སེམས་ཀྱི་ང་རོ།

བསེ་སྐྱེས་བློ་བཟང་དཔལ་ལྡན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-07

རང་གཞན་ཆགས་སྡང་གི་བདུད་དཔུང༌།།
བྱམས་བརྩེ་ལྷག་བསམ་གྱིས་བཅིལ་བའི།།
དབྱངས་ལྡན་མཚོ་བྱུང་གི་ལྷ་མོས།།
འཕྲལ་ཡུན་སྨྲེང་བ་འདི་སོལ་ཅིག།
ཀུན་རྟོག་རྣོ་དབལ་དེ་འབར་བའི།།
མྱུར་འཁྱུག་གློག་ཞགས་ཀྱི་འགྱུ་བ།།
སྨྱུ་གུའི་རྩེ་མོ་རུ་འཁྱུད་པས།།
སེམས་རྩ་ཐེངས་ཤིག་ལ་བསྔགས་པ།།
སྟོང་བསམ་ཆུ་གཏེར་གྱི་ཀློང་ནས།།
མི་ཚེ་འདུན་མ་ཡི་བརྗེད་བྱང༌།།
བག་མེད་རྡོག་ཁྲེས་དང་བསྡེབས་ནས།།
གཅིག་རྗེས་གཉིས་མཐུད་ཀྱིས་འདས་སོང༌།།
སྔར་བྱུང་ལྷན་འདུས་ཀྱི་ཉ་ཆུ།།
བར་བྱས་འདུ་འབྲལ་གྱི་གདུང་བ།།
མཐའ་མར་ཐོབ་ཤོར་གྱི་མཆི་མ།།
འདི་དག་ཆོས་ཉིད་ཀྱི་གཤིས་ཀ།
བརྗེད་དཀའི་བརྩེ་ཞེན་དེ་བརྡོལ་ནས།།
བསམ་མནོའི་དྲ་རྒྱ་ལ་རྒོལ་ཚེ།།
དྲན་གཞིས་དམར་པོ་ཡི་ལོ་ཟླ།།
སྨྲེང་གཞས་སྐྱུར་མི་ཡིས་ཁེངས་པ།།
རང་སེམས་དར་ལྕོག་ལ་གཏད་པས།།
སྒྱུ་མའི་འོབས་དོང་དུ་དྲངས་སོང༌།།
འཇིགས་སྐྲག་ཨག་སྐད་དེ་འཁོར་ཡང༌།།
སྐྱོབ་པའི་ལྷ་ཆེན་ཞིག་མ་མཐོང༌།།
སྡུག་ཡུས་སྨྱུག་རྩེ་རུ་ཕུད་ནས།།
ལོ་ཟླའི་ཆག་གྲུམ་དེ་བསྐྱལ་ཡང༌།།
བསམ་བློ་མུན་པ་ཡིས་བཟུང་ནས།།
ཁོར་ཡུག་དོག་པོ་རུ་སྣང་བྱུང༌།།
ཟང་ཟིང་འཇིག་རྟེན་གྱི་འཁོར་བ།།
ཁབ་ཀྱི་རྩེ་མོ་དང་འདྲ་བས།།
སྐྱིད་པའི་ལོག་མལ་དེ་བཙལ་ཡང༌།།
བདེ་བའི་གོ་སྐབས་ཤིག་མ་རྙེད།།
འབྱོར་ཚེ་ཉེ་འཁོར་གྱི་གཙོ་བོ།།
རྒུད་ཚེ་རྟིང་མ་རུ་བརྩི་བ།།
མི་ཡི་གཤིས་ཀ་ལ་བསམ་ན།།
བློ་ཕམ་རེ་ཐག་དེ་ཆད་འགྲོ།།
ཕྱི་ཡི་མཛེས་ཆ་དེ་རྒོད་པས།།
ནང་གི་ལྷིང་འཇགས་དེ་དཀྲོགས་པ།།
བརྩེ་བའི་འཛུམ་མདངས་ཀྱི་ཞགས་པས།།
དམར་པོ་སྙིང་ཆུང་དེ་བསྡམས་སོང༌།།
མཛེས་ལྡན་བརྒྱ་བྱིན་གྱི་གཞུ་མོ།།
བཤམས་པའི་གུར་ཁྱིམ་གྱི་ནང་དུ།།
སྤྲོ་སྐྱིད་འོ་མཚོ་ཡི་ཟིལ་མངར།།
སྤྱོད་པའི་ལས་སྐལ་དེ་ཕྲ་བ།།
འཁྲུལ་སྣང་སྣ་ཚོགས་ཀྱི་འཇིག་རྟེན།།
རྟོག་བཏགས་སེམས་འགྱུ་ཡིས་བཟུང་བ།།
བསམ་གཞིགས་ལྕོ་མོ་ཡི་བར་གསེང༌།།
ཤུགས་རིང་འགུམ་བརྩེགས་ཀྱིས་གཙེས་པ།།
རྣམ་རྟོག་དགུ་མདུད་ཀྱི་སེམས་རྩ།།
བགྲོད་ལམ་དོག་ཡི་ཡིས་བསླུས་པ། །
མགོ་བོ་ལྷགས་རླུང་གིས་གཏུབས་པས།།
ཉམ་ངའི་འཁུན་སྒྲ་ཞིག་ཤོར་འོང༌།།
རེ་སྨོན་ཁྲི་འབུམ་གྱི་ངོགས་སུ།།
འོད་ཟེར་ལམ་ཕྲན་དེ་སྙེག་པའི།།
གསར་བྱུང་སྔོན་ཐོན་གྱི་གྲས་སུ།།
བསྐྱོད་པའི་དམ་བཅའ་དེ་བརྟན་པ།།

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་ང་རོ།

2010-08-07 བསེ་སྐྱེས་བློ་བཟང་དཔལ་ལྡན། ཀློག་གྲངས། མཆན ཡོད།

རང་གཞན་ཆགས་སྡང་གི་བདུད་དཔུང༌།།
བྱམས་བརྩེ་ལྷག་བསམ་གྱིས་བཅིལ་བའི།།
དབྱངས་ལྡན་མཚོ་བྱུང་གི་ལྷ་མོས།།
འཕྲལ་ཡུན་སྨྲེང་བ་འདི་སོལ་ཅིག།
ཀུན་རྟོག་རྣོ་དབལ་དེ་འབར་བའི།།
མྱུར་འཁྱུག་གློག་ཞགས་ཀྱི་འགྱུ་བ།།
སྨྱུ་གུའི་རྩེ་མོ་རུ་འཁྱུད་པས།།
སེམས་རྩ་ཐེངས་ཤིག་ལ་བསྔགས་པ།།
སྟོང་བསམ་ཆུ་གཏེར་གྱི་ཀློང་ནས།།
མི་ཚེ་འདུན་མ་ཡི་བརྗེད་བྱང༌།།
བག་མེད་རྡོག་ཁྲེས་དང་བསྡེབས་ནས།།
གཅིག་རྗེས་གཉིས་མཐུད་ཀྱིས་འདས་སོང༌།།
སྔར་བྱུང་ལྷན་འདུས་ཀྱི་ཉ་ཆུ།།
བར་བྱས་འདུ་འབྲལ་གྱི་གདུང་བ།།
མཐའ་མར་ཐོབ་ཤོར་གྱི་མཆི་མ།།
འདི་དག་ཆོས་ཉིད་ཀྱི་གཤིས་ཀ།
བརྗེད་དཀའི་བརྩེ་ཞེན་དེ་བརྡོལ་ནས།།
བསམ་མནོའི་དྲ་རྒྱ་ལ་རྒོལ་ཚེ།།
དྲན་གཞིས་དམར་པོ་ཡི་ལོ་ཟླ།།
སྨྲེང་གཞས་སྐྱུར་མི་ཡིས་ཁེངས་པ།།
རང་སེམས་དར་ལྕོག་ལ་གཏད་པས།།
སྒྱུ་མའི་འོབས་དོང་དུ་དྲངས་སོང༌།།
འཇིགས་སྐྲག་ཨག་སྐད་དེ་འཁོར་ཡང༌།།
སྐྱོབ་པའི་ལྷ་ཆེན་ཞིག་མ་མཐོང༌།།
སྡུག་ཡུས་སྨྱུག་རྩེ་རུ་ཕུད་ནས།།
ལོ་ཟླའི་ཆག་གྲུམ་དེ་བསྐྱལ་ཡང༌།།
བསམ་བློ་མུན་པ་ཡིས་བཟུང་ནས།།
ཁོར་ཡུག་དོག་པོ་རུ་སྣང་བྱུང༌།།
ཟང་ཟིང་འཇིག་རྟེན་གྱི་འཁོར་བ།།
ཁབ་ཀྱི་རྩེ་མོ་དང་འདྲ་བས།།
སྐྱིད་པའི་ལོག་མལ་དེ་བཙལ་ཡང༌།།
བདེ་བའི་གོ་སྐབས་ཤིག་མ་རྙེད།།
འབྱོར་ཚེ་ཉེ་འཁོར་གྱི་གཙོ་བོ།།
རྒུད་ཚེ་རྟིང་མ་རུ་བརྩི་བ།།
མི་ཡི་གཤིས་ཀ་ལ་བསམ་ན།།
བློ་ཕམ་རེ་ཐག་དེ་ཆད་འགྲོ།།
ཕྱི་ཡི་མཛེས་ཆ་དེ་རྒོད་པས།།
ནང་གི་ལྷིང་འཇགས་དེ་དཀྲོགས་པ།།
བརྩེ་བའི་འཛུམ་མདངས་ཀྱི་ཞགས་པས།།
དམར་པོ་སྙིང་ཆུང་དེ་བསྡམས་སོང༌།།
མཛེས་ལྡན་བརྒྱ་བྱིན་གྱི་གཞུ་མོ།།
བཤམས་པའི་གུར་ཁྱིམ་གྱི་ནང་དུ།།
སྤྲོ་སྐྱིད་འོ་མཚོ་ཡི་ཟིལ་མངར།།
སྤྱོད་པའི་ལས་སྐལ་དེ་ཕྲ་བ།།
འཁྲུལ་སྣང་སྣ་ཚོགས་ཀྱི་འཇིག་རྟེན།།
རྟོག་བཏགས་སེམས་འགྱུ་ཡིས་བཟུང་བ།།
བསམ་གཞིགས་ལྕོ་མོ་ཡི་བར་གསེང༌།།
ཤུགས་རིང་འགུམ་བརྩེགས་ཀྱིས་གཙེས་པ།།
རྣམ་རྟོག་དགུ་མདུད་ཀྱི་སེམས་རྩ།།
བགྲོད་ལམ་དོག་ཡི་ཡིས་བསླུས་པ། །
མགོ་བོ་ལྷགས་རླུང་གིས་གཏུབས་པས།།
ཉམ་ངའི་འཁུན་སྒྲ་ཞིག་ཤོར་འོང༌།།
རེ་སྨོན་ཁྲི་འབུམ་གྱི་ངོགས་སུ།།
འོད་ཟེར་ལམ་ཕྲན་དེ་སྙེག་པའི།།
གསར་བྱུང་སྔོན་ཐོན་གྱི་གྲས་སུ།།
བསྐྱོད་པའི་དམ་བཅའ་དེ་བརྟན་པ།།

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།