ཚེས་གསུམ་ཟླ་བ།

ཚེས་གསུམ་དགོང་དྲོ་ནུབ་ཀྱི་རི་དང་འདོམ་པ་གང་གི་བར་ཐག་ན།།
ཟོར་བ་རྙིང་བའི་བཟོ་དབྱིབས་འཛིན་པའི་ན་ཆུང་ཚེས་གསུམ་ཟླ་བ་དེས།།
རང་ལ་བཅོ་ལྔའི་ཟླ་བའི་འོད་ཀྱི་ཟུར་ཙམ་མེད་པ་ཤེས་མ་ཐག།
ཅུང་ཟད་སྐྱེངས་ནས་མུར་བ་ཉིད་དུ་མཚམས་སྤྲིན་དམར་པོའི་གསེབ་ཏུ་ཡིབས།།

དེ་ཚེ་དཀྲོག་དཀྲོག་བྱང་སྐར་བདུན་པོས་ཁྲེལ་བཞིན་འཕྱ་སྨོད་འདི་སྐད་ཅེས།།
སྐར་མིན་ཟླ་མིན་ཚེས་གསུམ་ཟླ་བ་གངས་མིན་ཆར་མིན་ར་མ་ལུག།
སྐར་མ་ཡིན་ཟེར་མཛེས་བཟོ་མེད་ལ་ཟླ་བ་ཡིན་ཟེར་འོད་ཟེར་མེད།།
 ཁྱེད་དང་དུ་བ་མཇུག་རིང་གཉིས་པོ་མཚན་མོའི་དགུང་གི་ཞབས་འདྲེན་རེད།།

དེ་ལ་སྨིན་དྲུག་སྤྲེལ་ལད་ཚ་པོས་རམ་སྐྱོར་བྱས་ནས་འདི་སྐད་ཅེས།།
རྣམ་རྟོག་སློང་་མཁན་ཚེས་གསུམ་ཟལ་བ་སྡིག་པ་དཀར་པོའི་རྭ་ཅོ་འདྲ།།
ང་ཚོ་སྐར་གྲལ་འགྲིག་པའི་སྐབས་སུ་ལྟས་ངན་ལ་མོའི་རྒྱབ་ཏུ་བཞུད།།
ཁྱེད་དང་ཁྱེད་ཀྱི་གྲོང་པ་པ་སངས་གཉེན་སྒྲིག་བྱས་ན་མི་མཛེས་སམ།།

ཆུ་སྣ་གར་ཁྲིད་སྐར་ཆུང་མང་པོས་ཅ་ཅོ་ཧབ་ཐོབ་ཤིག་ཤིག་སྒྲོག།
ང་ཚོ་བརྟན་སྐར་རྒྱུ་སྐར་མཐའ་དག་དགུང་གི་རྒྱན་ཆ་ཡིན་ནོ་ཟེར།།
ཁྱི་རྒན་ཀུ་ཅོ་སྒྲོག་པའི་དུས་སུ་རྒྱུ་མཚན་མེད་པར་གཞན་དག་རྒྱུགས།།
ཞེས་པའི་སྔོན་བྱོན་མཁས་པའི་ལུང་བསྟན་འདི་ན་ངོ་མ་དུས་ལ་བབས།།

ཚེས་གསུམ་ཟླ་བ་ཆུ་འཛིན་གསེབ་ཏུ་སྐྱོ་བའི་མིག་ཆུང་དབང་མེད་ཤོར།།
མིག་ཆུའི་ཐིགས་པ་ཆར་ལ་སྤྲུལ་ཏེ་ཡངས་པའི་ས་གཞིར་ལྷུང་ལྷུང་བབས།།
སོ་ནམ་བགྲེས་པོས་མཐོ་བོང་བསྟན་ནས་ནམ་མཁའི་གླང་པོར་བསྔགས་པ་ལས།།
དོན་དུ་ཚེས་གསུམ་ཟླ་བའི་བཀའ་དྲིན་ཡིན་པའི་ལྐོག་རྒྱུ་ག་ལ་རྟོགས།།

སྐབས་དེར་ཤེས་རིག་བཀྲ་བའི་ཁྱིམ་མཚེས་པ་སངས་གཞོན་ནུས་འདི་སྐད་ཅེས།།
གདུང་བར་མ་བྱེད་ན་ཚོད་ཕྲ་བའི་མཛེས་མ་ཚེས་གསུམ་ཟླ་བ་ཀྱེ།།
ར་ཕོ་མར་མར་རེའུ་ཡར་ཡར་འཇིག་རྟེན་ཁམས་ཀྱི་ཆོས་ཉིད་ཡིན།།
རིང་མིན་རྒྱུ་སྐར་རྒྱལ་བོར་འགྱུར་བའི་གསར་སྐྱེས་མྱུ་གུ་ཁྱེད་མིན་སུ།།

ཡར་ངོ་མར་ངོ་ཡས་གནས་མས་གནས་རེས་མོས་ཡིན་པ་བསྙོན་དུ་ཅི།།
གདུང་བར་མ་བྱེད་སེམས་ཁམས་ཡངས་པོས་རང་གི་ལུས་སྟོབས་གསོ་བར་གྱིས།།
ཞེས་པའི་གཏམ་ལ་ཚེས་གསུམ་ཟླ་བ་སྙིང་གི་གཏིང་ནས་རབ་མོས་ཏེ།།
པ་སངས་གཞོན་ནུར་ལག་གདང་སྦྲེལ་ཏེ་ནུབ་ཕྱོགས་ཨོ་རྒྱན་གླིང་དུ་བཞུད།།

རྩོམ་ཁུངས། སེམས་ཀྱི་བཞུར་རྒྱུན།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེས་གསུམ་ཟླ་བ།

2010-11-04 མཁས་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།