སློབ་དཔོན་ཨ་ནུའི་བཀའ་དྲིན་རྗེས་སུ་དྲན་པ་ལུས་དཀར་མགྲིན་པའི་དྲིལ་ཆུང༌།

དཀོན་མཆོག་བསམ་གཏན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-16

ཀ་ལ་པིང་ཀའི་མགྲིན་རྔ་ཇི་བཞིན་དུ།།
ཀ་མ་ལ་ལྟར་མཛེས་པའི་ལུས་དཀར་མ།།
ཀ་ལི་དགོངས་དོན་རིག་པའི་གནས་མཐའ་དག།
ཀ་ཡེ་ཆགས་བྲལ་མཁྱེན་པའི་ངག་སྦྱིན་མཛོད།།
ཀ་ནི་ཀ་ཡི་རྒྱལ་བོ་ཇི་བཞིན་དུ།།
ཀ་མ་རུ་ལྟར་རབ་མཛེས་གངས་རིའི་ལྗོངས།།
ཀ་མད་སུམ་ཅུའི་སྦྱོར་བ་རྒྱ་ཆེར་མཛད།།
ཀ་དག་ཡི་གེའི་བྱེད་པོ་ཨ་ནུ་དྲན།།
ཀ་ཅོག་ཞང་གསུམ་ལ་སོགས་ལོ་ཙཱའི་ཁྲོད།།
ཀ་རྣི་ཀ་ཡི་མཛེས་བྱེད་ཇི་བཞིན་དུ།།
ཀྭ་ཡེ་གངས་རིའི་ལྗོངས་འདིར་ཡོད་མིན་ཞེས།།
ཀ་ཁོལ་མ་ཡི་བྱེད་པོ་སྲོང་བཙན་སྨྲ།།
ཀ་ཁའི་སྦྱོར་བ་ཐོག་མར་མཛད་པའི་མགོན།།
ཀ་མ་ལ་ལྟར་དཀར་བའི་ལྗོངས་འདི་ན།།
ཀ་ལ་པིང་ཀའི་མགྲིན་སྙན་ཇི་བཞིན་དུ།།
ཀ་ཡེ་ཐོན་མིའི་བཀའ་དྲིན་སུ་ཡིས་གཞལ།།
ཀ་མིན་ཁ་མིན་ང་རྒྱལ་མཐོ་བ་འགས།།
ཀ་མད་སྦྱོར་བ་ཨ་ནུས་མ་མཛད་ཅེས།།
ཀ་ཁ་ཤེས་པའི་ཁུལ་གྱིས་རློམ་སེམས་བཅས།།
ཀ་སྒྲོགས་སྐད་ལྟར་རྣ་བར་འཛེར་ནས་འོང༌།།
ཀ་ཡེ་ཁ་བ་ཅན་གྱི་མཁས་དབང་འབུམ།།
ཀ་དག་ཐུགས་ཀློང་དབྱིངས་ནས་མགྲིན་གཅིག་ཏུ།།
ཀ་ལིའི་བྱེད་པོ་སམ་བྷོ་ཊ་ཡི་མཚན།།
ཀ་བ་ལི་ཡི་སྣོད་ན་ཅིས་མི་གསལ།།
ཀ་རྡོ་བོད་ཀྱི་ཡིན་པར་ཤེས་བཞིན་དུ།།
ཀ་བ་མེད་ཅེས་མུ་ཅོར་སྨྲ་བ་འདི།།
ཀ་བཤད་མཁན་པོ་ཅི་ལྟར་རློམ་ན་ཡང༌།།
ཀ་གཉིས་པ་ཡི་དཔེ་རུ་མི་འགྱུར་གྲང༌།།
ཀ་ཁ་སུམ་ཅུའི་བྱེད་པོ་མ་མཆིས་ན།།
ཀ་ཡེ་རང་རེའི་ཡི་གེའི་བསྟན་བཅོས་འདི།།
ཀ་མིན་རྡོ་མིན་མགོ་མེད་མཇུག་རྡུམ་དུ།།
ཀ་ཞེས་མཛུབ་མོ་སྟོན་ཡུལ་རྙེད་རེ་སྐན།།
ཀ་བཞི་གདུང་བརྒྱད་བོད་ཀྱི་གྲུབ་མཐའ་ཀུན།།
ཀ་དག་རིས་སུ་མ་ཆད་སམ་བྷོ་ཊ།།
ཀ་ལི་ཨ་ལིའི་བློ་ཕམ་ཡི་མུགད་པོ་ཡི་གེའི་འཕྲུལ།།
ཀ་ནས་དག་པས་སེམས་ཀྱིས་འདུད་ལ་ལྟོས།།
ཀྭ་ཡེ་ཁ་བ་ཅན་གྱི་གཞོན་ནུ་ཚོ།།
ཀ་མིན་ཁ་མིན་ཕྱོགས་ལ་མ་བརྒྱུགས་པར།།
ཀ་བ་གདུང་ལྕམ་བཀྲ་བའི་ཁང་མིག་ཏུ།།
ཀ་ཁའི་སྦྱོར་བ་ཞིབ་ཏུ་སྦྱོང་བྱོས་ཤིག།
ཀ་ཡེ་མཁས་པའི་གྲལ་དུ་འཚངས་ན་ཡང༌།།
ཀ་ཡིག་ནོར་གྱིས་དབུལ་ན་ངོ་རེ་ནོངས།།
ཀ་ལི་ཡི་གེའི་བྱེད་པོ་ཨ་ནུའི་དྲིན།།
བསྐལ་བའི་བར་དུ་བརྗེད་པར་མ་ཇུག་ཨང༌།།
ལྔ་རིག་ཤེས་བྱའི་མཁའ་དབྱིངས་དག་པའི་ཀློང༌།།
བརྩོན་འགྲུས་དར་དཀར་གཤོག་འདབ་རབ་བརྐྱངས་ནས།།
སྙན་ཚིག་མགྲིན་པའི་གླིང་བུ་བསྒྱུར་བཞིན་དུ།།
ཨེ་མ་བློ་གསལ་མཚོ་ཡི་ངོགས་སུ་འཕུར།།

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་དཔོན་ཨ་ནུའི་བཀའ་དྲིན་རྗེས་སུ་དྲན་པ་ལུས་དཀར་མགྲིན་པའི་དྲིལ་ཆུང༌།

2010-09-16 དཀོན་མཆོག་བསམ་གཏན། ཀློག་གྲངས། མཆན ཡོད།

ཀ་ལ་པིང་ཀའི་མགྲིན་རྔ་ཇི་བཞིན་དུ།།
ཀ་མ་ལ་ལྟར་མཛེས་པའི་ལུས་དཀར་མ།།
ཀ་ལི་དགོངས་དོན་རིག་པའི་གནས་མཐའ་དག།
ཀ་ཡེ་ཆགས་བྲལ་མཁྱེན་པའི་ངག་སྦྱིན་མཛོད།།
ཀ་ནི་ཀ་ཡི་རྒྱལ་བོ་ཇི་བཞིན་དུ།།
ཀ་མ་རུ་ལྟར་རབ་མཛེས་གངས་རིའི་ལྗོངས།།
ཀ་མད་སུམ་ཅུའི་སྦྱོར་བ་རྒྱ་ཆེར་མཛད།།
ཀ་དག་ཡི་གེའི་བྱེད་པོ་ཨ་ནུ་དྲན།།
ཀ་ཅོག་ཞང་གསུམ་ལ་སོགས་ལོ་ཙཱའི་ཁྲོད།།
ཀ་རྣི་ཀ་ཡི་མཛེས་བྱེད་ཇི་བཞིན་དུ།།
ཀྭ་ཡེ་གངས་རིའི་ལྗོངས་འདིར་ཡོད་མིན་ཞེས།།
ཀ་ཁོལ་མ་ཡི་བྱེད་པོ་སྲོང་བཙན་སྨྲ།།
ཀ་ཁའི་སྦྱོར་བ་ཐོག་མར་མཛད་པའི་མགོན།།
ཀ་མ་ལ་ལྟར་དཀར་བའི་ལྗོངས་འདི་ན།།
ཀ་ལ་པིང་ཀའི་མགྲིན་སྙན་ཇི་བཞིན་དུ།།
ཀ་ཡེ་ཐོན་མིའི་བཀའ་དྲིན་སུ་ཡིས་གཞལ།།
ཀ་མིན་ཁ་མིན་ང་རྒྱལ་མཐོ་བ་འགས།།
ཀ་མད་སྦྱོར་བ་ཨ་ནུས་མ་མཛད་ཅེས།།
ཀ་ཁ་ཤེས་པའི་ཁུལ་གྱིས་རློམ་སེམས་བཅས།།
ཀ་སྒྲོགས་སྐད་ལྟར་རྣ་བར་འཛེར་ནས་འོང༌།།
ཀ་ཡེ་ཁ་བ་ཅན་གྱི་མཁས་དབང་འབུམ།།
ཀ་དག་ཐུགས་ཀློང་དབྱིངས་ནས་མགྲིན་གཅིག་ཏུ།།
ཀ་ལིའི་བྱེད་པོ་སམ་བྷོ་ཊ་ཡི་མཚན།།
ཀ་བ་ལི་ཡི་སྣོད་ན་ཅིས་མི་གསལ།།
ཀ་རྡོ་བོད་ཀྱི་ཡིན་པར་ཤེས་བཞིན་དུ།།
ཀ་བ་མེད་ཅེས་མུ་ཅོར་སྨྲ་བ་འདི།།
ཀ་བཤད་མཁན་པོ་ཅི་ལྟར་རློམ་ན་ཡང༌།།
ཀ་གཉིས་པ་ཡི་དཔེ་རུ་མི་འགྱུར་གྲང༌།།
ཀ་ཁ་སུམ་ཅུའི་བྱེད་པོ་མ་མཆིས་ན།།
ཀ་ཡེ་རང་རེའི་ཡི་གེའི་བསྟན་བཅོས་འདི།།
ཀ་མིན་རྡོ་མིན་མགོ་མེད་མཇུག་རྡུམ་དུ།།
ཀ་ཞེས་མཛུབ་མོ་སྟོན་ཡུལ་རྙེད་རེ་སྐན།།
ཀ་བཞི་གདུང་བརྒྱད་བོད་ཀྱི་གྲུབ་མཐའ་ཀུན།།
ཀ་དག་རིས་སུ་མ་ཆད་སམ་བྷོ་ཊ།།
ཀ་ལི་ཨ་ལིའི་བློ་ཕམ་ཡི་མུགད་པོ་ཡི་གེའི་འཕྲུལ།།
ཀ་ནས་དག་པས་སེམས་ཀྱིས་འདུད་ལ་ལྟོས།།
ཀྭ་ཡེ་ཁ་བ་ཅན་གྱི་གཞོན་ནུ་ཚོ།།
ཀ་མིན་ཁ་མིན་ཕྱོགས་ལ་མ་བརྒྱུགས་པར།།
ཀ་བ་གདུང་ལྕམ་བཀྲ་བའི་ཁང་མིག་ཏུ།།
ཀ་ཁའི་སྦྱོར་བ་ཞིབ་ཏུ་སྦྱོང་བྱོས་ཤིག།
ཀ་ཡེ་མཁས་པའི་གྲལ་དུ་འཚངས་ན་ཡང༌།།
ཀ་ཡིག་ནོར་གྱིས་དབུལ་ན་ངོ་རེ་ནོངས།།
ཀ་ལི་ཡི་གེའི་བྱེད་པོ་ཨ་ནུའི་དྲིན།།
བསྐལ་བའི་བར་དུ་བརྗེད་པར་མ་ཇུག་ཨང༌།།
ལྔ་རིག་ཤེས་བྱའི་མཁའ་དབྱིངས་དག་པའི་ཀློང༌།།
བརྩོན་འགྲུས་དར་དཀར་གཤོག་འདབ་རབ་བརྐྱངས་ནས།།
སྙན་ཚིག་མགྲིན་པའི་གླིང་བུ་བསྒྱུར་བཞིན་དུ།།
ཨེ་མ་བློ་གསལ་མཚོ་ཡི་ངོགས་སུ་འཕུར།།

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།