འབྲུག་སྐྱིད་ཀྱི་སེམས་ཁ་བསྲོ་བྱེད་དུ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-22

ཚེ་རབས་འདི་ཡི་སྐྱ་ཡ་མ་ཉན་ཐལ།།
ཚེ་གྲོགས་ལྟ་བུའི་ཞེ་འདང་མ་ཆགས་ཐལ།།
ཚེ་ཐོག་འདི་ནས་རྩེད་ཁོམ་མ་བྱུང་ཐལ།།
ཚེ་སྔོན་ལས་ཀྱིས་བསྐོས་པ་མིན་ཤས་ཆེ།།

འཇིག་རྟེན་འཁོར་བ་རེས་སྐྱིད་རེས་སྡུག་རེད།།
བརྩེ་བའི་ཨ་ལོང་ཡང་འཐོར་ཡང་འབྲེལ་རེད།།
རིམ་གྱིས་ཟད་པ་ལང་ཚོའི་དབྱར་ཟླ་རེད།།།
སྐྱོ་བའི་མྱ་ངན་ལོ་རེར་ཇེ་ལྕི་རེད།།

ཆུང་ཆུང་ལུ་གུ་འཚོ་བའི་རྫི་རོགས་དང༌།།
སེར་ཆེན་མེ་ཏོག་ལྟ་བུའི་ཆུང་འདྲིས་དེ།།
དམར་ཆུང་སྙིང་གི་གཅེས་ལོ་མིན་ནའང༌།།
གློ་མཆིན་གླན་པའི་ལོ་ཟླ་དྲན་གྱིན་འདུག།

བདག་ལ་བཏང་བའི་འཕྲིན་པ་ཡིག་ནོར་ཅན༌།།
དེ་ཡི་གསེང་གི་འདྲ་པར་མཚོན་མདོག་ཅན།།
མེ་ལ་མ་བསྲེག་ཆུ་ལ་མ་བསྐྱུར་བར།།
ཁྱོད་ཀྱི་ལག་ཏུ་འབྱོར་ཐབས་བྱས་ཡོད་དོ།།

མཛའ་མོ་ཟེར་བཞིན་མིག་གིས་འཚོ་བའི་དུས།།
འཕྱོར་ལྡན་མ་སྲིའི་ཏོག་ཏུ་སྣང་ཞིང་སྣང༌།།
བདག་གི་གམ་ནས་རྒྱང་དུ་བཀྱེད་པའི་ཚེ།།
ཁྲེལ་མེད་སྲིན་མོའི་རང་གཟུགས་དོད་ནས་ཡོང༌།།

ཆགས་པ་རྒོད་པའི་མཚན་མོ་རེ་རེ་ལ།།
མཇེ་ཡིས་ཁྱོད་ནི་དྲན་ཡང་སྲིད་མོད་ཀྱང༌།།
སེམས་ཀྱི་རྟ་ཕོ་སྲབ་ཀྱིས་གཅུན་པའི་ཚེ།།
འབྲུག་སྐྱིད་གོར་མ་རྡོ་ལྟར་འཁྱག་ཚོད་འདུག།
                                               2009/4/28

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲུག་སྐྱིད་ཀྱི་སེམས་ཁ་བསྲོ་བྱེད་དུ།

2010-07-22 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

ཚེ་རབས་འདི་ཡི་སྐྱ་ཡ་མ་ཉན་ཐལ།།
ཚེ་གྲོགས་ལྟ་བུའི་ཞེ་འདང་མ་ཆགས་ཐལ།།
ཚེ་ཐོག་འདི་ནས་རྩེད་ཁོམ་མ་བྱུང་ཐལ།།
ཚེ་སྔོན་ལས་ཀྱིས་བསྐོས་པ་མིན་ཤས་ཆེ།།

འཇིག་རྟེན་འཁོར་བ་རེས་སྐྱིད་རེས་སྡུག་རེད།།
བརྩེ་བའི་ཨ་ལོང་ཡང་འཐོར་ཡང་འབྲེལ་རེད།།
རིམ་གྱིས་ཟད་པ་ལང་ཚོའི་དབྱར་ཟླ་རེད།།།
སྐྱོ་བའི་མྱ་ངན་ལོ་རེར་ཇེ་ལྕི་རེད།།

ཆུང་ཆུང་ལུ་གུ་འཚོ་བའི་རྫི་རོགས་དང༌།།
སེར་ཆེན་མེ་ཏོག་ལྟ་བུའི་ཆུང་འདྲིས་དེ།།
དམར་ཆུང་སྙིང་གི་གཅེས་ལོ་མིན་ནའང༌།།
གློ་མཆིན་གླན་པའི་ལོ་ཟླ་དྲན་གྱིན་འདུག།

བདག་ལ་བཏང་བའི་འཕྲིན་པ་ཡིག་ནོར་ཅན༌།།
དེ་ཡི་གསེང་གི་འདྲ་པར་མཚོན་མདོག་ཅན།།
མེ་ལ་མ་བསྲེག་ཆུ་ལ་མ་བསྐྱུར་བར།།
ཁྱོད་ཀྱི་ལག་ཏུ་འབྱོར་ཐབས་བྱས་ཡོད་དོ།།

མཛའ་མོ་ཟེར་བཞིན་མིག་གིས་འཚོ་བའི་དུས།།
འཕྱོར་ལྡན་མ་སྲིའི་ཏོག་ཏུ་སྣང་ཞིང་སྣང༌།།
བདག་གི་གམ་ནས་རྒྱང་དུ་བཀྱེད་པའི་ཚེ།།
ཁྲེལ་མེད་སྲིན་མོའི་རང་གཟུགས་དོད་ནས་ཡོང༌།།

ཆགས་པ་རྒོད་པའི་མཚན་མོ་རེ་རེ་ལ།།
མཇེ་ཡིས་ཁྱོད་ནི་དྲན་ཡང་སྲིད་མོད་ཀྱང༌།།
སེམས་ཀྱི་རྟ་ཕོ་སྲབ་ཀྱིས་གཅུན་པའི་ཚེ།།
འབྲུག་སྐྱིད་གོར་མ་རྡོ་ལྟར་འཁྱག་ཚོད་འདུག།
                                               2009/4/28

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།