འཚོལ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-28

                                  _____________ཉིས་སྟོང་བདུན་ལོའི་རྒྱལ་ཡོངས་བོད་རིགས་སློབ་མའི་རྩོམ་ཡིག་འགྲན་སྡུརཁྲོད་ཕུལ་བྱུང་བྱ་དགའ་ཐོབ།
དུས་ཚོད་འཁོར་ལོའི་མདའ་རྩེ་ཟད་པོ་རིམ་གྱིས་བགྲོད་པའི་ཐག་སྒྲ་ཡིན།།
ང་རང་སྐྱིད་པའི་རྨི་ལམ་ཞིང་ནས་སྐད་ཅིག་ཉིད་དུ་དཀྲོགས་པ་ན།།
ལེ་ལོའི་ངང་ནས་དུས་ཚོད་བསྐྱལ་བའི་བུ་ཆུང་ང་ཡི་སྣང་ངོས་ལ།།
མི་རྟག་དྲ་བ་བསྣོལ་མར་བསྡེབས་པའི་ཁྲ་ཁྲའི་འཇིག་རྟེན་ཁམས་ཡངས་པོར།།
མཚར་མཚར་ལན་གཅིག་ལྟད་མོར་ཆས་པའི་འདུ་ཤེས་ཉིད་ནི་རབ་སྐྱེས་ཏེ།།
དྲི་བཞོན་བུ་མོའི་འགྲོས་དང་མཉམ་པའི་ཅང་ཤེས་རྟ་མཆོག་ལ་ཞོན་ནས།།
མུ་མཐའ་བྲལ་བའི་ནོར་འཛིན་གཞི་རུ་རྟ་ཕོའི་བང་ཁ་སྒྱུར་བཞིན་དུ།།
ཨ་ལ་ལ་མོའི་གླུ་ཆུང་ལེན་གྱིན་མདུན་ནས་མདུན་དུ་ཕྱིན་པའི་ཚེ།།
མཛེས་སྡུག་གཤོག་ཟུང་རབ་ཏུ་བརྐྱངས་པའི་རྐང་དྲུག་བུང་བ་གཞོན་ནུ་ཞིག།
བདག་གི་ཐོས་འཛིན་བུ་གར་བབས་ཏེ་སེམས་ཀྱི་གཏམ་ཞིག་འདི་སྐད་གླེང༌།།
ཨེ་མ་མགྱོགས་འགྲོས་རྟ་ལ་བཅིབས་པའི་མགོ་འཕང་མཐོ་བའི་ཕོ་སར་ཁྱོད།།
རྒྱང་དུ་འཐེན་པའི་ལམ་འདི་བརྒྱུད་དེ་ཡུལ་ཕྱོགས་གང་ལ་ཆས་འདོད་ཅེས།།
ཁོ་བོས་བཏོན་པའི་འདྲི་ཚིག་དེ་ནི་བདག་གི་རྣ་བར་ལྷུང་བའི་ཚེ།།
ངའོ་སྙམ་པའི་ཁེངས་དྲེགས་དང་བཅས་ཁོ་བོར་དྲིས་ལན་འདི་ལྟར་བཏབ།།
ཨ་ཙི་ཉམ་ཆུང་སྦྲང་ལུས་བླངས་པའི་འབའ་འབུ་ཆུང་ཆུང་ཚུར་གསོན་དང༌།།
དགྲ་འདུལ་དཔའ་བོའི་འཁོར་གསུམ་ཐོགས་པའི་ཞེ་རྩ་བརྟུལ་བའི་སྟག་ཤར་ང༌།།
གོ་ལ་ཟླུམ་པོའི་ངོ་མཚར་ལྟད་མོ་ལོངས་སུ་སྤྱོད་པར་ཆས་རྒྱུ་ཡིན།།
གཡོ་དང་སྒྱུ་མའི་གར་ལ་མཁས་པའི་འཇིག་རྟེ་ཁམས་ཀྱི་སྐྱེ་འགྲོ་ཚོར།།
ང་ལ་འགྲན་མེད་འཇོན་ཐང་ལྡན་པ་ར་སྤྲོད་བྱེད་པར་འགྲོ་རྒྱུ་ཡིན།།
གངས་དཀར་ཇོ་གླང་རྒྱན་དུ་འཕྱང་བའི་གསེར་ལྡན་སྒེག་མོའི་གཞི་ཁྱོན་ལ།།
སྤྱི་ཁྲི་གྲུ་བཞི་ག་ཙམ་མཆིས་པ་ཚངས་པའི་ཐིག་གིས་འཇལ་རྒྱུ་ཡིན།།
འདི་འདྲའི་རླབས་ཆེན་བྱ་བཞག་ཉིད་ནི་ཁྱེད་ཀྱི་བློ་ངོར་འཆར་ངེས་མིན།།
ད་ནི་ང་རང་ལམ་དུ་སྐྱོད་ཚད་རན་པར་འདུག་ཅེས་སྨྲས་པ་ལ།།
སྦྲང་ཆུང་དེ་ཡིས་ཁྲེལ་དགོད་བྱེད་ཀྱིན་ང་ལ་ཚིག་གསུམ་འདི་ལྟར་བཤད།།
ཀྱེ་མ་ཀླད་མེད་ཤེས་དམན་གཞོན་ནུ་དེ་འདྲའི་སྟོང་བསམ་མ་བཅངས་ཤིག།
གོ་ལ་འདི་ཡི་གཞི་ཁྱོན་ཉིད་ནི་མི་ཚེ་གཅིག་ལ་འཇལ་ནུས་མིན།།
འཇིག་རྟེན་ཁམས་ཀྱི་བགྲང་འདས་མི་སེར་འདི་ལྟར་བགྲོད་པས་མཐོང་རེ་དཀོན།།
འོན་ཏེ་ཁྱེད་ལ་དེ་དག་རྟོགས་པའི་སེམས་འདུན་གསོན་པོ་མངའ་བ་ན།།
བཅུ་ཕྲག་རིག་པའི་གླེགས་བམ་བརྩིགས་པའི་ཐོས་བསམ་གླིང་དེ་འཚོལ་དུ་སོང༌།།
དེ་ན་རྨོངས་པའི་རྒྱ་ལས་གྲོལ་བྱེད་གནའ་དེང་རིག་པའི་ཉིང་བཅུད་དང།།
འཇིག་རྟེན་ཡངས་པོར་རྒྱང་ལྟ་བྱེད་ཆས་དེང་རབས་གློག་ཀླད་དྲ་ཡི་རྒྱ།།
བླུན་རྨོངས་བུ་ལོའི་བློ་སྒོ་འབྱེད་བྱེད་གྲངས་རིག་གསེར་གྱི་ལྡེ་མིག་གམ།།
སྔོན་བྱོན་མེས་པོའི་མཛད་རྗེས་གསལ་བའི་དཔངས་མཐོའི་ལོ་རྒྱུས་དེབ་ཐེར་སོགས།།
སྐལ་ལྡན་སློབ་བུའི་ཚོགས་ལ་མཁོ་བའི་རྨོངས་སེལ་སྒྲོན་མེ་གསལ་ལེར་བཀྲ།།
ཁྱེད་ནི་ལམ་སང་ལམ་ལ་ཆས་ཏེ་ཡུལ་དེའི་གླིང་དུ་སྙེག་པ་ན།།
མ་འོངས་ལོ་ཟླའི་འཁོར་བསྐྱོད་ཀློང་ནས་ཁྱེད་ནི་གཤོག་ཐོགས་བྱ་རྒྱལ་བཞིན།།
རིག་པའི་མཁའ་ལམ་ཡུན་གྱིས་འགྲིམ་པའི་འགྲན་མེད་གཤོག་རྩལ་རྒྱས་གྱུར་ནས།།
ལྐོག་གྱུར་ཆེ་བའི་འཇིག་རྟེན་འདི་ཡི་གསང་བ་མ་ལུས་རྟོགས་ངེས་ཡིན།།
འདི་དག་ང་ཡི་སྙིང་ནས་བརྡོལ་བའི་་ལྷད་མེད་གཏམ་གྱི་དྭངས་མ་ཡིན།།
ད་ནི་ང་རང་འདབ་བརྒྱད་པད་མའི་ཟེའུ་འབྲས་ལེན་པར་ཆས་རན་འདུག།
སྔོན་ལས་ཡོད་ན་རྗེས་ནས་མཇལ་ཞེས་རྒྱང་རིང་ཡུལ་དུ་འཕུར་ཏེ་ཕྱིན།།
ང་ཡི་ཁྲ་ཆུང་འདྲེན་བྱེད་ཟུང་ནི་སྦྲང་མའི་རྗེས་སུ་འཁྲེང་བཞིན་དུ།།
ཁོ་བོས་སྨྲས་པའི་ཚིག་འབྲུ་རེ་རེར་མནོ་བསམ་ཞིབ་ཏུ་བཏང་བ་ན།།
དེ་ནི་དོན་མེད་རྙོག་གཏམ་མ་ཡིན་ང་ལ་མཁོ་བའི་ཕྱོགས་སྟོན་ཡིན།།
ང་ཡིས་གཏམ་དེ་ཡིད་དུ་ཉར་ནས་རྟ་ཕོའི་སྲབ་ཁ་ཕྱིར་དཀྱུས་ཏེ།།
རིན་ཆེན་ཤེས་བྱ་སྟོང་གིས་ཕྱུག་པའི་རིག་པའི་གླིང་དེ་འཚོལ་དུ་ཕྱིན༌།།
འཚོལ་སྙེག་ལམ་བུ་གངས་ཀྱིས་བཟུང་ཡང་ང་ཡི་སྤོབས་པ་ཞུམ་མི་སྲིད།།
འཚོལ་སྙེག་ལམ་བུ་རྡུལ་གྱིས་བསྒྲིབས་ཀྱང་ང་ཡི་མིག་ཟུང་བཙུམ་མི་སྲིད།།
འཚོལ་སྙེག་ལམ་བུ་ཇི་ལྟར་རྡུགས་ཀྱང་ང་རང་གཏན་ནས་ཟློག་མི་སྲིད།།
འདི་ནི་ང་ཡིས་འཚོལ་ལ་བཞག་པའི་གངས་དཀར་ཡིད་ཀྱི་དམ་བཅའ་འོ།།
                                                                     2007-12-6

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོལ།

2010-08-28 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།