་མཐོ་མཐོའི་མིང་བྱང་ཅན་འགས་ཀྱང༌།།
ངེས་དོན་ཟབ་ཟབ་བློ་ཡིས་མ་ཆུན་པར།།
བབ་ཅོལ་ཐོལ་ཐོལ་སྨྲ་བ་ལྷུར་བླངས་ཏེ།།
ཁེ་གྲགས་ཆེ་ཆེ་འཚོལ་བ་མ་མཐོང་ངམ།།
དེ་ཕྱིར་འགྲིག་འགྲིག་འདྲ་ཆགས་བཤད་སྒྲོས་ཀྱི།།
རྗེས་སུ་འདུར་འདུར་གཡམ་རྒྱུག་མི་བྱེད་ཅིང༌།།
ཨ་གསར་བཤད་བཤད་བདེ་པར་མི་རློམ་པར།།
བདེན་རྫུན་སོ་སོའི་སྤུ་རིས་འབྱེད་པར་འཚལ།།
བློ་སེམས་མཐུན་མཐུན་སྤུན་གྲོགས་གང་ཉིད་ཀྱི།།
ལུས་ལ་བརྗིད་བརྗིད་གངས་རིའི་བཀྲག་མདངས་གསལ།།
ངག་ལ་ལྷང་ལྷང་གཏམ་སྙན་དབྱངས་སུ་འཁྲོལ།།
ཡིད་ལ་འཚེར་འཚེར་ཉི་ཟླའི་འོད་སྣང་འཁྱིལ།།
ནད་མེད་བདེ་བདེས་མི་ཚེ་འཁྱོལ་དང་ལྷན།།
ཕྱག་རྗེས་གསལ་གསལ་གངས་རིའི་འགོད་ནུས་ཤོག།
རིང་ནས་དུངས་དུངས་སྙིང་ལ་བརྣགས་པའི་གཏམ།།
བརྗོད་འདོད་ཆེ་ཆེའི་སྐད་ཆ་མང་ན་ཡང༌།།
ད་ལན་ཉུང་ཉུང་འདི་ཡིས་འཐུས་པར་བྱ།།
ནམ་ཞིག་འཛུམ་འཛུམ་དགྱེས་ཞལ་མཇལ་བའི་ཚེ།།
ནང་གཏམ་ལྷུག་ལྷུག་གླེང་ངོ་བརྩེ་བའི་གྲོགས།།

རྩོམ་ཁུངས། ༢༠༡༠ལོའི་སྦྲང་ཆར་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།