ཀ་བཤད་སྦི་རག་མ།

གནས་དཀན་ནེ་དཀོན་ནེ་འཚོལ་འདོད་སྔ་མོ་ནས་ཡོད་ཙང༌།།
ཁ་འཁབ་བེ་འཁོབ་བེའི་ངང་ལ་ལམ་རྒྱུས་རེ་འདྲི་གཞོར།།
རྐང་གྱལ་ལེ་གྱོལ་ལེར་བརྟེན་ནས་རང་ཡུལ་དེ་བསྐྱུར་ཡང༌།།
ལྟོ་ངན་ནེ་ངོན་ནེ་བཙལ་ནས་ནངས་དགོང་ཡང་མ་ཤེས།།
དོན་ཅལ་ལེ་ཅོལ་ལེར་འཇུས་ཏེ་དགྲ་གྲོགས་ལ་མ་དབྱེ།།
རྩོལ་འཆལ་ལེ་འཆོལ་ལེ་བྲིས་ནས་མི་ཚེ་ཕྱེད་ཕྱིན་སོང༌།།
ལམ་ལྗན་ནེ་ལྗོན་ནེའི་གཞུང་ན་རྐང་ཐང་གི་འགྲུལ་བ།།
གོས་རྙང་ངེ་རྙང་ངེ་གྱོན་ནས་ངོ་ཚ་རེ་ཉོ་མཁན།།
སྤུ་བཏག་གེ་བཏོག་གེ་བྱས་འདྲའི་བྱ་ཕོ་ང་མདོག་ཉེས།།
མགོ་འཐམ་མེ་འཐོམ་མེའི་རྣམ་ཐར་ཕྱིར་དྲན་རེ་བྱས་དུས།།
བློ་དང་ངེ་དུང་ངེའི་སྨུག་པ་ཕྱོགས་བཞི་ནས་འཁོར་ཐལ།།
ཆང་ནག་གེ་ནོག་གེའི་རྐྱལ་བ་གཏིང་ཟབ་ཏུ་རློམ་ལ།།
གཏམ་པ་ར་པི་རིའི་སྟོང་བཤད་རྒྱ་ཆེན་དུ་བཟུང་ནས།།
སྙིང་འཕའ་གེ་འཕག་གེའི་དུས་ལ་བུད་མེད་རེ་བཙལ་རྒྱུ།།
རང་སྦྲད་ལེ་སྦྲིད་ལེ་ཆགས་པའི་སྐྱིད་སྣང་དུ་སྒོམ་ནས།།
མི་སྨྱན་ནེ་སྨྱོན་ནེ་ཡིན་པའི་གོ་བ་རེ་མ་ལོན།།
དེང་ཙག་གེ་ཙིག་གེ་དྲན་ཡང་ནོངས་འགྱོད་ནི་ལོས་ཆེ།།
ད་ཚམ་མེ་ཚོམ་མེ་མ་ཡིན་ལྷོད་ལྷོད་དུ་གནས་ཤིང༌།།
ཁྱེད་རྫན་ནེ་རྫུན་ནེ་བྲལ་བའི་གྲོགས་པོ་དང་མཇལ་ནས།།
སྐུ་ཝ་ལེ་ཝ་ལེ་མིག་གིས་འཛིན་རྒྱུ་ཞིག་ངེས་ལ།།
གསུང་ཞམ་མེ་ཞུམ་མེ་མིན་པའི་བཀའ་སློབ་ཅིག་གོ་ཞིང༌།།
ཐུགས་ཟམ་མེ་ཟིམ་མེར་འབབ་པའི་སྦྲང་ཆར་དེ་ཐོབ་དུས།།
ཀུན་འུན་ནེ་འོན་ནེ་མ་རེད་འབྲུག་སྒྲ་དེ་ཚོར་ཀི།།
ད་ཡ་རེ་ཡོ་རེ་མི་བྱེད་སྙིང་ཕུར་ཞིག་བརྡབ་ནས།།
རྫ་རག་གེ་རོག་གེའི་རང་བཞིན་བརྟན་བརླིང་དེ་བསམ་གྱིན།།
སྤྲིན་ལང་ངེ་ལོང་ངེས་བསྐོར་ཡང་རང་ཚུགས་ཤིག་བཟུང་སྟེ།།
གཡང་ཤར་རེ་ཤུར་རེར་མི་འཇིགས་སྤོབས་པ་ཞིག་བསྐྱེད་ནས།།
སྐད་སང་ངེ་སིང་ངེས་དོན་ལྡན་གླུ་གཞས་རེ་བཏང་ཞིང༌།།
འོད་ལྷན་ནེ་ལྷང་ངེ་ཅན་ལ་མིག་ལྟོས་རེ་བྱས་ནས།།
ང་ཨ་ཚ་ཨ་ན་མི་ཟེར་ཨ་རི་ལྟར་འཁྲབ་རྒྱུ།།
གྲོགས་ཡོ་ཧན་འབུམ་ལགས་དང་ལྷན་དུ་སྦི་རག་དང་འཕྲོས་མོལ་གྱི་ལོངས་སྤྱོད་ལ་ཅི་དགར་རོལ་བའི་ཉིན་དེའི་མཚན་མོར་གྲོང་ཁྱེར་ནིའུ་ཡོ་རུ་སྦྱར་བ་འདིས་འགའ་ཞིག་སྤྲོ་ཞིང་བཟི་བར་གྱུར་ཅིག་གུ།།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་བཤད་སྦི་རག་མ།

2010-09-01 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།