དྲན་པའི་སྙན་ངག

བསེ་སྐྱེས་བློ་བཟང་དཔལ་ལྡན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-05

བརྩེ་ཞེན་གཏམ་མངལ་དུ་སྦྲུམ་པ་ཡིས།།
རང་སེམས་དུངས་པ་ལྡོག་མེད་ནད་ཀྱིས་གཟིར།།
སྨྲ་བརྗོད་བྲལ་བའི་སེམས་ནད་ལྕི་མོ་འདིས།།
ཉམ་ཆུང་བདག་ལ་སྲ་མོའི་ལྕགས་སྒྲོག་བརྒྱབ།།

སྒེག་འཛུམ་གར་གྱིས་མཛེས་པའི་བསླུ་བྲིད་དེ།།
བདག་གི་སེམས་སུ་ལྷུང་བའི་ནད་ཡམས་ཀྱིས།།
དུས་བཞིའི་འགྱུར་ལྡོག་སྒྱུ་མའི་འདུ་འཛིའི་ཀློང༌།།
སེམས་ཀྱི་རྨ་ཁ་གོར་མོ་རྡོ་བཞིན་སྲ།།

དགའ་བ་རང་ལ་ཐོབ་པའི་ཉིན་དུས་ནས།།
རེ་བ་འཛིན་དུ་མེད་པའི་འཇའ་ཚོན་བཞིན།།
རང་སེམས་རང་གི་གཙེས་པའི་ཆོས་ཉིད་ཁྲོད།།
ནམ་རྒྱུན་ཨ་ཐང་ཆད་པའི་དངན་པ་ཤོར།།

ཞེ་མཐུན་མཛའ་མོ་མེད་པའི་སྨག་རུམ་ན།
དྲན་པའི་གདུང་བ་སྙིང་དུ་སིམ་པ་ཡིས།།
རྨི་ལམ་གྲོང་མཐའ་ཉུལ་བའི་རོལ་རྩེད་དུ།།
ཡིད་ཀྱི་འདོདཔ་སྟོང་སྣང་གར་གྱིས་མྱོས།།

དྲན་པ་ཁྲི་ཕྲག་བརྒལ་བའི་ཕ་རོལ་ན།།
དུངས་སེམས་མིག་ཆུ་རྒྱ་མཚོའི་རླབས་སུ་རྩེན།།
ནམ་རྒྱུན་སོར་མོས་བགྲངས་པའི་རེ་སྒུག་ཁྲོད།།
རྨི་ལམ་འབའ་ཞིག་ཁོ་བོའི་གྲོགས་སུ་བསྟེན།།

མི་རེའི་སེམས་ན་སྡུག་གི་ཁུར་བོ་ཞིག།
རེ་བའི་འཇའ་ཚོན་ནམ་མཁའི་མཐོངས་སུ་ཡལ།།
ཞེན་ཆགས་གདུང་བ་ཟབ་མོའི་ངང་ཚུལ་ལས།།
འདོད་བརྩེའི་མེ་་ཏོག་བཞད་པའི་དུས་ནམ་ཞིག།

བརྩེ་སེམས་རླབས་ཕྲེང་འཕྱོ་བའི་རྩེ་མོ་ནས།།
འཇོ་སྒེག་ལང་ཚོས་ཕྱུག་པའི་མཛའ་མོ་ལ།།
སེམས་འཕྲིན་གཞས་སུ་བཏང་བའི་སྙན་ངག་འདི།།
ལྷན་འཛོམས་སྤྲོ་བ་འཛུམ་པའི་བརྡ་རུ་བཏང༌།།

ཉིན་མཚན་དྲན་པས་སྐྱོར་བའི་སྐྱོ་ངོགས་སུ།།
ལྷད་མེད་འོད་དུ་འཚེར་བའི་སེམས་པ་དེ།།
སྙིང་སྡུག་ལྷ་མོར་མཆོད་པའི་དན་རྟགས་སུ།།
རྫོགས་ལྡན་ཉི་ཟླའི་འོད་ཟེར་གྲོགས་སུ་སྦྲན།།
                                        ༢༠༠༣ལོའི་ཟླ༤པའི་ཚེས༣༠ཉིན།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་པའི་སྙན་ངག

2010-09-05 བསེ་སྐྱེས་བློ་བཟང་དཔལ་ལྡན། ཀློག་གྲངས། མཆན ཡོད།

བརྩེ་ཞེན་གཏམ་མངལ་དུ་སྦྲུམ་པ་ཡིས།།
རང་སེམས་དུངས་པ་ལྡོག་མེད་ནད་ཀྱིས་གཟིར།།
སྨྲ་བརྗོད་བྲལ་བའི་སེམས་ནད་ལྕི་མོ་འདིས།།
ཉམ་ཆུང་བདག་ལ་སྲ་མོའི་ལྕགས་སྒྲོག་བརྒྱབ།།

སྒེག་འཛུམ་གར་གྱིས་མཛེས་པའི་བསླུ་བྲིད་དེ།།
བདག་གི་སེམས་སུ་ལྷུང་བའི་ནད་ཡམས་ཀྱིས།།
དུས་བཞིའི་འགྱུར་ལྡོག་སྒྱུ་མའི་འདུ་འཛིའི་ཀློང༌།།
སེམས་ཀྱི་རྨ་ཁ་གོར་མོ་རྡོ་བཞིན་སྲ།།

དགའ་བ་རང་ལ་ཐོབ་པའི་ཉིན་དུས་ནས།།
རེ་བ་འཛིན་དུ་མེད་པའི་འཇའ་ཚོན་བཞིན།།
རང་སེམས་རང་གི་གཙེས་པའི་ཆོས་ཉིད་ཁྲོད།།
ནམ་རྒྱུན་ཨ་ཐང་ཆད་པའི་དངན་པ་ཤོར།།

ཞེ་མཐུན་མཛའ་མོ་མེད་པའི་སྨག་རུམ་ན།
དྲན་པའི་གདུང་བ་སྙིང་དུ་སིམ་པ་ཡིས།།
རྨི་ལམ་གྲོང་མཐའ་ཉུལ་བའི་རོལ་རྩེད་དུ།།
ཡིད་ཀྱི་འདོདཔ་སྟོང་སྣང་གར་གྱིས་མྱོས།།

དྲན་པ་ཁྲི་ཕྲག་བརྒལ་བའི་ཕ་རོལ་ན།།
དུངས་སེམས་མིག་ཆུ་རྒྱ་མཚོའི་རླབས་སུ་རྩེན།།
ནམ་རྒྱུན་སོར་མོས་བགྲངས་པའི་རེ་སྒུག་ཁྲོད།།
རྨི་ལམ་འབའ་ཞིག་ཁོ་བོའི་གྲོགས་སུ་བསྟེན།།

མི་རེའི་སེམས་ན་སྡུག་གི་ཁུར་བོ་ཞིག།
རེ་བའི་འཇའ་ཚོན་ནམ་མཁའི་མཐོངས་སུ་ཡལ།།
ཞེན་ཆགས་གདུང་བ་ཟབ་མོའི་ངང་ཚུལ་ལས།།
འདོད་བརྩེའི་མེ་་ཏོག་བཞད་པའི་དུས་ནམ་ཞིག།

བརྩེ་སེམས་རླབས་ཕྲེང་འཕྱོ་བའི་རྩེ་མོ་ནས།།
འཇོ་སྒེག་ལང་ཚོས་ཕྱུག་པའི་མཛའ་མོ་ལ།།
སེམས་འཕྲིན་གཞས་སུ་བཏང་བའི་སྙན་ངག་འདི།།
ལྷན་འཛོམས་སྤྲོ་བ་འཛུམ་པའི་བརྡ་རུ་བཏང༌།།

ཉིན་མཚན་དྲན་པས་སྐྱོར་བའི་སྐྱོ་ངོགས་སུ།།
ལྷད་མེད་འོད་དུ་འཚེར་བའི་སེམས་པ་དེ།།
སྙིང་སྡུག་ལྷ་མོར་མཆོད་པའི་དན་རྟགས་སུ།།
རྫོགས་ལྡན་ཉི་ཟླའི་འོད་ཟེར་གྲོགས་སུ་སྦྲན།།
                                        ༢༠༠༣ལོའི་ཟླ༤པའི་ཚེས༣༠ཉིན།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།