ཡབ་ཆེན་ལ་བསྲིངས་པ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-23

སྐྱིད་སྐྱིད་འདྲ་བའི་བྱིས་དུས་ཀྱི་རྩེད་ར།།
སྡུག་སྡུག་འདྲ་བའི་ཕ་མེད་ཀྱི་འཚོ་བ།།
ལོ་དང་ཟླ་བའི་རྒས་གཉེར་ལ་སྦས་ཡོད།།
གདུང་སེམས་མཆི་མའི་རླབས་རྒྱུན་ལ་བསྟིམས་ཡོད།།

ཕ་ཡོད་བུ་ལོ་དཔའ་སྤོབས་ཀྱིས་ཁེངས་ཡོད།།
ཕ་འཛོམས་བུ་མོ་འཕྱོར་སྒེག་གིས་སྙེམས་ཡོད།།
རྩིད་སྦྲ་ནག་པོའི་ཆོན་ཐག་གི་བར་ནས།།
དྭ་ཕྲུག་ཁེར་བུ་ཕ་ལོ་ལ་འཁྲེང་ཡོད།།

ཕ་ལགས་གོང་གི་ཁྱིམ་ཕུག་ན་ཡོད་ན།།
ཕ་ཡི་བརྩེ་དྲོད་མི་ཡུལ་དུ་མཆིས་ན།།
དེ་འདྲའི་སྐྱིད་ཅིག་ས་སྟེང་ན་མི་འདུག།
དེ་ལས་ལྷག་ཅིག་ང་རང་ལ་མི་དགོས།།

འཇིག་རྟེན་སྒྱུ་མའི་ཆོ་འཕྲུལ་གྱི་འཁོར་ལོ།།
མྱ་ངན་མིག་ཆུས་ཅི་ཙམ་ཞིག་བསྐོར་ཀྱང༌།།
ཕ་ལོ་ཤོར་བའི་སྙིང་ནད་ཀྱི་རྨ་ཁ།།
གཞས་དང་གར་གྱིས་སོས་ཐབས་ཤིག་མི་འདུག།

ལས་ཀྱིས་བསྡུས་པའི་ཚེ་གཅིག་གི་ཕ་ལོ།།
དུས་ཀྱི་གཙང་བོས་རྒྱང་རིང་དུ་ཁུར་བས།།
རུས་པའི་གཏིང་གི་དགུན་འཁྱག་གི་བ་མོ།།
ལོ་རེ་བཞིན་དུ་ཇེ་མཐུག་ནས་ཇེ་མཐུག།
                                   2010-3-27

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡབ་ཆེན་ལ་བསྲིངས་པ།

2010-08-23 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

སྐྱིད་སྐྱིད་འདྲ་བའི་བྱིས་དུས་ཀྱི་རྩེད་ར།།
སྡུག་སྡུག་འདྲ་བའི་ཕ་མེད་ཀྱི་འཚོ་བ།།
ལོ་དང་ཟླ་བའི་རྒས་གཉེར་ལ་སྦས་ཡོད།།
གདུང་སེམས་མཆི་མའི་རླབས་རྒྱུན་ལ་བསྟིམས་ཡོད།།

ཕ་ཡོད་བུ་ལོ་དཔའ་སྤོབས་ཀྱིས་ཁེངས་ཡོད།།
ཕ་འཛོམས་བུ་མོ་འཕྱོར་སྒེག་གིས་སྙེམས་ཡོད།།
རྩིད་སྦྲ་ནག་པོའི་ཆོན་ཐག་གི་བར་ནས།།
དྭ་ཕྲུག་ཁེར་བུ་ཕ་ལོ་ལ་འཁྲེང་ཡོད།།

ཕ་ལགས་གོང་གི་ཁྱིམ་ཕུག་ན་ཡོད་ན།།
ཕ་ཡི་བརྩེ་དྲོད་མི་ཡུལ་དུ་མཆིས་ན།།
དེ་འདྲའི་སྐྱིད་ཅིག་ས་སྟེང་ན་མི་འདུག།
དེ་ལས་ལྷག་ཅིག་ང་རང་ལ་མི་དགོས།།

འཇིག་རྟེན་སྒྱུ་མའི་ཆོ་འཕྲུལ་གྱི་འཁོར་ལོ།།
མྱ་ངན་མིག་ཆུས་ཅི་ཙམ་ཞིག་བསྐོར་ཀྱང༌།།
ཕ་ལོ་ཤོར་བའི་སྙིང་ནད་ཀྱི་རྨ་ཁ།།
གཞས་དང་གར་གྱིས་སོས་ཐབས་ཤིག་མི་འདུག།

ལས་ཀྱིས་བསྡུས་པའི་ཚེ་གཅིག་གི་ཕ་ལོ།།
དུས་ཀྱི་གཙང་བོས་རྒྱང་རིང་དུ་ཁུར་བས།།
རུས་པའི་གཏིང་གི་དགུན་འཁྱག་གི་བ་མོ།།
ལོ་རེ་བཞིན་དུ་ཇེ་མཐུག་ནས་ཇེ་མཐུག།
                                   2010-3-27

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།