ཆང་གིས་བཟི་ཚེ་འདི་ལྟར་བྲིས།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-01

ངེས་མེད་ཚོར་ཤེས་ཀྱི་ལྕགས་མདའ།།
དམྱལ་བའི་ཐབ་ཚང་ལ་གཟས་ཡོད།།
འཆི་བདག་གཤིནརྗེ་ཡི་སྲོག་རྩ།།
རྒོད་པོའི་སྙིང་ཆུང་ལྟར་གཏོར་ངེས།།

དྲན་འཆར་རླུང་ནག་གི་སྒོ་མོར།།
ནམ་མཁའ་སྔོན་པོ་ཞིག་འཁོར་ཡོང༌།།
ཁེར་བཞུད་རྒྱུ་སྐར་གྱི་མིག་ཆུས།།
རྡོ་ཡི་པུར་སྒམ་དེ་བརླན་བྱུང༌།།

དཀར་གཙང་ཀེང་རུས་སུ་ལྟེམས་པའི།།
རྣམ་ཤེས་ཚོགས་དྲུག་གི་སྙིང་ཁྲག།
ན་ཆུང་རྐང་གླིང་དུ་དྲངས་ཏེ།།
བས་མཐའི་ཕོ་བྲང་དུ་འདྲེན་ནོ།།

དབྱིངས་ཀྱི་ལྷ་ཚོགས་ལ་བསྲིངས་པའི།།
དད་འདུན་རྨུ་ཐག་གི་སྐས་གདང༌།།
སེམས་པའི་རྐང་སྟབས་ཀྱིས་བརྒལ་ན།།
ཆུང་འདྲིས་བྱམས་པ་དེ་མཐོང་ངམ༌།།

བྱུ་རུའི་དོ་ཤལ་གྱི་མཛེས་པ།།
ལན་བུའི་ཕྲ་རྒྱན་དུ་བཏབས་ཡོད།།
སྙིང་སྡུག་སྨན་ཆུང་གི་རྒྱབ་གཟུགས།།
བྲང་གི་ཤ་རུས་ལ་འཐིམ་ཡོང༌།།

གངས་རིའི་ལོ་རྒྱུས་ཀྱི་ཆུ་རྒྱུན།།
སྨག་རུམ་དཔུང་ཤེད་ཀྱིས་བཅད་སོང༌།།
འཁྲེང་ཞེན་ཕྱེ་ལེབ་ཀྱི་རྨི་ལམ།།
ཆང་མའི་འཛུམ་ཟེར་ལ་ཆགས་ཐལ།།
                                                 2010-3-24

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆང་གིས་བཟི་ཚེ་འདི་ལྟར་བྲིས།

2010-08-01 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

ངེས་མེད་ཚོར་ཤེས་ཀྱི་ལྕགས་མདའ།།
དམྱལ་བའི་ཐབ་ཚང་ལ་གཟས་ཡོད།།
འཆི་བདག་གཤིནརྗེ་ཡི་སྲོག་རྩ།།
རྒོད་པོའི་སྙིང་ཆུང་ལྟར་གཏོར་ངེས།།

དྲན་འཆར་རླུང་ནག་གི་སྒོ་མོར།།
ནམ་མཁའ་སྔོན་པོ་ཞིག་འཁོར་ཡོང༌།།
ཁེར་བཞུད་རྒྱུ་སྐར་གྱི་མིག་ཆུས།།
རྡོ་ཡི་པུར་སྒམ་དེ་བརླན་བྱུང༌།།

དཀར་གཙང་ཀེང་རུས་སུ་ལྟེམས་པའི།།
རྣམ་ཤེས་ཚོགས་དྲུག་གི་སྙིང་ཁྲག།
ན་ཆུང་རྐང་གླིང་དུ་དྲངས་ཏེ།།
བས་མཐའི་ཕོ་བྲང་དུ་འདྲེན་ནོ།།

དབྱིངས་ཀྱི་ལྷ་ཚོགས་ལ་བསྲིངས་པའི།།
དད་འདུན་རྨུ་ཐག་གི་སྐས་གདང༌།།
སེམས་པའི་རྐང་སྟབས་ཀྱིས་བརྒལ་ན།།
ཆུང་འདྲིས་བྱམས་པ་དེ་མཐོང་ངམ༌།།

བྱུ་རུའི་དོ་ཤལ་གྱི་མཛེས་པ།།
ལན་བུའི་ཕྲ་རྒྱན་དུ་བཏབས་ཡོད།།
སྙིང་སྡུག་སྨན་ཆུང་གི་རྒྱབ་གཟུགས།།
བྲང་གི་ཤ་རུས་ལ་འཐིམ་ཡོང༌།།

གངས་རིའི་ལོ་རྒྱུས་ཀྱི་ཆུ་རྒྱུན།།
སྨག་རུམ་དཔུང་ཤེད་ཀྱིས་བཅད་སོང༌།།
འཁྲེང་ཞེན་ཕྱེ་ལེབ་ཀྱི་རྨི་ལམ།།
ཆང་མའི་འཛུམ་ཟེར་ལ་ཆགས་ཐལ།།
                                                 2010-3-24

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།