ཐོས་བསམ་ལས་བྱུང་བའི་དགེ་མཚན།

ལྕང་སྐྱ་དགེ་འདུན་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-06

གང་ལ་བསྟེན་ན་ལེགས་པའི་ལམ་སྟོན་ཅིང༌།།
སྡུག་ཀུན་ཉེས་བརྒྱའི་དུག་མཚོ་ལས་འབྱིན་པ།།
ཟབ་ཡངས་ཤེས་བྱའི་སོ་ཕྲེང་རྒོད་པ་ཅན།།
ཐོས་བསམ་པདྨོའི་ལང་ཚོ་མཛེས་གྱུར་ཅིག།

ལེགས་བྱས་སྣང་བ་ཟ་བའི་སྙིང་ཁམས་ཅན།།
རྣམ་ཀུན་རྨོངས་པའི་མལ་ན་གནས་བཅས་པའི།།
གཏི་མུག་སྨག་རུམ་གཞོམ་པའི་དཔལ་རེ་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

ཇི་སྙེད་ཤེས་བྱའི་དེ་ཉིད་འབྱེད་པ་ལ།།
རྨོངས་པའི་མུན་པ་འཐིབས་པའི་དྲ་བ་ཅན།།
ཐེ་ཚོམ་ཚང་ཚིང་སྲེག་པའི་དཔལ་རེ་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

མ་འོངས་མཇུག་འབྲས་སྟོངས་བྱེད་གདོན་འདྲེ་དང༌།།
མི་ཚེ་རླུང་ལ་བསྐུར་བའི་ནུས་རྩལ་ཅན།།
ལེ་ལོ་རྣམ་བཞི་གཞོམ་པའི་དཔལ་རེ་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

ཆེ་བའི་མི་ལ་སྙན་པའི་གྲགས་པ་དང༌།།
སྐལ་ལྡན་བུ་ལ་རིག་པའི་རྣམ་དཔྱོད་དང༌།།
བསླབ་བྱའི་གནས་ལ་མཁས་པའི་དཔལ་རེ་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་རྩེར།།
ཞབས་ཟུང་འཁོར་ལོས་མཛེས་པ་རབ་བྱིན་ནས།།
ལེགས་བཤད་དྲིལ་ཆུང་དཀྲོལ་བའི་དཔལ་རེ་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

གཞུང་བཟང་སྟོང་གི་སྒོ་བརྒྱ་དབྱེ་བ་ལ།།
ཟབ་ཡངས་རྣམ་དཔྱོད་གསེར་གྱི་ལྡེ་མིག་མཆོག།
བདེ་བླག་བདག་གིར་འབྱོར་བའི་དཔལ་རེ་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

རིན་ཆེན་སྣ་བདུན་ཁེ་ཚོང་བྲིན་ལགས་ཀྱང༌།།
རྣམ་དག་ཀློག་པ་ཐོས་བསམ་འཁོར་ལོ་ནི།།
གསེར་དངུལ་གཡུ་བྱུར་ཀུན་ལས་བྲིན་པས་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

རྣམ་མཁྱེན་གོ་འཕང་མ་འཐོབ་དེ་སྲིད་དུ།།
ཟབ་ཡངས་ཤེས་བྱ་འོ་མའི་རྒྱ་མཚོ་ཆེར།།
རྣམ་དཔྱོད་གསེར་གྱི་གྲུ་རྫིངས་ལ་བསྟེན་ནས།།
འགྲོ་མང་ཐར་བའི་ལམ་སྣ་ཟིན་པར་ཤོག།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོས་བསམ་ལས་བྱུང་བའི་དགེ་མཚན།

2010-09-06 ལྕང་སྐྱ་དགེ་འདུན་བཀྲ་ཤིས། ཀློག་གྲངས། མཆན ཡོད།

གང་ལ་བསྟེན་ན་ལེགས་པའི་ལམ་སྟོན་ཅིང༌།།
སྡུག་ཀུན་ཉེས་བརྒྱའི་དུག་མཚོ་ལས་འབྱིན་པ།།
ཟབ་ཡངས་ཤེས་བྱའི་སོ་ཕྲེང་རྒོད་པ་ཅན།།
ཐོས་བསམ་པདྨོའི་ལང་ཚོ་མཛེས་གྱུར་ཅིག།

ལེགས་བྱས་སྣང་བ་ཟ་བའི་སྙིང་ཁམས་ཅན།།
རྣམ་ཀུན་རྨོངས་པའི་མལ་ན་གནས་བཅས་པའི།།
གཏི་མུག་སྨག་རུམ་གཞོམ་པའི་དཔལ་རེ་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

ཇི་སྙེད་ཤེས་བྱའི་དེ་ཉིད་འབྱེད་པ་ལ།།
རྨོངས་པའི་མུན་པ་འཐིབས་པའི་དྲ་བ་ཅན།།
ཐེ་ཚོམ་ཚང་ཚིང་སྲེག་པའི་དཔལ་རེ་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

མ་འོངས་མཇུག་འབྲས་སྟོངས་བྱེད་གདོན་འདྲེ་དང༌།།
མི་ཚེ་རླུང་ལ་བསྐུར་བའི་ནུས་རྩལ་ཅན།།
ལེ་ལོ་རྣམ་བཞི་གཞོམ་པའི་དཔལ་རེ་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

ཆེ་བའི་མི་ལ་སྙན་པའི་གྲགས་པ་དང༌།།
སྐལ་ལྡན་བུ་ལ་རིག་པའི་རྣམ་དཔྱོད་དང༌།།
བསླབ་བྱའི་གནས་ལ་མཁས་པའི་དཔལ་རེ་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་རྩེར།།
ཞབས་ཟུང་འཁོར་ལོས་མཛེས་པ་རབ་བྱིན་ནས།།
ལེགས་བཤད་དྲིལ་ཆུང་དཀྲོལ་བའི་དཔལ་རེ་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

གཞུང་བཟང་སྟོང་གི་སྒོ་བརྒྱ་དབྱེ་བ་ལ།།
ཟབ་ཡངས་རྣམ་དཔྱོད་གསེར་གྱི་ལྡེ་མིག་མཆོག།
བདེ་བླག་བདག་གིར་འབྱོར་བའི་དཔལ་རེ་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

རིན་ཆེན་སྣ་བདུན་ཁེ་ཚོང་བྲིན་ལགས་ཀྱང༌།།
རྣམ་དག་ཀློག་པ་ཐོས་བསམ་འཁོར་ལོ་ནི།།
གསེར་དངུལ་གཡུ་བྱུར་ཀུན་ལས་བྲིན་པས་ན།།
ཐོས་བསམ་སྒྲོན་མེ་རང་གི་རྒྱན་དུ་བསྟེན།།

རྣམ་མཁྱེན་གོ་འཕང་མ་འཐོབ་དེ་སྲིད་དུ།།
ཟབ་ཡངས་ཤེས་བྱ་འོ་མའི་རྒྱ་མཚོ་ཆེར།།
རྣམ་དཔྱོད་གསེར་གྱི་གྲུ་རྫིངས་ལ་བསྟེན་ནས།།
འགྲོ་མང་ཐར་བའི་ལམ་སྣ་ཟིན་པར་ཤོག།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།