མི་ཁ་ཤས།

སྣ་ཚོགས་ལྟ་སྤྱོད་སྤྲང་བོའི་ཁུག་མ་བཞིན།།
ཕྱེ་རྩམ་མཉམ་དུ་བསྲེས་པའི་སྦྱོར་བ་ཡིས།།
བདེན་པའི་མི་ལ་བསླུ་བའི་ཟས་སྦྱིན་མཁན།།
སྐྱ་མིན་སེར་མིན་འགའ་ལ་དོགས་ཟོན་མཛོད།།

ང་རྒྱལ་ཕྲག་དོག་ཟེར་བའི་གཡབ་མོ་འདིས།།
ནང་གི་ཀུན་རྟོག་མེ་རླབས་གཡོ་ཞིང་བསྐྱོམས།།
དེ་ཡི་རྐྱེན་གྱིས་ཁ་ལྕེ་ཟད་པོ་ལས།།
མི་གཙང་དགུ་ལས་ཐུ་བའི་དྲི་ངན་འཐུལ།།

ཀུན་ལ་མི་ཕན་ཀུན་གྱིས་སྨོད་བྱར་གྱུར།།
རང་ལ་མི་ཕན་རང་ཉིད་མཐའ་རུ་འདེད།།
རང་གཞན་ཕུང་ལ་སྦྱོར་བའི་བཤུལ་ལམ་དུ།།
སྐྱེ་བོ་སྐོར་ཞིག་རྫིག་པོའི་ཉམས་ཀྱིས་བགྲོད།།
                                   ༢༠༠༣ .༦. ༡༥རོང་བོ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཁ་ཤས།

2010-08-26 ལྡོང་ཆུ་ཤེལ། ཀློག་གྲངས། མཆན ཡོད།

སྣ་ཚོགས་ལྟ་སྤྱོད་སྤྲང་བོའི་ཁུག་མ་བཞིན།།
ཕྱེ་རྩམ་མཉམ་དུ་བསྲེས་པའི་སྦྱོར་བ་ཡིས།།
བདེན་པའི་མི་ལ་བསླུ་བའི་ཟས་སྦྱིན་མཁན།།
སྐྱ་མིན་སེར་མིན་འགའ་ལ་དོགས་ཟོན་མཛོད།།

ང་རྒྱལ་ཕྲག་དོག་ཟེར་བའི་གཡབ་མོ་འདིས།།
ནང་གི་ཀུན་རྟོག་མེ་རླབས་གཡོ་ཞིང་བསྐྱོམས།།
དེ་ཡི་རྐྱེན་གྱིས་ཁ་ལྕེ་ཟད་པོ་ལས།།
མི་གཙང་དགུ་ལས་ཐུ་བའི་དྲི་ངན་འཐུལ།།

ཀུན་ལ་མི་ཕན་ཀུན་གྱིས་སྨོད་བྱར་གྱུར།།
རང་ལ་མི་ཕན་རང་ཉིད་མཐའ་རུ་འདེད།།
རང་གཞན་ཕུང་ལ་སྦྱོར་བའི་བཤུལ་ལམ་དུ།།
སྐྱེ་བོ་སྐོར་ཞིག་རྫིག་པོའི་ཉམས་ཀྱིས་བགྲོད།།
                                   ༢༠༠༣ .༦. ༡༥རོང་བོ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།