དུང་ཟླ།

མར་ནང་འཇིགས་མེད་དཔལ་ལྡན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-23

ཀ་མ་ལ་ལྟར་ཁ་དོག་རབ་དཀར་ག་བུར་བསུང་ཞིམ་འཐུལ་ཞིང་ཟླ་བཞིན་འཛུམ་གྱིས་འཁྱུད་པའི་ང་ཡི་སྙིང་གི་སྡུག་གུ་མ།།
ཅ་ཅོ་ལོང་གཏམ་མི་སྨྲ་ཆ་ལུགས་ཀུན་མཐུན་ཇ་ཡུན་ཙམ་དུ་འགྲོགས་ཀྱང་ཉ་ཟླ་ཇི་བཞིན་མ་ལུས་ཡིད་ཀྱི་གདུང་སེལ་མ།།
ཏཱ་རེ་སྒྲོལ་མ་ཇི་བཞིན་ཐ་ན་ཚིག་རྩུབ་སྨྲས་ཀྱང་ད་དུང་ཚུར་ལ་ངག་འཇམ་ན་ཚོད་བཅུ་དྲུག་ཡིད་འོང་སྒེག་ལྡན་མ།།
པ་སངས་ལྟར་དཀར་ལྷག་བསམ་དུང་གིས་ཕ་རོལ་འཛུམ་གྱིས་བསུ་ཚེ་བ་སྤུ་མི་གཡོ་མེད་པའི་གཞན་ཡིད་འགུགས་པའི་ལྕགས་ཀྱུ་མ།།
ཙ་རིའི་སྨྱུག་མ་ལྟར་དྲང་ཚ་ལུ་མ་བཞིན་མཁུར་ཚོས་རབ་དམར་ལུས་ཀུན་ཛ་ཏིའི་དྲིས་ཁྱབ་ཝ་ལོང་མེ་ཏོག་རྒྱན་འཆང་མ།།
ཞྭ་མོ་མགུལ་རྒྱན་དང་ནི་ཟ་འོག་གོས་ཀྱིས་ལེགས་པར་སྤྲོས་ཚེ་འ་ཅག་མིག་ལ་ཡ་མཚན་ལྟ་བས་མི་ངོམས་གཟི་འཕྲོག་མ།།
ར་གན་གསེར་ལ་བརྫུས་པའི་གཡོ་འཕྲུལ་མེ་ཅིང་མཉེན་ལྕུག་ལུས་ཀྱི་ཤ་རྩ་དུང་ལས་རབ་དཀར་ས་སྟེང་ལུས་ཕྲའི་གཙུག་རྒྱན་མ།།
ཧ་ཧ་བཞད་པའི་གསུང་སྐད་སྙན་མོས་དབྱངས་བདུན་རྫོགས་པའི་ཁུ་བྱུག་ལ་འཕྱ་ཨ་ཨ་མཛེས་སྡུག་ལྟ་བས་ཆོག་མེད་མ།།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུང་ཟླ།

2010-07-23 མར་ནང་འཇིགས་མེད་དཔལ་ལྡན། ཀློག་གྲངས། མཆན ཡོད།

ཀ་མ་ལ་ལྟར་ཁ་དོག་རབ་དཀར་ག་བུར་བསུང་ཞིམ་འཐུལ་ཞིང་ཟླ་བཞིན་འཛུམ་གྱིས་འཁྱུད་པའི་ང་ཡི་སྙིང་གི་སྡུག་གུ་མ།།
ཅ་ཅོ་ལོང་གཏམ་མི་སྨྲ་ཆ་ལུགས་ཀུན་མཐུན་ཇ་ཡུན་ཙམ་དུ་འགྲོགས་ཀྱང་ཉ་ཟླ་ཇི་བཞིན་མ་ལུས་ཡིད་ཀྱི་གདུང་སེལ་མ།།
ཏཱ་རེ་སྒྲོལ་མ་ཇི་བཞིན་ཐ་ན་ཚིག་རྩུབ་སྨྲས་ཀྱང་ད་དུང་ཚུར་ལ་ངག་འཇམ་ན་ཚོད་བཅུ་དྲུག་ཡིད་འོང་སྒེག་ལྡན་མ།།
པ་སངས་ལྟར་དཀར་ལྷག་བསམ་དུང་གིས་ཕ་རོལ་འཛུམ་གྱིས་བསུ་ཚེ་བ་སྤུ་མི་གཡོ་མེད་པའི་གཞན་ཡིད་འགུགས་པའི་ལྕགས་ཀྱུ་མ།།
ཙ་རིའི་སྨྱུག་མ་ལྟར་དྲང་ཚ་ལུ་མ་བཞིན་མཁུར་ཚོས་རབ་དམར་ལུས་ཀུན་ཛ་ཏིའི་དྲིས་ཁྱབ་ཝ་ལོང་མེ་ཏོག་རྒྱན་འཆང་མ།།
ཞྭ་མོ་མགུལ་རྒྱན་དང་ནི་ཟ་འོག་གོས་ཀྱིས་ལེགས་པར་སྤྲོས་ཚེ་འ་ཅག་མིག་ལ་ཡ་མཚན་ལྟ་བས་མི་ངོམས་གཟི་འཕྲོག་མ།།
ར་གན་གསེར་ལ་བརྫུས་པའི་གཡོ་འཕྲུལ་མེ་ཅིང་མཉེན་ལྕུག་ལུས་ཀྱི་ཤ་རྩ་དུང་ལས་རབ་དཀར་ས་སྟེང་ལུས་ཕྲའི་གཙུག་རྒྱན་མ།།
ཧ་ཧ་བཞད་པའི་གསུང་སྐད་སྙན་མོས་དབྱངས་བདུན་རྫོགས་པའི་ཁུ་བྱུག་ལ་འཕྱ་ཨ་ཨ་མཛེས་སྡུག་ལྟ་བས་ཆོག་མེད་མ།།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།