བར་ཐག་གི་འཁྱུག་རིས།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-25

བཙན་པོའི་ཕྲེང་བ་དོག་མོའི་འོབས་སུ་འཐོར།།

རྗེ་བོའི་མངའ་ཐང་ཟིན་མེད་འཇའ་རུ་གྲུབ།།

དཔའ་བོའི་གད་རྒྱངས་རླུང་དང་བསེར་བུས་ཁུར།།

ང་དང་མེས་པོའི་བར་ཐག་འཁྱུག་རིས་ཤིག།

 

གངས་ཀྱི་གློ་མཆིན་འཕྲུལ་གྱི་འཁོར་ལོས་བྲེགས།།

གཙང་གསུམ་ཆུ་བོ་ལྕགས་ཀྱི་སྦུ་གུར་དྲངས།།

ཡུལ་གྱི་རྩྭ་ཐང་བྱེ་མའི་རླབས་ཀྱིས་མནན།།

ང་དང་ཕ་སའི་བར་ཐག་འཁྱུག་རིས་ཤིག།

 

དབྱངས་གསལ་སོ་བཞིར་མི་སྡུག་མཚོན་རྩི་བསྒོས།།

ངག་གི་གདངས་ལ་བསླད་མའི་དྲི་ཞིག་འཐུལ།།

རྒྱབ་ཀྱི་སློག་པ་འགྱིག་གི་ལྭ་བར་བརྗེས།།

ང་དང་བོད་མིའི་བར་ཐག་འཁྱུག་རིས་ཤིག།

 

དབུས་ཀྱི་ཇོ་བོ་ལྷ་སའི་ཚོང་རྫས་རེད།།

ཙོང་ཁའི་སྐུ་འབུམ་ཨ་མདོའི་རྒྱ་སྡེ་རེད།།

མདོ་སྨད་བླ་བྲང་མདོ་ལྷོའི་དཀོར་མཛོད་རེད།།

ང་དང་བོད་ཀྱི་བར་ཐག་འཁྱུག་རིས་ཤིག།

 

བོད་ཀྱི་དཔོན་པོ་ཕལ་ཆེར་ལོང་བ་ཡིན།།

བོད་ཀྱི་ལས་བྱེད་ཕོ་མོ་གླང་ཞོན་ཡིན།།

བོད་ཀྱི་བླ་སྤྲུལ་མང་ཤས་ས་རྡོ་ཡིན།།

ང་དང་སློབ་གསོའི་བར་ཐག་འཁྱུག་རིས་ཤིག།

 

ཁྱེད་ཀྱི་འདོད་པ་གསེར་གྱི་ཁྲི་ཞིག་རེད།།

ང་ལ་མཁོ་བ་དམའ་མོའི་གདན་ཞིག་ཡིན།།

འུ་གཉིས་བསམ་བློ་མེ་ཆུ་རང་འཕྲད་རེད།།

ཁྱོད་དང་ང་ཡི་བར་ཐག་འཁྱུག་རིས་ཤིག།

 

སྤྲུལ་སྐུའི་མཛད་པ་སྐྱ་བོའི་གྲོང་ན་ཡོད།།

སྤྲུལ་སྐུའི་ཉམས་ལེན་འཁོར་བའི་མཚོ་ན་ཡོད།།

སྤྲུལ་སྐུའི་གསང་རྣམ་རིག་མའི་རུམ་ན་ཡོད།།

ང་དང་སྤྲུལ་སྐུའི་བར་ཐག་འཁྱུག་རིས་ཤིག།

 

གྲོགས་ཀྱི་དྭངས་མ་ཐོབ་དང་སྙན་གྱིས་བསླུས།།

ལུག་ཆུང་འཚོ་རོགས་དངུལ་ལོར་བརྩེགས་མས་བསླུས།།

ཁ་ཡ་ན་ཟླ་ངོ་ཆེན་ནོར་གྱིས་བསླུས།།

ང་དང་བརྩེ་བའི་བར་ཐག་འཁྱུག་རིས་ཤིག།

2010-3-4

རྩོམ་ཁུངས། མཚན་རྨ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བར་ཐག་གི་འཁྱུག་རིས།

2010-05-25 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

བཙན་པོའི་ཕྲེང་བ་དོག་མོའི་འོབས་སུ་འཐོར།།

རྗེ་བོའི་མངའ་ཐང་ཟིན་མེད་འཇའ་རུ་གྲུབ།།

དཔའ་བོའི་གད་རྒྱངས་རླུང་དང་བསེར་བུས་ཁུར།།

ང་དང་མེས་པོའི་བར་ཐག་འཁྱུག་རིས་ཤིག།

 

གངས་ཀྱི་གློ་མཆིན་འཕྲུལ་གྱི་འཁོར་ལོས་བྲེགས།།

གཙང་གསུམ་ཆུ་བོ་ལྕགས་ཀྱི་སྦུ་གུར་དྲངས།།

ཡུལ་གྱི་རྩྭ་ཐང་བྱེ་མའི་རླབས་ཀྱིས་མནན།།

ང་དང་ཕ་སའི་བར་ཐག་འཁྱུག་རིས་ཤིག།

 

དབྱངས་གསལ་སོ་བཞིར་མི་སྡུག་མཚོན་རྩི་བསྒོས།།

ངག་གི་གདངས་ལ་བསླད་མའི་དྲི་ཞིག་འཐུལ།།

རྒྱབ་ཀྱི་སློག་པ་འགྱིག་གི་ལྭ་བར་བརྗེས།།

ང་དང་བོད་མིའི་བར་ཐག་འཁྱུག་རིས་ཤིག།

 

དབུས་ཀྱི་ཇོ་བོ་ལྷ་སའི་ཚོང་རྫས་རེད།།

ཙོང་ཁའི་སྐུ་འབུམ་ཨ་མདོའི་རྒྱ་སྡེ་རེད།།

མདོ་སྨད་བླ་བྲང་མདོ་ལྷོའི་དཀོར་མཛོད་རེད།།

ང་དང་བོད་ཀྱི་བར་ཐག་འཁྱུག་རིས་ཤིག།

 

བོད་ཀྱི་དཔོན་པོ་ཕལ་ཆེར་ལོང་བ་ཡིན།།

བོད་ཀྱི་ལས་བྱེད་ཕོ་མོ་གླང་ཞོན་ཡིན།།

བོད་ཀྱི་བླ་སྤྲུལ་མང་ཤས་ས་རྡོ་ཡིན།།

ང་དང་སློབ་གསོའི་བར་ཐག་འཁྱུག་རིས་ཤིག།

 

ཁྱེད་ཀྱི་འདོད་པ་གསེར་གྱི་ཁྲི་ཞིག་རེད།།

ང་ལ་མཁོ་བ་དམའ་མོའི་གདན་ཞིག་ཡིན།།

འུ་གཉིས་བསམ་བློ་མེ་ཆུ་རང་འཕྲད་རེད།།

ཁྱོད་དང་ང་ཡི་བར་ཐག་འཁྱུག་རིས་ཤིག།

 

སྤྲུལ་སྐུའི་མཛད་པ་སྐྱ་བོའི་གྲོང་ན་ཡོད།།

སྤྲུལ་སྐུའི་ཉམས་ལེན་འཁོར་བའི་མཚོ་ན་ཡོད།།

སྤྲུལ་སྐུའི་གསང་རྣམ་རིག་མའི་རུམ་ན་ཡོད།།

ང་དང་སྤྲུལ་སྐུའི་བར་ཐག་འཁྱུག་རིས་ཤིག།

 

གྲོགས་ཀྱི་དྭངས་མ་ཐོབ་དང་སྙན་གྱིས་བསླུས།།

ལུག་ཆུང་འཚོ་རོགས་དངུལ་ལོར་བརྩེགས་མས་བསླུས།།

ཁ་ཡ་ན་ཟླ་ངོ་ཆེན་ནོར་གྱིས་བསླུས།།

ང་དང་བརྩེ་བའི་བར་ཐག་འཁྱུག་རིས་ཤིག།

2010-3-4

རྩོམ་ཁུངས། མཚན་རྨ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།