འཁོར་བའི་གླུ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-23

ཆུང་མ་བླངས་ན་ཁྱིམ་མགོ་མི་ཐོན་གི།།

བྱིས་པ་ལས་ན་ཆད་པ་ཕོག་ཡོང་གི།།

ཁེར་འདུག་བྱས་ན་གཉིད་རྒྱུ་མི་ཡོང་གི།།

མི་རུ་སྐྱེས་ན་སྡུག་བསྔལ་མང་གི་ཡ།།

 

གཤིན་རྗེ་ཞེས་པའི་རྒན་པོ་ཚེ་རིང་བོ།།

ལས་མཁན་ཟེར་བའི་གསར་བུ་འཆི་མེད་ཚོ།།

དམྱལ་ཁམས་ཞེས་པའི་རྒྱུ་འབྲས་འཇལ་ས་བོ།།

གང་ནས་བལྟས་ཀྱང་བདེ་བ་ཅན་ཞིག་རེད།།

 

ཕྱི་མ་བསམ་ནས་བླ་མར་ཕྱག་གསུམ་འཚལ།།

ཚེ་འདི་བསམ་ནས་དཔོན་པོར་སྐུ་གཡོག་བསྒྲུབས།།

འདི་ཕྱི་གཉིས་ཀའི་དོན་ལ་འདུར་འདུར་ནས།།

བརླིག་རྩ་རྔུལ་ཆུས་བརླན་པ་སུ་ལ་གསང༌།།

 

གྲོང་གི་ཨ་མཆོད་ཡིན་ན་སྐྱིད་པ་ལ།།

ཉིན་དཀར་རྔ་སྦུབ་གཉིས་ཀ་རྡུང་རྐྱང་རེད།།

མཚན་མོ་མུན་ནག་བྱ་བ་ལས་རྐྱང་རེད།།

ཟས་གོས་གང་འདོད་གཉིས་ཀ་སྤྱོད་རྐྱང་རེད།།

 

ཁ་སང་ཤར་ལ་སོང་ནས་མེ་ཏོག་བཏུས།།

དེ་རིང་ནུབ་ཀྱི་ཕྱོགས་ལ་གཏོར་མ་འཕངས།།

ཤར་ནུབ་གཉིས་ཀྱི་མཚམས་ལ་རྡོ་ཞིག་བཙུགས།།

རྡོ་ཡི་སྟེང་ལ་འབྲུག་རིས་དགུ་འཁྱུད་བྲིས།།

 

ཐག་རིང་རྒྱང་ཞིག་མིག་གིས་མི་མཐོང་གི།།

ཐག་ཉེའི་མི་དེ་ཡང་མོ་རླུང་ཞིག་རེད།།

རླུང་དེའི་ཁ་ཕྱོགས་དུག་ཆུའི་གཙང་བོ་རེད།།

གཙང་བོ་འབབ་ས་ང་ཡི་རྩྭ་ཐང་རེད།།

 

བྱིས་པའི་དུས་ཀྱི་རྨི་ལམ་འཚར་བོ་དེ།།

ལོ་དང་ཟླ་བའི་གྲིབ་མས་བསྣོགས་ནས་ཐལ།།

གཞོན་པའི་དུས་ཀྱི་ཕུགས་འདུན་མཛེས་པོ་འདི།།

ནམ་ཞིག་རྒ་བའི་ཁུར་གྱིས་གནོན་ངེས་སོ།།

 

ཆང་རག་འཐུང་ན་སྣང་བ་སྐྱིད་ཡོང་གི།།

དུ་བ་འཐེན་ན་འཆར་སྒོ་ཕྱེས་ཡོང་གི།།

འཁོར་བ་གླེང་ན་སྐྲག་རྒྱུ་ཐོན་ཡོང་གི།།

ཨ་ལ་ཀུ་རེས་མིན་ན་དགེ་ཕྱོགས་བོ།།

2008-10-7

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་བའི་གླུ།

2010-05-23 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

ཆུང་མ་བླངས་ན་ཁྱིམ་མགོ་མི་ཐོན་གི།།

བྱིས་པ་ལས་ན་ཆད་པ་ཕོག་ཡོང་གི།།

ཁེར་འདུག་བྱས་ན་གཉིད་རྒྱུ་མི་ཡོང་གི།།

མི་རུ་སྐྱེས་ན་སྡུག་བསྔལ་མང་གི་ཡ།།

 

གཤིན་རྗེ་ཞེས་པའི་རྒན་པོ་ཚེ་རིང་བོ།།

ལས་མཁན་ཟེར་བའི་གསར་བུ་འཆི་མེད་ཚོ།།

དམྱལ་ཁམས་ཞེས་པའི་རྒྱུ་འབྲས་འཇལ་ས་བོ།།

གང་ནས་བལྟས་ཀྱང་བདེ་བ་ཅན་ཞིག་རེད།།

 

ཕྱི་མ་བསམ་ནས་བླ་མར་ཕྱག་གསུམ་འཚལ།།

ཚེ་འདི་བསམ་ནས་དཔོན་པོར་སྐུ་གཡོག་བསྒྲུབས།།

འདི་ཕྱི་གཉིས་ཀའི་དོན་ལ་འདུར་འདུར་ནས།།

བརླིག་རྩ་རྔུལ་ཆུས་བརླན་པ་སུ་ལ་གསང༌།།

 

གྲོང་གི་ཨ་མཆོད་ཡིན་ན་སྐྱིད་པ་ལ།།

ཉིན་དཀར་རྔ་སྦུབ་གཉིས་ཀ་རྡུང་རྐྱང་རེད།།

མཚན་མོ་མུན་ནག་བྱ་བ་ལས་རྐྱང་རེད།།

ཟས་གོས་གང་འདོད་གཉིས་ཀ་སྤྱོད་རྐྱང་རེད།།

 

ཁ་སང་ཤར་ལ་སོང་ནས་མེ་ཏོག་བཏུས།།

དེ་རིང་ནུབ་ཀྱི་ཕྱོགས་ལ་གཏོར་མ་འཕངས།།

ཤར་ནུབ་གཉིས་ཀྱི་མཚམས་ལ་རྡོ་ཞིག་བཙུགས།།

རྡོ་ཡི་སྟེང་ལ་འབྲུག་རིས་དགུ་འཁྱུད་བྲིས།།

 

ཐག་རིང་རྒྱང་ཞིག་མིག་གིས་མི་མཐོང་གི།།

ཐག་ཉེའི་མི་དེ་ཡང་མོ་རླུང་ཞིག་རེད།།

རླུང་དེའི་ཁ་ཕྱོགས་དུག་ཆུའི་གཙང་བོ་རེད།།

གཙང་བོ་འབབ་ས་ང་ཡི་རྩྭ་ཐང་རེད།།

 

བྱིས་པའི་དུས་ཀྱི་རྨི་ལམ་འཚར་བོ་དེ།།

ལོ་དང་ཟླ་བའི་གྲིབ་མས་བསྣོགས་ནས་ཐལ།།

གཞོན་པའི་དུས་ཀྱི་ཕུགས་འདུན་མཛེས་པོ་འདི།།

ནམ་ཞིག་རྒ་བའི་ཁུར་གྱིས་གནོན་ངེས་སོ།།

 

ཆང་རག་འཐུང་ན་སྣང་བ་སྐྱིད་ཡོང་གི།།

དུ་བ་འཐེན་ན་འཆར་སྒོ་ཕྱེས་ཡོང་གི།།

འཁོར་བ་གླེང་ན་སྐྲག་རྒྱུ་ཐོན་ཡོང་གི།།

ཨ་ལ་ཀུ་རེས་མིན་ན་དགེ་ཕྱོགས་བོ།།

2008-10-7

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།