ཐོལ་བྱུང་གི་སྐྱོ་མགུར།

ཤར་བློ་བཟང་འཇིགས་མེད་རྣམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-23

བསླུ་མེད་མཆོག་གསུམ་ངོ་བོ་དྲིན་ཆེན་གྱི་བླ་མ།།
བདག་ཡིད་དད་གསུམ་སྤྱི་གཙུག་འཁོར་ལོ་ཡི་རྒྱུན་དུ།།
འབྱོན་ལ་འདིར་སྣང་མཐོང་བ་སྒྱུ་མ་ཡི་ལོངས་སྤྱོད།།
འཛིན་མེད་སྟོང་བའི་དབྱིངས་བཞིན་འཆར་བ་རང་ཤོག་ཅིག།

གཟུང་འཛིན་གཡུལ་དུ་འཐབ་པ་དུག་མཚོ་ཡི་ཀློང་དུ།།
མི་ཤེས་རྨོངས་པ་མཐུག་པའི་ཀུན་རྟོག་གི་བུ་ཆུང༌།།
མ་རིག་འཕྱོན་མའི་གཡོ་དང་འཇོ་སྒེག་གིས་བསླུས་ཏེ།།
སྲིད་གསུམ་དགེ་དཔུང་འཇོམ་པའི་ངང་ཚུལ་འདི་སྐྱོ་ཨང༌།།

སྒྱུ་མའི་གྲོང་ཁྱེར་ཞིག་གི་ཐང་སྟོང་དུ་ཉུལ་ཞིང༌།།
རྣམ་རྟོག་ཀློང་དུ་འཁྱམས་པ་ཚུར་མཐོང་ཧ་སྐྱེས་བུས།།
སྲིད་ལམ་བདེ་བ་མི་རྟག་དབང་གཞུ་ཡི་རང་མདངས།།
འཁྲུལ་མེད་རྟག་བདེར་འཛིན་པའི་ངང་ཚུལ་འདི་སྐྱོ་ཨང༌།།

སྐྱིད་སྡུག་ལེགས་ཉེས་ལས་འབྲས་བླང་དོར་ལ་རྨོངས་པའི།།
སྡུག་བསྔལ་མེ་འོབས་ལྷུང་བ་ཉམ་ཆུང་གི་དབང་བོ།།
ཡོད་ཡོད་འདྲ་བའི་ཀུན་བཏགས་འཇའ་རིས་ལ་ཆགས་ཤིང༌།།
ཞེན་ཐག་ཀུན་ལ་དཀྲིས་པའི་ངང་ཚུལ་འདི་སྐྱོ་ཨང༌།།

འབྱོར་ཕྱུག་དུག་ཆུའི་རྫིང་བུར་མགོ་བོ་རང་འཁོར་ཞིང༌།།
འཇིགས་རུང་བརྩེ་བྲལ་སྲིད་ཁྱིམ་བདེ་བ་རུ་རློམ་པ།།
གང་དྲན་སྐད་ཀྱིས་བརྗོད་པ་བླུན་རྨོངས་པ་དག་གིས།།
རྒྱལ་བསྟན་གདོན་དུ་ལྟ་བའི་ངང་ཚུལ་འདི་སྐྱོ་ཨང༌།།

འཛམ་གླིང་སྐྱེས་རྒུ་མ་ལུས་མགྲིན་དབྱངས་རང་གཅིག་ཏུ།།
ཞི་བདེ་རླུང་ལྟར་སྒྲོག་པར་གསོན་ཉམས་ཤིག་ལྡན་ཡང༌།།
འཚེ་མེད་ཞི་བའི་དབྱིངས་ལ་དམིགས་གཏད་ཀྱི་བུ་རབ།།
ཉིན་སྐར་ཙམ་གྱི་རྗེས་འགྲོའི་ངང་ཚུལ་འདི་སྐྱོ་ཨང༌།།

མི་རྟག་ཉམ་ཆུང་ཆེ་འདི་རླུང་དཀྱིལ་གྱི་མར་མེ།།
འདུ་འབྲལ་གཅིག་ཏུ་མ་ངེས་རྟེན་འབྲེལ་གྱི་ཆོས་ཉིད།།
བསགས་པའི་གཅེས་ནོར་ཐུན་གསུམ་རྨི་ལམ་གྱི་རོ་མྱོང༌།།
ཚེ་འདི་བདེན་ཞེན་འཆའ་བ་སྙིང་བོ་ཅང་མི་འདུག།

སྤྲིན་དཀར་ལ་ཐོད་བཅིངས་པའི་ས་འཛིན་གྱི་མགུལ་དུ།།
མ་བཅོས་ལྷུན་གྲུབ་རང་བྱུང་ཁང་བཟང་གི་དབུས་ནས།།
རྩྭ་ལྡུམ་ཟས་སུ་རོལ་བའི་དཀའ་སྤྱོད་དུ་གནས་ཤིང༌།།
བྱ་ཚོགས་གྲོགས་སུ་བསྟེན་པའི་སྐལ་བ་ཞིག་བྱུང་ན།།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོལ་བྱུང་གི་སྐྱོ་མགུར།

2010-07-23 ཤར་བློ་བཟང་འཇིགས་མེད་རྣམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།