དཔྱིད་དཔལ་སྒེག་མོའི་ལང་ཚོ།

རྡོ་སྦིས་སྒྲོལ་མ་འབུམ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-31

དཔྱིད་དཔལ་སྒེག་མོའི་ལང་ཚོའི་བཀྲག་མདངས་ཉིན་བཞིན་བདོ་བ་དེ་མཐོང་ནས།།
ཕ་གཅིག་དུས་ཀྱི་བྱེད་པོ་དེ་ཡིས་ཡིད་ཀྱི་རྟེན་པ་གཅིག་པུ་མ།།
ནོར་འཛིན་གཞོན་ནུའི་བཙུན་པོ་དམ་པར་དགའ་བ་དང་བཅས་བརྫངས་པ་ན།།
སྔོ་བསངས་མ་ཡང་དགའ་བའི་གད་མོ་དབྱར་གྱི་རྔ་གསང་ཟོལ་དུ་བསྒྲགས།།
དཔྱིད་ཀྱི་ཕོ་ཉས་མགྲིན་གླུ་སྙན་མོས་འཕྲིན་བཟང་གསེར་གྱི་རྣ་ལུང་ཉིད།།
ཕྱོགས་ཀྱི་བུ་མོའི་སྙན་ཤལ་ཟུར་དུ་སྒེག་མཛེས་འཕྱང་འཕྲུལ་ཉིད་བྱིན་པས།།
དགུན་མཚན་རིང་མོར་གཉིད་དུ་ཡུར་བའི་རྩྭ་ལྗང་མེ་ཏོག་གཞོན་ནུའི་ཁྱུ།།
རྨི་ལམ་ཞིམ་པོ་གཉིད་ལས་སད་དེ་མཚར་ཉམས་མིག་གིས་རིག་རིག་བལྟས།།
དེ་ཚེ་ནོར་འཛིན་གཞོན་ནུ་དེ་ཡིས་དགུན་གསུམ་ལྷགས་པས་རལ་བ་ཡི།།
ཉི་མའི་ཟེར་གྱིས་བཀྲག་མདངས་འཕྲོག་པའི་ཐལ་བའི་གོས་ནི་དོར་བྱས་ཏེ།།
དཔྱིད་དཔལ་སྒེག་མོ་བག་མར་བསུ་ལ་དགའ་བའི་དུང་སེམས་མཚོན་མེད་དུ།།
མཚར་སྡུག་མིག་དབང་ཅིག་ཅར་འཕྲོག་པའི་ལྗང་མདོག་འཚེར་བའི་གོས་ཀྱིས་བཀླུབས།།
ཉི་ཟླ་སྐར་མའི་ཆུ་སྐྱེས་སྣ་ཚོགས་སྡུག་གུར་བཀྲ་བའི་ལྷའི་རྫིང་རིང༌།།
སྤྲིན་དཀར་ཕུང་བོ་དུམ་བུར་ཆད་པའི་གླང་བོའི་ཁྱུ་ཚོགས་འཁྲིགས་པ་རྣམས།།
པད་མའི་རྩ་བ་ཟས་སུ་རོལ་བཞིན་ཆུ་ཡི་རོལ་རྩེད་ལ་ཞུགས་ཏེ།།
གློག་དམར་སྣ་ཞགས་རིང་དུ་བསྲིངས་ཏེ་ཆུ་རྡུལ་གཏོར་བཞིན་ངུར་དབྱངས་སྒྲོག།
ཆབ་རོམ་ལྷུམས་སུ་མངལ་དུ་སྦྲུམ་པའི་ཆུ་ཕྲན་ཕྲུ་གུ་དེ་དག་ཀྱང༌།།
དཔྱིད་ཀྱི་ཟླ་དུས་མངོན་པར་རྫོགས་པས་ཡན་ལག་རྣམས་ནི་རྒྱས་གྱུར་ཏེ།།
ལྟེ་ཁྲག་ས་ལ་འཕོ་མ་ཐག་ཏུ་སོར་རྩེའི་རླབས་ཕྲེང་གཡོ་བཞིན་དུ།།
གྱ་གྱུའི་འགྲོས་ཀྱི་གོམ་སྟབས་འཁྱོར་བཞིན་ཐག་རིང་རྒྱལ་ཁམས་འགྲིམས་ལ་བྲེལ།།
དཔྱིད་ཀྱི་དུས་སྟོན་དཔལ་ལ་ཚོགས་པའི་སྐྱེ་དངོས་ཡོད་དགུའི་མི་ཚོགས་ཁྲོད།།
ཡིད་འཕྲོག་མཆོར་སྒེག་ལང་ཚོས་སྙེམས་པའི་འབྲས་ལྡན་ལྗོན་པའི་མཛེས་མིའེ་ཚོགས།།
མཚར་སྡུག་མེ་ཏོག་རྒྱན་ཕྲེང་ལེགས་སྤྲས་ཐགས་བཟང་གཡུ་ལོའི་ཤམ་བུས་གཡོགས།།
རྨ་བྱའི་འགྲོས་ཀྱི་སྟངས་སྟབས་སྒྱུར་བཞིན་ཕན་ཚུན་སྒེག་ཉམས་ཅི་ཡང་འགྲན།།
ལང་ལོའི་མགོ་དཀྲིས་བཞིན་ཕྱེད་བཀབ་པའི་རི་སྐྱེས་མེ་ཏོག་སྣ་ཚོགས་ཀྱང༌།།
 དཀྱུས་རིང་མཐིང་གའི་སྤྱན་ཟུང་འཛུམ་བཞིན་མཛེས་ཞལ་མཚན་དཔེ་ངོམས་པས་ན།།
རིགས་གཟུགས་ལང་ཚོས་རྒྱགས་པ་འཛིན་པའི་མཐོ་རིས་ཉི་མ་ལྷ་མོ་ཡང༌།།
ཁ་སྐྱེངས་བཞིན་རས་དམར་མདངས་བཀྲ་བཞིན་ཆུ་སྤྲིན་སྲབ་བུའི་གར་ལ་རོལ།།
བྱིའུས་མགྲིན་པའི་རྫ་རྔ་རྡུང་བཞིན་གཤོག་འགྱུར་རྩེད་མོ་སྣ་ཚོགས་སྟོན།།
ཕྱེ་ལེབ་སྒེག་མོས་འཇོ་སྒེག་ཉམས་ཀྱིས་གར་གྱི་སྟངས་སྟབས་སྣ་ཚོགས་བསྒྱུར།།
ཕྱུགས་རྫི་བུ་མོ་རྟ་ཕོར་བཅིབས་ནས་རྫི་གླུ་སྙན་མོ་དབྱངས་སུ་གྱེར།།
                                                    ༢༠༠༢ལོའི་ཟླ༡པའི་ཚེས༣ཉིན།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱིད་དཔལ་སྒེག་མོའི་ལང་ཚོ།

2010-07-31 རྡོ་སྦིས་སྒྲོལ་མ་འབུམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།