ཀ་ཕྲེང་བྱུ་རུའི་དོ་ཤལ།

སྨོན་ལམ་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-10-26

རྒྱལ་ཀུན་འཕྲིན་ལས་བཻཌཱུར་ཞུམ་མའི་ཁམས།།
ངོ་མཚར་ཏ་ཡིག་ལྗང་ཁུའི་འཕྲོ་འདུ་ལས།།
ཡིད་འཕྲོག་མཛེས་སྡུག་ལྷ་མོའི་ཟློས་གར་ཅན།།
འཇིགས་པ་བརྒྱད་ལས་སྒྲོལ་མཛད་དེ་ཡིས་སྐྱོངས།།
ཀ་དག་གདོད་ནས་ས་བཅུ་མཐར་སོན་མ།།
ཁ་བ་ཅན་གྱི་ལྷག་ལྷ་ཁྱད་འཕགས་མ།།
ག་སར་འགྲོ་དོན་ཐུགས་ལས་མི་གཏོང་མ།།
ང་ཅག་བྱམས་བརྩེའི་ཀློང་ནས་འདོར་མེད་མ།།
ཅ་ནེ་ཕོར་བ་ཙམ་གྱིས་ཆོག་སྙམ་མ།།
ཆ་རྐྱེན་ཞན་ན་ཐུགས་རྗེས་ལྷག་སྐྱོང་མ།།
ཇ་ནོམ་རྫས་ཀྱི་ལྕགས་སྒྲོག་མྱུར་གཅོད་མ།།
ཉ་གང་ཟླ་བའི་དཔལ་འཁུ་མཛེས་ལྡན་མ།།
ཏ་ལའི་ཤིང་གི་འདབ་གྱོན་དཀའ་ཐུབ་མ།།
ཐ་གྲུ་ཡངས་པོའི་སྡུག་བསྔལ་ཀུན་སེལ་མ།།
ད་ལྟའི་སྐལ་དམན་འགྲོ་ལ་ལྷག་གཟིགས་མ།།
ན་རྒ་འཆི་བ་དང་བྲལ་རྟག་བཞུགས་མ།།
པཱ་ར་མི་ཏཱའི་གསུང་ལ་བློ་ཡངས་མ།།
ཕ་རོལ་དགྲ་བགེགས་འཇོམས་པའི་མཐུ་ལྡན་མ།།
མ་ལང་ལྟར་རྨོངས་འགྲོ་བའི་ས་མཁན་མ།།
མ་རུ་མ་གྱུར་སེམས་ཅན་མེད་བསམས་མ།།
ཙ་རི་སྨྱུག་མའི་མདའ་ལྟར་གཞུང་དྲང་མ།།
ཚ་གྲང་དུམ་ཁ་ལས་སྐྱོབ་ནུས་ལྡན་མ།།
ཛ་ཡས་གང་གསུང་འཕྲིན་ལས་མྱུར་སྒྲུབ་མ།།
ཝ་ལེར་ཚུལ་ཀུན་རྟོགས་པའི་བློ་གྲོས་མ།།
ཞྭ་སེར་བསྟན་འཛིན་ཀུན་གྱི་སྡོངས་གྲོགས་མ།།
ཟ་མ་ངན་ངོན་བསྟན་པའི་དཔུང་གཉེན་མ།།
འ་ཅག་འགྲོ་བ་ཡོངས་ཀྱི་གདུང་སེལ་མ།།
ཡ་མཚན་བློ་སྣ་ཆོས་ལ་བཀྲི་བྱེད་མ།།
ར་བ་གངས་རིའི་ཡུལ་གྱི་ལྷ་གཅིག་མ།།
ལ་ལས་ལྟོ་གོས་དོན་ལ་རྒྱུན་འབོད་མ།།
ཤ་ཞེན་དུང་དུང་སེམས་པའི་བརྩེ་གཏེར་མ།།
ས་ཕྱོགས་ཀུན་ཏུ་འཕྲིན་ལས་རླབས་འཕྱུར་མ།།
ཧ་ཅང་བྱ་དཀའི་མཛད་སྤྱོད་རླབས་ཆེན་མ།།
ཨ་ཏི་ཤ་ཡི་རྗེས་སྐྱོང་ཁྱད་འཕགས་མར།།
ཧ་ཅང་ལྷག་བསམ་དཀར་པོའི་མགྲིན་པའི་རྒྱན།།
ཨ་སྡུག་བུ་ལ་བརྩེ་བ་ཟབ་པའི་ཕྱིར།།
ཀ་ཕྲེང་བྱུ་རུ་དམར་པོའི་འཕྱང་འཕྲུལ་འདི།།
ཁ་བཏོན་ཙམ་ཡང་མེད་པའི་ཡ་མ་བརླ།།
ག་ལེར་དགེ་སྦྱོང་ཞིག་གི་གཟུགས་འཛིན་པ།།
ང་ཡི་སོར་རྩེའི་གར་གྱི་རི་མོར་འཁྱུག།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་ཕྲེང་བྱུ་རུའི་དོ་ཤལ།

2010-10-26 སྨོན་ལམ་རྒྱ་མཚོ། ཀློག་གྲངས། མཆན ཡོད།

རྒྱལ་ཀུན་འཕྲིན་ལས་བཻཌཱུར་ཞུམ་མའི་ཁམས།།
ངོ་མཚར་ཏ་ཡིག་ལྗང་ཁུའི་འཕྲོ་འདུ་ལས།།
ཡིད་འཕྲོག་མཛེས་སྡུག་ལྷ་མོའི་ཟློས་གར་ཅན།།
འཇིགས་པ་བརྒྱད་ལས་སྒྲོལ་མཛད་དེ་ཡིས་སྐྱོངས།།
ཀ་དག་གདོད་ནས་ས་བཅུ་མཐར་སོན་མ།།
ཁ་བ་ཅན་གྱི་ལྷག་ལྷ་ཁྱད་འཕགས་མ།།
ག་སར་འགྲོ་དོན་ཐུགས་ལས་མི་གཏོང་མ།།
ང་ཅག་བྱམས་བརྩེའི་ཀློང་ནས་འདོར་མེད་མ།།
ཅ་ནེ་ཕོར་བ་ཙམ་གྱིས་ཆོག་སྙམ་མ།།
ཆ་རྐྱེན་ཞན་ན་ཐུགས་རྗེས་ལྷག་སྐྱོང་མ།།
ཇ་ནོམ་རྫས་ཀྱི་ལྕགས་སྒྲོག་མྱུར་གཅོད་མ།།
ཉ་གང་ཟླ་བའི་དཔལ་འཁུ་མཛེས་ལྡན་མ།།
ཏ་ལའི་ཤིང་གི་འདབ་གྱོན་དཀའ་ཐུབ་མ།།
ཐ་གྲུ་ཡངས་པོའི་སྡུག་བསྔལ་ཀུན་སེལ་མ།།
ད་ལྟའི་སྐལ་དམན་འགྲོ་ལ་ལྷག་གཟིགས་མ།།
ན་རྒ་འཆི་བ་དང་བྲལ་རྟག་བཞུགས་མ།།
པཱ་ར་མི་ཏཱའི་གསུང་ལ་བློ་ཡངས་མ།།
ཕ་རོལ་དགྲ་བགེགས་འཇོམས་པའི་མཐུ་ལྡན་མ།།
མ་ལང་ལྟར་རྨོངས་འགྲོ་བའི་ས་མཁན་མ།།
མ་རུ་མ་གྱུར་སེམས་ཅན་མེད་བསམས་མ།།
ཙ་རི་སྨྱུག་མའི་མདའ་ལྟར་གཞུང་དྲང་མ།།
ཚ་གྲང་དུམ་ཁ་ལས་སྐྱོབ་ནུས་ལྡན་མ།།
ཛ་ཡས་གང་གསུང་འཕྲིན་ལས་མྱུར་སྒྲུབ་མ།།
ཝ་ལེར་ཚུལ་ཀུན་རྟོགས་པའི་བློ་གྲོས་མ།།
ཞྭ་སེར་བསྟན་འཛིན་ཀུན་གྱི་སྡོངས་གྲོགས་མ།།
ཟ་མ་ངན་ངོན་བསྟན་པའི་དཔུང་གཉེན་མ།།
འ་ཅག་འགྲོ་བ་ཡོངས་ཀྱི་གདུང་སེལ་མ།།
ཡ་མཚན་བློ་སྣ་ཆོས་ལ་བཀྲི་བྱེད་མ།།
ར་བ་གངས་རིའི་ཡུལ་གྱི་ལྷ་གཅིག་མ།།
ལ་ལས་ལྟོ་གོས་དོན་ལ་རྒྱུན་འབོད་མ།།
ཤ་ཞེན་དུང་དུང་སེམས་པའི་བརྩེ་གཏེར་མ།།
ས་ཕྱོགས་ཀུན་ཏུ་འཕྲིན་ལས་རླབས་འཕྱུར་མ།།
ཧ་ཅང་བྱ་དཀའི་མཛད་སྤྱོད་རླབས་ཆེན་མ།།
ཨ་ཏི་ཤ་ཡི་རྗེས་སྐྱོང་ཁྱད་འཕགས་མར།།
ཧ་ཅང་ལྷག་བསམ་དཀར་པོའི་མགྲིན་པའི་རྒྱན།།
ཨ་སྡུག་བུ་ལ་བརྩེ་བ་ཟབ་པའི་ཕྱིར།།
ཀ་ཕྲེང་བྱུ་རུ་དམར་པོའི་འཕྱང་འཕྲུལ་འདི།།
ཁ་བཏོན་ཙམ་ཡང་མེད་པའི་ཡ་མ་བརླ།།
ག་ལེར་དགེ་སྦྱོང་ཞིག་གི་གཟུགས་འཛིན་པ།།
ང་ཡི་སོར་རྩེའི་གར་གྱི་རི་མོར་འཁྱུག།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།