སྒོར་མོ་མེད་ན།

གྲ་གཉེན་ཚེ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-01

ཨ་ཧོ་རིག་པའི་གནས་ལ་བྱང་བའི་ཀློང་བརྡོལ་མཁས་དབང་མ་ཡིན་ཡང་།
ཧ་གོ་དོན་གསལ་མྱོང་ཚོར་ཐོར་བུ་ཀ་ཕྲེང་ཀློང་ནས་བརྗོད་སྙམ་པས།
ཨ་ཙི་རིག་པའི་ཀློང་བརྡོལ་མཁྱེན་རབ་དཔལ་ལྡན་ཁྱེད་ཀྱིས་གཟིགས་འགྱུར་ན།
ཧ་ཧའི་བཞད་བགད་ཚུལ་དུ་མི་འགྲོ་བདེན་དོན་ཡིན་མིན་དཔྱོད་པར་འཚལ།

ས་མཐར་འགྲིམས་པའི་ཡུལ་བསྐོར་ཚོགས་ལ་སྒོར་མོ་མེད་ན་བློ་སེམས་འཁྱོག།
ཤ་རུས་འདྲེས་པའི་སྤུན་ཟླའི་དབར་ལ་སྒོར་མོ་མེད་ན་དགྲ་རུ་མངོན།
ལ་ལུང་མགྲིམས་པའི་མཐོང་ཐོས་མང་ཡང་སྒོར་མོ་མེད་ན་ཉན་མཁན་དཀོན།
ར་རིའི་དྲི་བྲལ་བརྩེ་དུང་ཟབ་ཀྱང་སྒོར་མོ་མེད་ན་མཐུན་ཐབས་དཀའ།

ཡ་མཚན་ཅན་གྱི་ཅ་དངོས་མདུན་དུ་སྒོར་མོ་མེད་ན་སྤྱོད་མི་ཤེས།
འ་འུར་ཆེ་བའི་ཨར་ཁང་ནང་དུ་སྒོར་མོ་མེད་ན་ཆང་གྲོགས་མེད།
ཟ་ཟིའི་ངང་དུ་ཁྲོམ་སྲང་མྱུལ་དུས་སྒོར་མོ་མེད་ན་ཁྱིས་ཀྱང་འཕྱ།
ཞྭ་མོ་ཟུར་གྱོན་ཀྲོག་ཀྲོག་ཆེ་ཡང་སྒོར་མོ་མེད་ན་སྨྱོ་མཆོངས་ཡིན།

ཝ་ལེར་འཆར་བའི་མཛེས་མའི་འགྲམ་དུ་སྒོར་མོ་མེད་ན་བརྩེ་བ་རུལ།
ཛ་དྲག་ལས་དོན་མདུན་དུ་ཡོད་ཀྱང་སྒོར་མོ་མེད་ན་མཐུས་ཤོར་འགྲོ།
ཚ་ཚ་འུར་འུར་ལས་ལ་བརྩོན་པ་སྒོར་མོ་དམར་པོ་དེ་ཡི་ཆེད།
ཙ་རིའི་སྨྱུའུ་བཞིན་རང་སེམས་འདྲོང་ཡང་སྒོར་མོ་མེད་ན་འཁྱོག་ལ་འཕྱང་།

མ་བཅོས་ཞལ་རས་གངས་ལྟར་དཀར་ཡང་སྒོར་མོ་མེད་ན་ནག་པོར་འཕྲུལ།
བ་སོའི་མདངས་ལྡན་ལྷད་མེད་བརྩེ་སེམས་སྒོར་མོ་མེད་པའི་དུག་ཆུས་གནོག།
ཕ་ཡུལ་འཛུགས་བསྐྲུན་བྱ་དགོས་ཟེར་ཡང་སྒོར་མོ་མེད་ན་ཤོད་ཤོད་ཙམ།
པ་སངས་ལྟ་བུའི་བཀྲག་མདངས་ལྡན་ཡང་སྒོར་མོ་མེད་ན་མངོན་ཆུང་ཡིན།

ན་བའི་སྡུག་གིས་འཆི་བར་ཉེ་ཡང་སྒོར་མོ་མེད་ན་སུ་ཡིས་སྐྱབས།
ད་ལྟའི་དུས་འདི་སྐལ་བཟང་ཟེར་ཡང་སྒོར་མོ་མེད་ན་དུས་ངན་ཡིན།
ཐ་ན་གཅིན་པ་གཏོང་བར་སྙམ་ཡང་སྒོར་མོ་མེད་ན་འགྲིག་ཐབས་མེད།
ཏ་ཏོར་བརྩེ་བའི་རྒྱུན་ཐག་ཆད་པ་སྒོར་མོ་མེད་པའི་ནག་ཉེས་ལགས།

ཉ་གང་ཟླ་བའི་བཞིན་གྱི་མཛུམས་མདངས་སྒོར་མོ་མེད་པའི་གཟའ་ཡིས་བཅོམ།
ཇ་ཆུ་དབྱེ་འབྱེད་དཔོན་ཆེན་དམ་པར་སྒོར་མོ་མེད་ན་ཟ་སྒོ་འབྱེད།
ཆ་ལུགས་མཐུན་པའི་དམན་ཆུང་ཚོགས་ལ་སྒོར་མོ་མེད་ན་རང་ལུས་འཚོང་།
ཅ་ཅོ་ཆེ་བའི་སྤྱི་ཚོགས་སྟེང་དུ་སྒོར་མོ་མེད་ན་བདེ་བ་དབེན།

ང་གསོན་ཁྱེད་ཤིའི་འཐབ་རྩོད་ཁྲོད་དུ་སྒོར་མོ་མེད་ན་རྗེས་སུ་ལུས།
ག་བཏང་གོ་ཆོད་སྒོར་མོ་དེ་ལ་ང་ཚོ་ཚང་མའི་ཕུགས་བསམ་བཅོལ།
ཁ་ཙམ་མིན་པར་སྙིང་གི་དབུས་ནས་སྒོར་མོ་དེ་ལ་སྐྱབས་སུ་མཆི།
ཀ་ལ་པིང་ཀའི་དབྱངས་སྙན་གཏོད་དེ་སྒོར་མོ་དེ་ལ་བསྟོད་གླུ་འབུལ།
                                         ༢༠༡༡ /༨/ ༡༥དགོང་མོ་བཟོ་བཅོས་བྱས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒོར་མོ་མེད་ན།

2011-09-01 གྲ་གཉེན་ཚེ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།