མི་སེམས་ཀྱི་རང་གཤིས།

དགེ་ལེགས་དཔལ་གྱི་མཚན་མ་རྫོགས་དང་གཅིག།
དགེ་བའི་ལམ་སྣེ་མ་ནོར་སྟོན་དང་གཉིས།།
དགེ་མཚན་ཕན་བདེའི་དངོས་གྲུབ་སྩོལ་དང་གསུམ།།
རིན་ཆེན་རྣམ་གསུམ་སྐྱབས་ཀྱི་རྒྱན་དུ་མཐོ།།

མི་ཡུལ་འཇིག་རྟེན་ཁམས་ནས་སྐྱེས་དང་གཅིག།
མི་ཟས་སྤྱོད་བཞིན་སྐྱིད་སྡུག་མྱོང་དང་གཉིས།།
མི་ཡི་འཚོ་བ་ལད་མོས་རོལ་དང་གསུམ།།
མི་ལུས་བླངས་པའི་གོ་རིམ་ཙམ་དུ་ངེས།།

དགའ་བའི་ཚེ་ན་དགོད་སྒྲ་སྤུར་དང་གཅིག།
སྐྱོ་བའི་དུས་ན་མིག་ཆུ་ལུད་དང་གཉིས།།
དགའ་སྐྱོ་གཉིས་ཀ་རེས་མོས་འཁོར་དང་གསུམ།།
མཐོ་དམན་མི་ཡི་རྒྱུད་ན་ནམ་ཡང་གནས།།

ཁ་སང་གྲོགས་ཀྱི་དྭངས་མར་གྱུར་དང་གཅིག།
དེ་རིང་མི་མཐུན་འཁོན་འཛིང་འབྱུང་དང་གཉིས།།
སང་ཉིན་ཕན་ཚུན་སོ་སོར་གྱེས་དང་གསུམ།།
མི་གཤིས་འགྱུར་ལྡོག་ལ་ཁའི་དར་ལྕོག་འདྲ།།

རང་ལ་ཕན་ཚེ་བཟང་བོར་རྩི་དང་གཅིག།
གལ་ཏེ་གནོད་ན་ངན་པར་སྨྲ་དང་གཉིས།།
བཟང་ངན་རྣམ་དབྱེ་འོས་མཐུན་མིན་དང་གསུམ།།
རང་ཉིད་ཁོ་ན་བསམ་པའི་སྐྱེ་བོ་མང༌།།

བརྒྱད་ཟུང་ལང་ཚོའི་ཁོ་ལག་རྫོགས་དང་གཅིག།
ཤེས་རིག་སློབ་གྲྭའི་དགའ་ཚལ་འགྲིམ་དང་གཉིས།།
མདུན་སྐྱོད་བསམ་བློའི་མིག་རྒྱང་རིང་དང་གསུམ།།
དཔྱོད་ལྡན་ཡ་རབས་གཞོན་ནུར་དོན་གྱིས་ཚང༌།།

བློ་མང་བྱ་བའི་སྣེ་མོར་འཇུས་དང་གཅིག།
གང་ལའང་འཇུག་པཔར་མཐར་ཕྱིན་མེད་དང་གཉིས།།
དུས་ཚོད་དཀོན་པོ་གཡེང་དུ་ཤོར་དང་གསུམ།།
ཐ་ཚིག་ཅང་མེད་བླུན་པོ་ང་འདྲའི་སྲོལ།།

དལ་འབྱོར་རྟེན་རྙེད་དམ་པར་འཕྲད་དང་གཅིག།
མཁོ་བའི་གདམས་ངག་འཁྲུལ་མེད་ལོན་དང་གཉིས།།
བསླབ་གསུམ་ཉམས་ལེན་འབྲལ་བ་མེད་དང་གསུམ།།
ཁྲིམས་ལྡན་ངུར་སྨྲིག་འཛིན་པ་མཆོག་གི་གཤིས།།

གྲུབ་མཐའ་བརྩད་དེ་ནང་འཁྲུག་སློང་དང་གཅིག།
རྩྭ་ས་བརྩད་དེ་ནང་དམེ་བྱེད་དང་གཉིས།།
རང་རིགས་མི་མཐུན་ཕུང་ལ་སྦྱོར་དང་གསུམ།།
དམན་པའི་མི་ལ་ཚང་བའི་ཐན་ལྟས་ཉིད།།

བོད་ཡིག་བོད་སྐད་མི་མཁོ་ཟེར་དང་གཅིག།
རྒྱལ་བའི་བསྟན་ལ་ལྟ་ཚུལ་ངན་དང་གཉིས།།
གཞན་ལྟ་མཆོག་འཛིན་ཨ་གསར་ཆེ་དང་གསུམ།།
ཆུ་སྣ་གར་ཁྲིད་བུ་ལ་ངན་མཚང་འཛོམས།།

གཤིས་རྒྱུད་མི་བཟང་ཀུན་ལ་འཁོན་དང་གཅིག།
སེམས་རྒྱདུ་མ་ཐུལ་ཆོས་པའི་ཚུལ་འཆང་གཉིས།།
རང་རྒྱུད་གདོན་གྱིས་བརླམས་པའི་ལྟ་ལོག་གསུམ།།
དུས་ངན་སྙིགས་མིའེ་མཐའ་འདིར་ཤིན་ཏུ་མང༌།།

དམ་བཅའ་མི་བརྟན་གཞན་དབང་ཤོར་དང་གཅིག།
གཅེས་འོས་ལང་ཚོ་དོན་མེདབརླགས་དང་གཉིས།།
སྤང་བླང་དབྱེ་བའི་མགོ་མཇུག་ལྡོག་དང་གསུམ།།
ཤེས་དུས་འགྱོད་པ་བླུན་པོའི་ངང་ཚུལ་ཙམ།།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་སེམས་ཀྱི་རང་གཤིས།

2010-08-29 གདོང་བཙུན་ཐར། ཀློག་གྲངས། མཆན ཡོད།

དགེ་ལེགས་དཔལ་གྱི་མཚན་མ་རྫོགས་དང་གཅིག།
དགེ་བའི་ལམ་སྣེ་མ་ནོར་སྟོན་དང་གཉིས།།
དགེ་མཚན་ཕན་བདེའི་དངོས་གྲུབ་སྩོལ་དང་གསུམ།།
རིན་ཆེན་རྣམ་གསུམ་སྐྱབས་ཀྱི་རྒྱན་དུ་མཐོ།།

མི་ཡུལ་འཇིག་རྟེན་ཁམས་ནས་སྐྱེས་དང་གཅིག།
མི་ཟས་སྤྱོད་བཞིན་སྐྱིད་སྡུག་མྱོང་དང་གཉིས།།
མི་ཡི་འཚོ་བ་ལད་མོས་རོལ་དང་གསུམ།།
མི་ལུས་བླངས་པའི་གོ་རིམ་ཙམ་དུ་ངེས།།

དགའ་བའི་ཚེ་ན་དགོད་སྒྲ་སྤུར་དང་གཅིག།
སྐྱོ་བའི་དུས་ན་མིག་ཆུ་ལུད་དང་གཉིས།།
དགའ་སྐྱོ་གཉིས་ཀ་རེས་མོས་འཁོར་དང་གསུམ།།
མཐོ་དམན་མི་ཡི་རྒྱུད་ན་ནམ་ཡང་གནས།།

ཁ་སང་གྲོགས་ཀྱི་དྭངས་མར་གྱུར་དང་གཅིག།
དེ་རིང་མི་མཐུན་འཁོན་འཛིང་འབྱུང་དང་གཉིས།།
སང་ཉིན་ཕན་ཚུན་སོ་སོར་གྱེས་དང་གསུམ།།
མི་གཤིས་འགྱུར་ལྡོག་ལ་ཁའི་དར་ལྕོག་འདྲ།།

རང་ལ་ཕན་ཚེ་བཟང་བོར་རྩི་དང་གཅིག།
གལ་ཏེ་གནོད་ན་ངན་པར་སྨྲ་དང་གཉིས།།
བཟང་ངན་རྣམ་དབྱེ་འོས་མཐུན་མིན་དང་གསུམ།།
རང་ཉིད་ཁོ་ན་བསམ་པའི་སྐྱེ་བོ་མང༌།།

བརྒྱད་ཟུང་ལང་ཚོའི་ཁོ་ལག་རྫོགས་དང་གཅིག།
ཤེས་རིག་སློབ་གྲྭའི་དགའ་ཚལ་འགྲིམ་དང་གཉིས།།
མདུན་སྐྱོད་བསམ་བློའི་མིག་རྒྱང་རིང་དང་གསུམ།།
དཔྱོད་ལྡན་ཡ་རབས་གཞོན་ནུར་དོན་གྱིས་ཚང༌།།

བློ་མང་བྱ་བའི་སྣེ་མོར་འཇུས་དང་གཅིག།
གང་ལའང་འཇུག་པཔར་མཐར་ཕྱིན་མེད་དང་གཉིས།།
དུས་ཚོད་དཀོན་པོ་གཡེང་དུ་ཤོར་དང་གསུམ།།
ཐ་ཚིག་ཅང་མེད་བླུན་པོ་ང་འདྲའི་སྲོལ།།

དལ་འབྱོར་རྟེན་རྙེད་དམ་པར་འཕྲད་དང་གཅིག།
མཁོ་བའི་གདམས་ངག་འཁྲུལ་མེད་ལོན་དང་གཉིས།།
བསླབ་གསུམ་ཉམས་ལེན་འབྲལ་བ་མེད་དང་གསུམ།།
ཁྲིམས་ལྡན་ངུར་སྨྲིག་འཛིན་པ་མཆོག་གི་གཤིས།།

གྲུབ་མཐའ་བརྩད་དེ་ནང་འཁྲུག་སློང་དང་གཅིག།
རྩྭ་ས་བརྩད་དེ་ནང་དམེ་བྱེད་དང་གཉིས།།
རང་རིགས་མི་མཐུན་ཕུང་ལ་སྦྱོར་དང་གསུམ།།
དམན་པའི་མི་ལ་ཚང་བའི་ཐན་ལྟས་ཉིད།།

བོད་ཡིག་བོད་སྐད་མི་མཁོ་ཟེར་དང་གཅིག།
རྒྱལ་བའི་བསྟན་ལ་ལྟ་ཚུལ་ངན་དང་གཉིས།།
གཞན་ལྟ་མཆོག་འཛིན་ཨ་གསར་ཆེ་དང་གསུམ།།
ཆུ་སྣ་གར་ཁྲིད་བུ་ལ་ངན་མཚང་འཛོམས།།

གཤིས་རྒྱུད་མི་བཟང་ཀུན་ལ་འཁོན་དང་གཅིག།
སེམས་རྒྱདུ་མ་ཐུལ་ཆོས་པའི་ཚུལ་འཆང་གཉིས།།
རང་རྒྱུད་གདོན་གྱིས་བརླམས་པའི་ལྟ་ལོག་གསུམ།།
དུས་ངན་སྙིགས་མིའེ་མཐའ་འདིར་ཤིན་ཏུ་མང༌།།

དམ་བཅའ་མི་བརྟན་གཞན་དབང་ཤོར་དང་གཅིག།
གཅེས་འོས་ལང་ཚོ་དོན་མེདབརླགས་དང་གཉིས།།
སྤང་བླང་དབྱེ་བའི་མགོ་མཇུག་ལྡོག་དང་གསུམ།།
ཤེས་དུས་འགྱོད་པ་བླུན་པོའི་ངང་ཚུལ་ཙམ།།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།