དབེན་གནས་དང་གྲོགས་པོ།

                                         _________སྟོན་ཟླ་བརྒྱད་པར་ཁོ་བོ་སྒྲུབ་གནས་ཚྭ་རྒྱལ་དགོན་པར་ཕྱིན་ཏེ་ཞག་འགར་བསྡད་པ།
སྨུག་སྤྲིན་དཀར་པོ་རི་རྩེར་གཡོ་མེད་གནས།།
བསིལ་འཇམ་རླུང་བུ་ཤིང་ལོ་འཐུ་བར་སྐྲག།
གནས་འདིའི་ལྷིང་འཇགས་དཀྲོགས་པར་མི་འདོད་པས།།
འགབ་ཀྱི་ཆུ་ཕྲན་དེ་ཡང་ལྷོད་ཀྱིས་འབབ།།

ཨེ་མ་རང་ཤོང་སྤྱིལ་བུ་གྲུ་བཞིའི་ནང༌།།
བསམ་གཏན་བདེ་བའི་ས་རྟེན་ལ་སྐྱིལ་དཀྲུང་གིས།།
ཐུན་བཞིའི་རྣལ་འབྱོར་སྐྱོང་བའི་ཆོས་གྲོགས་ཚོར།།
ལག་གཅིག་མཇལ་བས་བདག་སེམས་དགའ་བས་མྱོས།།

སྔོ་སྐྱའི་རྩྭ་ལོ་ནེམ་པའི་གསེར་ལུང་ཐང༌།།
བཀྲ་ཤིས་རི་མོས་མཛེས་པའི་དུང་དཀར་བྲག།
སྒོམ་ཁང་མདུན་གྱི་གཡང་གི་རི་ཆུང་སོགས།།
ཞབས་སྐྱེས་སྟངས་སྟབས་བསྒྱུར་བའི་གདན་དུ་བླངས།།

གསོམ་ཤིང་གཡུ་ལོའི་གོས་ཀྱི་ཐུབ་འོག་ནས།།
ཆུང་སྐྱེས་གྲོགས་རྣམས་དགྱེས་པའི་མགུར་ཞིག་འཐེན།།
དྭངས་གཙང་སེམས་པ་དམར་པོའི་གསང་ལམ་དུ།།
དགའ་སྐྱོའི་ཁྲག་དྲོན་འཁོལབ་འི་མཚོ་ཞིག་བསྐྱིལ།།

ཕྱི་ཡི་ཆ་ལུགས་འདུལབ་འི་ཆོས་བཞིན་སྤྱོད།།
ནང་གི་ཀུན་སློང་འོ་མའི་མདངས་ཀྱིས་དཀར།།
འདོད་ཡོན་སྒེག་མོའི་འཕྲུལ་གྱིས་མ་བསླུས་པའི།།
དབེན་པའི་གྲོགས་རྣམས་འདི་ན་ཉམས་རེ་དགའ།།

གཞོན་དུས་རེ་སྨོན་སྲན་དཀར་ཟླུམ་པོའི་འབྲུ།།
སྒྲུབ་པའི་གནས་མཆོག་འདི་རུ་བཏབ་ལགས་ཀྱང༌།།
ལས་རླུང་གནམ་གྱི་རྒྱལ་མོའི་བཀའ་ལུང་གིས།།
ཁོ་བོ་ཟང་ཟིང་སྒྱུ་མའི་གྲོང་ལ་སྤྱུགས།།

ཞོགས་པའི་བསང་བདུད་དམའ་མོར་འཁྱོར་ཚུལ་གྱིས།།
ཁོར་ཡུག་རི་ཆུའི་གདོང་ལ་བསུང་ངད་བྱུགས།།
དུང་སྐད་རིམ་གྱིས་མཐོ་བའི་འགྱུར་ཁུགས་འདིས།།
དྲན་ཤེས་མེ་ལོང་བསྟེན་པའི་གསལ་ཅིག་འདེབས།།

དགོང་ཀའི་ཉི་མས་སྐྱེས་ཆེན་འདེགས་པའི་དུས།།
འཇོལ་མོའི་གྲེ་འགྱུར་གཉོམ་པོ་མཚམས་མི་འཇོག།
དབེན་པའི་ནགས་ཀྱི་རྐང་ལམ་ཕྲ་མོ་རུ།།
ཤིང་ཐུན་མང་པོ་ཡུལ་ལ་ལོག་པའང་མཐོང༌།།

སྲོད་དུས་ཟླ་འོད་བདུད་རྩིའི་ཆུ་རྒྱུན་གྱིས།།
གནས་འདིར་བྲན་ཚེ་སྔར་ས་དབེན་ཞིང་སིམ།།
བརྩེ་སེམས་རྒྱུན་ཐག་སྲ་བའི་གྲོགས་པོ་ཚོས།།
སྐྱིད་སྡུག་གཏམ་གྱི་སྒོ་གླེགས་སླར་ཡང་ཕྱེ།།

ད་ནི་ཁྱེད་རང་ཡུལ་ཕྱོགས་གང་དུ་ཕེབས།།
འུ་ཅག་སླར་ཡང་ད་དུས་མཇལ་འགྱུར་ཞེས།།
གྲོགས་རྣམས་སེམས་པ་འཁྲེང་བའི་རྣམ་འགྱུར་གྱིས།།
ཐུན་གསུམ་མཚན་གྱི་རྨི་ལམ་སྐད་ཅིག་བརྒལ།།

ངེས་མེད་གཡོ་བའི་རླབས་ཀྱི་མཇིང་བ་ན།།
གར་འགྲོ་རང་དབང་བྲལ་བའི་ཤིང་ཕྲན་བཞིན།།
ལས་ཀྱི་ཞགས་པས་བཅིངས་བའི་འཁོར་བ་པའི།།
ཀྱག་ཀྱོག་ལམ་བུའི་རིང་ཐུང་སུ་ལ་འདྲི།།

འཁྲེང་སེམས་ལྕི་མོས་རི་ལམ་སྐྱ་མོ་བཟུང༌།།
རི་རྩེའི་ཉག་ཁའི་བར་ནས་ཕྱི་མིག་འཕངས།།
དབེན་པའི་བསྟི་གནས་འབྲས་དཀར་སྤུངས་པའི་ཚོམ།།
ཐང་ཤིང་སྔོན་མོའི་ཀློང་ན་ལྷིང་ཞིང་འཇགས།།

མི་ཆེ་མི་ཆུང་རྣམ་རྒྱལ་མཆོད་རྟེན་འགྲམ།།
ངུར་སྨྲིག་བླ་གོས་འཆང་བའི་དགེ་སྦྱོང་འགའ།།
རྒྱང་བཞུད་གྲོགས་ཀྱི་རྗེས་ལ་མངོན་ཕྱོགས་ཏེ།།
བདེ་སྨོན་གཟན་སྣེ་ཡང་ཡང་གཡུག་པ་མཐོང༌།།
                                        ༢༠༠༩ .༡༢. ༡༠ཉིན་གྲོང་ཁྱེར་སྤོས་ལྡན།

རྩོམ་ཁུངས། ཀུ་ཤུ་དམར་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབེན་གནས་དང་གྲོགས་པོ།

2010-07-22 ལྡོང་ཆུ་ཤེལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།