བླ་རྒན་དངུལ་གྱི་མཆུ་ཏོ་ཅན།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-10

                                                   ________བྱིས་དུས་ཀྱི་རང་ཉིད་དང་བླ་གྲྭའི་བར་གྱི་འབྲེལ་བར་བལྟས་པ།
མནོལ་གྲིབ་རྨ་འབྲུམ་ལུས་ལ་བུད་དེ་ལུས་ཟུངས་ཟད་ཅིང་སྐྲ་ལོ་བྱིལ།།
ཉིན་མོའི་ཟས་ལ་ཡི་ག་བྲལ་ཞིང་མཚན་མོའི་གཉིད་ཀྱང་ཡེ་ནས་བོར།།
དྲིན་ཅན་མ་ལོའི་མིག་ཆུའི་རྒྱུན་དེ་ཆུ་ཕྲན་ཞིག་གི་ཟོལ་གྱིས་བཞུར།།
ཕ་ལོའི་སེམས་ཀྱི་ལན་ཆགས་དེའང་ཉིན་རེ་བཞིན་དུ་ཆེ་རུ་ཕྱིན།།

དེ་དུས་ཁྱོད་ནི་བླ་བྲང་ཡུལ་ན་སྙན་པ་ཅུང་ཙམ་མཐོ་ནས་ཡོད།།
ཁྱེད་ཀྱིས་བགྱིས་པའི་ཆོ་ག་དག་ཀྱང་ཧ་ཅང་ལེགས་འགྲུབ་ཡོང་ནས་ཡོད།།
ཕ་མས་སྙིང་གི་ན་ཟུག་མ་བཟོད་ང་ནི་ཁྱོད་ལ་བསྟེན་པར་ཁྱེར།།
ཁྱོས་ཀྱང་རྩ་རབས་སླ་རབས་བཤད་དེ་བདུན་ཕྲག་གཅིག་ལ་འདུག་ཏུ་བཅུག།

དང་པོ་འུ་གཉིས་དགོན་ནས་འཕྲད་དུས་ང་ནི་ཁྱོད་ལ་ཤིན་ཏུ་དད།།
གཟན་ཤམ་གྱོན་པའི་གྲྭ་གཟུགས་ཁྱོད་ལ་གུས་པའི་བརྐྱངས་ཕྱག་མང་དུ་འཚལ།།
འདྲེན་པའི་ལྷ་ཞིག་རེད་དོ་འདོད་དེ་ཁྱོད་ཀྱིས་ཅི་བཤད་དང་དུ་བླངས།།
སྐྱོབ་པའི་ཨེམ་རྗེ་ཡིན་ནོ་སྙམ་ནས་ཕྱག་རྟེན་འབྱོར་ཚོད་ཕུལ་ནས་སོང༌།།

བར་དུ་ཁྱོད་ཀྱིས་རིམ་གྲོ་བསྐྱེད་ཅིང་ལྷ་འགུག་ཀླུ་འབོད་མང་དུ་བྱས།།
གདོན་དང་འབྱུང་བོར་དམོད་མོ་བཏང་སྟེ་གདོན་བགེགས་ཞི་བའི་གཏོར་མ་འཕངས།།
དུག་ཡོང་ཁྲུས་གསོལ་ལན་མང་བྱས་ཏེ་ནད་ལ་ཕན་པའི་ཆོ་ག་སྤེལ།།
དེ་འདྲ་དེ་བོ་བརྗེད་རྒྱུ་མེད་དོ་བླ་རྒན་ངོ་མ་བཀའ་དྲིན་ཆེ།།

མཐའ་མར་ཁྱོད་ཀྱིས་ཆོས་ཡོན་རྩིས་ཏེ་མར་ཕྱུར་འབྱོར་ཚོད་དགོས་ཀི་ཟེར།།
སྒོར་མོའི་གྲངས་ཀ་ཉུང་ན་མི་ཆོག་མང་ན་ཅུང་ཙམ་བཟང་གི་ཟེར།།
དེ་ལྟར་མིན་ན་དཀའ་ལས་བརྒྱབ་པ་ངལ་བ་འབྲས་མེད་ཡིན་ནོ་ཟེར།།
ང་ནི་རེ་ཞིག་ཧད་དེ་ལུས་ཤིང་ཁྱོད་ལ་ཡང་ཡང་བལྟ་དགོས་སོང༌།།

ཆོས་རེ་སྤེལ་ན་ཆོས་ཡོན་ལོས་དགོས་དེ་ནི་སྲིད་པའི་སྲོལ་ཞིག་རེད།།
ཆོས་ཡོན་དེ་ལ་ཚད་ཅིག་ལོས་ཡོད་དེའང་ང་ཚོའི་རྔུལ་ཁྲག་རེད།།
ལག་པ་བསྲིངས་ཏེ་ལེན་རྐྱང་བྱེད་པའི་ཁྱོད་ཀྱི་སྤྱོད་པ་ཡ་མ་ཟུང༌།།
ང་ཡི་མིག་ལ་ཤིན་ཏུ་མི་འགྲོ་སྟོན་པའི་ཐུགས་ལ་རན་ངེས་མིན།།

བདག་གཞན་བརྗེ་བའི་འཕྲིན་ལས་རླབས་ཆེན་བླ་རྒན་ཁྱོད་ཀྱིས་མི་འཁྱོང་ཡང༌།།
ཆགས་སྡང་སྤངས་པའི་བཏང་སྙོམས་རི་ལ་བླ་རྒན་ཁྱོད་ནི་མི་འབྱོར་རུང༌།།
རྒྱ་ནག་སྨན་པའི་བྱེད་ལས་དེ་རིགས་དང་ལེན་བགྱིས་ན་མི་འགྲིག་གི།།
ནུབ་གླིང་ཁེ་བའི་ཧམ་སེམས་དེ་རིགས་རྒྱུད་ལ་བླངས་ན་མི་བཟང་གི།།

ང་ནི་ལྕི་མོ་ནད་ཀྱིས་ཟིན་པའི་ཉམས་མདངས་ཞན་པའི་ཚེ་སྲོག་ཅིག།།
ཁྱོད་ནི་རྟོགས་པ་མཐའ་ལ་སོན་པའི་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ།།
འུ་གཉིས་བར་ལ་ཇི་ལྟར་འགྲེལ་ཡང་ཚོང་གི་ལས་ཤིག་མི་ཆགས་མོད།།
ད་རེས་དེ་ལ་ཐེངས་གཅིག་ཞུགས་པ་བླ་རྒན་འཁོར་བར་ཞེན་པའི་རྟགས།།

བདེན་པའི་བུ་ཆུང་གཅེར་བུར་ཕུད་ན་བླ་རྒན་ཝུ་བའི་འཕྲུལ་ཞིག་རེད།།
བྱམས་དང་སྙིང་རྗེ་རྒྱ་མར་གཞལ་ན་བླ་རྒན་ཚེར་མའི་དུག་ཅིག་རེད།།
ཚིག་དང་གོས་ཀྱི་སྒྲིབ་གཡོགས་བཤུས་ན་བླ་རྒན་ལ་ཁའི་ཁྱི་རོ་རེད།།
ཆོས་ཀྱི་སྙིང་བོ་རྩད་ནས་སོང་ན་བླ་རྒན་སྟོང་བ་སྟོང་ནག་རེད།།
                                                                2008-7-4

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བླ་རྒན་དངུལ་གྱི་མཆུ་ཏོ་ཅན།

2010-08-10 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།