སྐྱོ་སྣང་གི་མཆི་མ།

རྫ་ཚེ་དབང་བསྟན་འཛིན།། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-22

བློ་ལྡན་རི་བོང་གཞོན་ནུ་མཛའ་གྲོགས་སུ་བསྡེབས་ཤིང༌།།
ཟླ་ཤེལ་ཞུན་མའི་འཛུམ་དཀར་དབྱིངས་རིམ་ནས་བཞུད་སོང༌།།
མིག་སེར་འུག་པ་སྒྲོ་ཁྲས་ཁང་ཆག་གི་གསེབ་ནས།།
རྒུད་པ་མགྲོན་དུ་བསུ་བའི་རྟུལ་ཕོད་ནི་མང་འདུག།
དྲོད་འཇམ་འོད་གོར་འབར་བའི་སྣང་བྱེད་ཀྱི་དབང་བོ།།
སྤྲིན་དཀར་འབོལ་ཁྲིའི་གདན་ལས་ནུབ་རི་ལ་ཡིབ་སོང༌།།
བྱ་རོག་རྒན་པོ་བྲག་སྐྱིབས་སྡོང་སྐམ་གྱི་གསེང་ནས།།
བརྟུལ་ཞུགས་འཆང་བའི་ཀི་སྒྲ་ནོར་འཛིན་མས་མ་ཐེག།
ཁ་བའི་རྡུལ་མང་བརྩེགས་པའི་རི་རྒྱལ་གྱི་སྤོ་ནས།།
སྡེར་ཆགས་རྒྱལ་པོའི་གོ་གནས་ལྷ་ཡུལ་དུ་འཕགས་སོང༌།།
ཤུལ་ན་གཡོ་ཅན་ཝ་མོའི་འག་སྐད་ཅིག་འདོན་བཞིན།།
རང་མཐོང་ཁྲག་གི་རྦ་ཀློང་མི་ཡུལ་དུ་འཕྱུར་འདུག།
མཐོན་པོ་རྫ་མགོ་ཉུལ་བའི་བྲེ་སེར་གྱི་འབྲོང་ཁྱུ།།
ལ་རྒྱའི་སྤོབས་པ་བསྐྱེད་དེ་གཞན་དོན་དུ་ཕེབས་སོང༌།།
འཕར་སྤྱང་ཤ་དད་ཅན་དག་དཀར་དྲི་ལ་ཆགས་བཞིན།།
ལྟས་ངན་གྲོང་རྒྱུག་བྱེད་པའི་ངང་ཚུལ་འདི་བཙོག་ཨང༌།།
གཤིས་འཇམ་ངང་དཀར་བུ་མོ་བག་ཡོད་ཀྱི་ངང་དུ།།
ཞིམ་མངར་དྭངས་གཙང་ལྡན་པའི་ཆུ་མིག་ལ་འཕུར་སོང༌།།
ལྕི་འདམ་ཟས་སུ་རློམ་པའི་མཆུ་ལེབ་ཀྱི་འདམ་བྱས།།
མི་གཙང་བཙོག་ཆུའི་རྐ་ལམ་མི་ཡུལ་དུ་དྲངས་སོང༌།།
མཁའ་ལྡིང་ཐང་དཀར་རྒོད་ཀྱིས་ཕྱིར་མིག་ཅིག་འཕངས་ཏེ།།
གངས་འདབས་ནགས་མའི་ཀློང་ནས་ལྷོ་མཐའ་རུ་འཕུར་སོང༌།།
ཁྲེལ་མེད་གླག་མོས་བྲག་གི་སྡོང་སྐམ་དེར་འཁྲེན་བཞིན།།
རིགས་མཐུན་བྱ་བརྒྱའི་ཚང་མལ་ཆག་ཀྲུམ་དུ་ཤོར་སོང༌།།
ཡབ་མེས་མཁས་མཛངས་ལྡན་པའི་སྨྱུག་འཛིན་གྱི་ཚོགས་རྣམས།།
ཉེས་མེད་བཙོན་ལས་མ་ཐར་ཚེ་སྲོག་ཀྱང་ཤོར་སོང༌།།
རྙིང་ཞེན་སྒྲོག་གིས་བཅིངས་པའི་མཁར་ཤུལ་གྱི་རྒན་པོས།།
འགལ་འདུ་ཁྲག་གི་འཁོར་ལོ་བསྐོར་མཚམས་ནི་མ་བཞག།
འཛམ་གླིང་ཞི་བདེར་ཡོང་བའི་སྟོང་སེམས་ཙམ་འདི་ལས།།
མཐར་རྒྱ་གཅོད་པའི་བློ་མིག་སྤྲང་འཁྱམ་ངར་མི་འདུག།
བདག་གཞན་གཉིས་ཀ་བསམ་པའི་ན་ཟུག་ཅི་ལྕི་ཡང༌།།
རྩོད་གླེང་བྱེད་པའི་ནུས་པ་སྤྲང་འཁྱམ་ངར་མི་འདུག།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱོ་སྣང་གི་མཆི་མ།

2010-07-22 རྫ་ཚེ་དབང་བསྟན་འཛིན།། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།