རྫ་ཆུའི་འབབ་སྒྲ།

བྱ་གཞུང་ཆོས་ཐར་ཡག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-05

བརྗིད་ཆགས་གངས་རིའི་མགུལ་དུ་འཕྱང་བའི་དྭངས་གསལ་རྫ་ཆུ་བསིལ་མ་ང༌།།
ལྷག་བསམ་དཀར་བོའི་བྱམས་བརྩེ་མངོན་ཞིང་ལྷུང་ལྷུང་གླུ་སྒྲ་སྒྲོག་བཞིན་དུ།།
གྲང་རེག་བུ་མོའི་ཏིང་འཛིན་ཀློང་ནས་འཕྱོ་ཞིང་ཐོལ་གྱིས་རྡོལ་བཞིན་དུ།།
དྲོ་སྐྱིད་དབྱར་གྱི་དགའ་སྟོན་བསུ་བཞིན་སྲིད་པའི་ཀློང་ལ་འདི་སྐད་སྨྲས།།

གཏིང་ཟབ་ཆུ་སྲིན་གྲོང་ཁྱེར་དང་ནི་མུ་མེད་ལྷ་ཡི་རྫིང་རིང་ལ།།
འགྲན་པའི་སྟོབས་དང་རྒོལ་བའི་མཐུ་ནི་བདག་ལ་གང་ཡང་མ་མཆིས་མོད།།
གངས་དཀར་ཨ་མའི་མངལ་ལས་བརྡོལ་བའི་དྲི་མེད་རྫ་ཆུ་བསིལ་མ་ང༌།།
གངས་དཀར་ལྷུན་པོའི་དབུ་འཕང་མཐོ་བས་གངས་སེང་གཡུ་རལ་དགུང་ལ་འཕྱོ།།

གངས་ལྗོངས་ཕྱུག་མོའི་སྙིང་ནོར་སྐྱོང་བའི་སྨུག་པོ་འབྲོང་གིས་ཕ་ས་མནན།།
གངས་རིའི་ལས་དང་བདེན་དོན་སྲུང་བའི་རྒྱ་སྟག་དམར་པོའི་དཔུང་རོགས་བཙན།།
གངས་ཕྲུག་གཞོན་ནུ་སྐྱེ་ས་དེ་ཡང་མ་ཡུམ་གངས་ལྗོངས་འདི་ཡིན་ནོ།།
འདི་ལ་ཡིད་ཆེས་དང་བ་ཟབ་པས་སྐྱབས་བཅོལ་རེ་བའི་གུས་ཕྱག་འབུལ།།

འདི་ལ་ཤ་རུས་བརྩེ་འདང་ཆེ་བས་སྙན་མོ་གླུ་ཡིས་ཡང་ཡང་བསྟོད།།
འདིས་ཀྱང་གངས་རིའི་གཞོན་ནུ་རྣམས་ལ་ཤེས་བྱའི་ཡོན་ཏན་སྦྱིན་པར་མཛོད།།
འདིས་ཀྱང་ཁ་བ་ཅན་གྱི་ཞིང་ལ་བདེ་སྐྱིད་དཔལ་དུ་བསྩལ་བར་སྨོན།།
འདི་ལྟར་ང་ཚོའི་སྙིང་ལ་འཁྱིལ་བའི་ཀྱེ་ཀྱེ་མ་ཡུམ་གངས་ལྗོངས་ལགས།།

འདི་ལྟར་ལོ་རྒྱུས་དགེ་མཚན་མང་བའི་མེས་པོའི་བླ་མཁར་ཁྱོད་ལ་ལྡན།།
འདི་ལྟར་ངོ་མཚར་བརྗོད་དུ་མེད་པའི་ལང་ཚོའི་འཇོན་ཐང་ཁྱོད་ལ་རྫོགས།།
འདི་ལྟར་འཚོ་བཞིན་མ་འོངས་དུས་ཀྱང་ཁྱེད་ཀྱི་མཛད་འཕྲིན་རྒྱས་པར་ཤོག།
སྨན་ལྗོངས་སྒེག་མོར་མཛེས་པར་འཁྱུད་པའི་མེ་ཏོག་སྟོང་གི་རྣམ་ཤེས་ཡིན།།

ཐུལ་དཀར་འབྲི་མོའི་འོ་མ་དང་ནི་བདུད་རྩི་ཆང་གི་བཟི་ཁ་བཞིན།།
ཞིམ་མངར་བྲོ་བའི་སྐོམ་གདུང་སེལ་བའི་ངོ་བོ་ཅི་ཡང་མ་མཆིས་ལ།།
བདེ་མོའི་ཐང་ན་དར་དཀར་འཐེན་འདྲའི་རེག་འཇམ་དགུ་ཚིགས་སྐྱོ་མོ་ང༌།།
ཟླུམ་གཟུགས་གོ་ལའི་གོས་སུ་བཀླུབས་པའི་སྐྱེ་དངོས་ཚོགས་ཀྱི་འབྱུང་རྩ་ཡིན།།

རྐྱང་རྒོད་གཡེར་བའི་བང་རྩལ་དང་ནི་མཁའ་ལྡིང་རྒོད་པོའི་གཤོག་འགྱུར་གྱི།།
འགྲོས་མྱུར་གློག་དམར་འཁྱུག་པའི་གར་སྟབས་བདག་ལུས་ཕྲོ་མོར་མ་འཛོམས་ཀྱང༌།།
རི་ལུང་སྟོང་གི་འགག་འཕྲང་གཏོར་ལ་དཔར་བོའི་རྫ་ཆུ་དྭངས་མོ་ང༌།།
བདེ་སྐྱིད་ཉི་མ་ཐོད་དུ་བཅིངས་པའི་ནད་རིགས་ཀུན་གྱི་གཉེན་པོ་ཡིན།།

དབྱར་གསུམ་རྔ་སྒྲའི་ངར་སྐད་དང་ནི་རྒྱ་ནག་ལྕགས་རི་རིང་བོ་ཡི།།
སྙན་གྲགས་བ་དན་སྲིད་རྩེར་གཡོ་བའི་ཟིལ་ཤུགས་བདག་ལ་ཕྲ་ནའང༌།།
འཁྱག་དར་སྲ་མོའི་སྦུབས་ལས་གྲོལ་པའི་རླན་གཤེར་ལྷ་ཆབ་སྔོན་མོ་ང༌།།
མཐོ་གཞོངས་མ་མའི་ལྟོ་བར་རྒྱུ་བའི་ཉིན་བྱེད་གཞོན་ནུའི་ཕོ་ཉ་ཡིན།།

ཐོལ་ཁྱིལ་ཡེར་མོས་ཡིད་དབང་འཕྲོག་པའི་ཉམས་དགའི་རྫ་ཆུ་བསིལ་མ་ངས།།
ཁྲི་ཕྲག་རི་ལུང་ཕ་མཐར་བརྒལ་ནས་གསེར་གྱི་གླེགས་བམ་ཕྲག་ཏུ་ཁུར།།
སཱ་ལའི་ལྗོངས་ཀྱི་འགྲོ་བའི་ཚོགས་ལ་བླང་དོར་འབྱེད་པའི་ལྡེ་མིག་སྤྲད།།
དུང་ཕྱུར་སྐྱེ་རྒུའི་ལམ་བཟང་བསྐྲུན་པ་ཆུ་མོ་ང་ཡི་ཞབས་རྗེས་ཡིན།།
དལ་འགྲོ་གོམ་པས་ནོར་འཛིན་གཞི་ལ་པ་ཏྲའི་རི་མོ་སྣོལ་བཞིན་དུ།།
དགུན་གསུམ་ཁ་བའི་འདབ་མ་དཀར་པོར་གྱེས་པའི་ལག་ཟུང་གཡུག་བཞིན་དུ།།
སྟོང་ཕྲག་འབྱམས་ཀླས་སྐྱེ་འགྲོའི་ཚོགས་ལ་སོར་བཅུའི་འདབ་མ་བརྐྱངས་པ་འདི།།
ཉིན་མཚན་ཐུན་གྱི་སེམས་འགྱུ་ཕྲ་མོ་རིག་བྱེད་བསྟར་ལ་བརྒྱུས་པ་ཙམ།།

རྩོམ་ཁུངས། ༢༠༠༩ལོའི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྫ་ཆུའི་འབབ་སྒྲ།

2010-06-05 བྱ་གཞུང་ཆོས་ཐར་ཡག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།