ཟླ་བ་མག་མོག་གི་མཚན་ལྗོངས།


ཟླ་བ་མག་མོག་གི་མཚན་ལྗོངས་ཞིག་ལ། །
དྲན་སྣང་རབ་རིབ་ཅིག་སེམས་ལ་འཁོར་ཡོང་། །
དུང་བ་རྐྱང་རྐྱང་གི་སྙན་ཚིག་འགའ་རེ། །
ཐོལ་བྱུང་མྱུར་མྱུར་གྱིས་སྨྱུག་ཁར་འཁྱིལ་བྱུང་། །
 
སྐར་འོད་ཆེམ་ཆེམ་གྱི་མིག་ཞགས་ཁྲོད་ནས། །
ལྐོག་ལྐོག་སུད་སུད་ཀྱི་ཉམས་ཞིག་མཐོང་བྱུང་། །
ཁ་ཁུ་སིམ་སིམ་གྱི་མཚན་ལྗོངས་རིང་མོ། །
དབུགས་ཀ་ལེམ་ལེམ་གྱིས་བསྐྱལ་དགོས་བསམ་བྱུང་། །
 
བདེ་བདེ་འཇམ་འཇམ་གྱི་མལ་ས་དྲོན་མོ། །
མི་བདེ་འབར་འབུར་གྱི་ཚོར་བ་སྣང་གི །
མི་ཚེ་ཀྱག་ཀྱོག་གི་མྱོང་ཚོར་དྲན་ན། །
སེམས་པ་སྐྱིད་སྐྱིད་ཅིག་ཡོང་རྒྱུ་དཀའ་བྱུང་། །
 
ལག་པས་རེག་རེག་གིས་གློག་སྒྲོན་བཀར་ན། །
མལ་ཁང་ཆུང་ཆུང་དེ་འོད་ཀྱིས་བཀང་བྱུང་།
མདུན་ཅོག་ལེབ་ལེབ་དེར་བསྙེན་ནས་བསྡད་ན། །
སྙན་ངག་ཐུང་ཐུང་ཅིག་འབྲི་འདོད་སྐྱེས་བྱུང་། །
 
མགྱོགས་མགྱོགས་མྱུར་མྱུར་གྱི་དུས་ཚོད་འཁོར་ལོ། །
རྒྱུགས་རྒྱུགས་འདུར་འདུར་གྱིས་ནམ་གུང་བཟུར་ཐལ། །
བརྩེ་བ་ཟབ་ཟབ་ཀྱི་ང་དང་ཟླ་བའི། །
ལབ་གླེང་ལྡབ་ལྡིབ་ཀྱིས་ནམ་སྨད་ཟིན་ཐལ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་བ་མག་མོག་གི་མཚན་ལྗོངས།

2011-10-21 ལྷ་བུ་དྲང་སོང་། ཀློག་གྲངས། མཆན ཡོད།


ཟླ་བ་མག་མོག་གི་མཚན་ལྗོངས་ཞིག་ལ། །
དྲན་སྣང་རབ་རིབ་ཅིག་སེམས་ལ་འཁོར་ཡོང་། །
དུང་བ་རྐྱང་རྐྱང་གི་སྙན་ཚིག་འགའ་རེ། །
ཐོལ་བྱུང་མྱུར་མྱུར་གྱིས་སྨྱུག་ཁར་འཁྱིལ་བྱུང་། །
 
སྐར་འོད་ཆེམ་ཆེམ་གྱི་མིག་ཞགས་ཁྲོད་ནས། །
ལྐོག་ལྐོག་སུད་སུད་ཀྱི་ཉམས་ཞིག་མཐོང་བྱུང་། །
ཁ་ཁུ་སིམ་སིམ་གྱི་མཚན་ལྗོངས་རིང་མོ། །
དབུགས་ཀ་ལེམ་ལེམ་གྱིས་བསྐྱལ་དགོས་བསམ་བྱུང་། །
 
བདེ་བདེ་འཇམ་འཇམ་གྱི་མལ་ས་དྲོན་མོ། །
མི་བདེ་འབར་འབུར་གྱི་ཚོར་བ་སྣང་གི །
མི་ཚེ་ཀྱག་ཀྱོག་གི་མྱོང་ཚོར་དྲན་ན། །
སེམས་པ་སྐྱིད་སྐྱིད་ཅིག་ཡོང་རྒྱུ་དཀའ་བྱུང་། །
 
ལག་པས་རེག་རེག་གིས་གློག་སྒྲོན་བཀར་ན། །
མལ་ཁང་ཆུང་ཆུང་དེ་འོད་ཀྱིས་བཀང་བྱུང་།
མདུན་ཅོག་ལེབ་ལེབ་དེར་བསྙེན་ནས་བསྡད་ན། །
སྙན་ངག་ཐུང་ཐུང་ཅིག་འབྲི་འདོད་སྐྱེས་བྱུང་། །
 
མགྱོགས་མགྱོགས་མྱུར་མྱུར་གྱི་དུས་ཚོད་འཁོར་ལོ། །
རྒྱུགས་རྒྱུགས་འདུར་འདུར་གྱིས་ནམ་གུང་བཟུར་ཐལ། །
བརྩེ་བ་ཟབ་ཟབ་ཀྱི་ང་དང་ཟླ་བའི། །
ལབ་གླེང་ལྡབ་ལྡིབ་ཀྱིས་ནམ་སྨད་ཟིན་ཐལ། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།