སྒྱུ་མའི་རེ་འབོད།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-08

                                              <<མི་དང་རི་སྐྱེས་སྲོག་ཆགས>>ཞེས་པའི་ལྗོངས་ཞིང་ལྔའི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུརཁྲོད་ཕུལ་བྱུང་བྱ་དགའ་ཐོབ།

སྨུག་སྤྲིན་ལང་ལོང་འཁྲིགས་པའི་དབྱིག་ལྡན་མའི་སྤོ་རུ།།
རམ་དཀར་རྩྭ་ལ་རོལ་བའི་བྱང་འབྲོང་གི་ཁྱུ་ཚོགས།།
སྡིག་ཅན་རྔོན་པའི་མེ་མདའི་དམིགས་འབེན་དུ་གྱུར་པས།།
གདུང་བའི་ངུ་འབོད་ཁྲ་ཡག་རྫ་འདབས་ལ་ཐིམས་སོང༌།།
གངས་རྡུལ་བར་མེད་འཚུབ་པའི་བྱང་ཐང་གི་གཞུང་ན།།
བང་ཁ་རླུང་ལ་འགྲན་པའིགཙོད་རིགས་ཀྱི་ཚེ་སྲོག།
ཞེ་ནག་རྔོན་པའི་ཐབས་ཀྱི་རྙི་རྒྱ་རུ་ཚུད་པས།།
གདུང་བའི་འོ་དོད་གནམ་ས་འབྲེལ་མཚམས་ནས་གྲག་འོང༌།།
རྩྭ་ལྗང་གོས་སུ་བཏིངས་འདྲའི་རྫ་སྤང་གི་བར་ནས།།
དུང་རྭ་ཆ་བརྒྱད་འཛོམས་པའི་ཕོ་ཆེན་གྱི་ཤྭ་བོའི།།
བདེ་བའི་རྨི་ལམ་འཇིགས་རུང་མདའ་སྐད་ཀྱིས་འཕྲོག་ཚེ།།
གདུང་བའི་འོ་དོད་རི་ལུང་བྲག་ཅ་ལ་འཁོར་ཡོང༌།།

ཉོན་རྨོངས་དུག་ལས་མཆེད་པའི་འདོད་སྲེད་ཀྱི་མེ་ལྕེས།།
རྐང་འཐུང་གཡུ་ལོ་རྒྱས་པའི་ནགས་ཀླུང་ནི་བཅོམ་སྟེ།།
འདབ་ཆགས་བྱ་བྱེའུ་གནས་མལ་ངེས་མེད་དུ་གྱུར་པས།།
གདུང་བའི་འོ་དོད་ལྕང་མའི་གླིང་ཕྲན་ནས་ཤོར་སོང།།

མགོ་ནག་མི་དང་རི་སྐྱེས་སྲོག་ཆགས་ཀྱི་ཚོགས་འདིའི།།
མཛའ་མཐུན་འོ་ཆུ་དཀར་པོ་དབྱེར་མེད་དུ་འདྲེས་ཏེ།།
བུ་ངའི་དམར་ཆུང་སེམས་པའི་གདུང་འབོད་ཀྱི་དབྱངས་རྟ།།
འབྱུང་འགྱུར་བདེ་སྐྱིད་བསུ་བའི་གླུ་སྐད་དུ་གྱུར་ཅིག།
                                             2008-3-8

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་མའི་རེ་འབོད།

2010-08-08 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

                                              <<མི་དང་རི་སྐྱེས་སྲོག་ཆགས>>ཞེས་པའི་ལྗོངས་ཞིང་ལྔའི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུརཁྲོད་ཕུལ་བྱུང་བྱ་དགའ་ཐོབ།

སྨུག་སྤྲིན་ལང་ལོང་འཁྲིགས་པའི་དབྱིག་ལྡན་མའི་སྤོ་རུ།།
རམ་དཀར་རྩྭ་ལ་རོལ་བའི་བྱང་འབྲོང་གི་ཁྱུ་ཚོགས།།
སྡིག་ཅན་རྔོན་པའི་མེ་མདའི་དམིགས་འབེན་དུ་གྱུར་པས།།
གདུང་བའི་ངུ་འབོད་ཁྲ་ཡག་རྫ་འདབས་ལ་ཐིམས་སོང༌།།
གངས་རྡུལ་བར་མེད་འཚུབ་པའི་བྱང་ཐང་གི་གཞུང་ན།།
བང་ཁ་རླུང་ལ་འགྲན་པའིགཙོད་རིགས་ཀྱི་ཚེ་སྲོག།
ཞེ་ནག་རྔོན་པའི་ཐབས་ཀྱི་རྙི་རྒྱ་རུ་ཚུད་པས།།
གདུང་བའི་འོ་དོད་གནམ་ས་འབྲེལ་མཚམས་ནས་གྲག་འོང༌།།
རྩྭ་ལྗང་གོས་སུ་བཏིངས་འདྲའི་རྫ་སྤང་གི་བར་ནས།།
དུང་རྭ་ཆ་བརྒྱད་འཛོམས་པའི་ཕོ་ཆེན་གྱི་ཤྭ་བོའི།།
བདེ་བའི་རྨི་ལམ་འཇིགས་རུང་མདའ་སྐད་ཀྱིས་འཕྲོག་ཚེ།།
གདུང་བའི་འོ་དོད་རི་ལུང་བྲག་ཅ་ལ་འཁོར་ཡོང༌།།

ཉོན་རྨོངས་དུག་ལས་མཆེད་པའི་འདོད་སྲེད་ཀྱི་མེ་ལྕེས།།
རྐང་འཐུང་གཡུ་ལོ་རྒྱས་པའི་ནགས་ཀླུང་ནི་བཅོམ་སྟེ།།
འདབ་ཆགས་བྱ་བྱེའུ་གནས་མལ་ངེས་མེད་དུ་གྱུར་པས།།
གདུང་བའི་འོ་དོད་ལྕང་མའི་གླིང་ཕྲན་ནས་ཤོར་སོང།།

མགོ་ནག་མི་དང་རི་སྐྱེས་སྲོག་ཆགས་ཀྱི་ཚོགས་འདིའི།།
མཛའ་མཐུན་འོ་ཆུ་དཀར་པོ་དབྱེར་མེད་དུ་འདྲེས་ཏེ།།
བུ་ངའི་དམར་ཆུང་སེམས་པའི་གདུང་འབོད་ཀྱི་དབྱངས་རྟ།།
འབྱུང་འགྱུར་བདེ་སྐྱིད་བསུ་བའི་གླུ་སྐད་དུ་གྱུར་ཅིག།
                                             2008-3-8

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།