མི་ལ་རས་པ་ཨེ།


མིག་གི་ལམ་ནས་མི་ངོམ་པའི།།
ཡིད་ཀྱི་ངོས་ནས་མི་རྟོགས་པའི།།
ལུས་ངག་ཡིད་ནས་མི་ཚོར་བས།།
མི་ལའི་གསང་གསུམ་རྒོད་པ་ལ།།
 
རྐང་པ་བརྒྱབ་ནས་བཙལ་ན་འང་།།
མིང་གིས་བོས་ནས་འབོད་ན་ཡང་།།
ཨ་ལན་གཅིག་ཀྱང་མི་སྟེར་བས།།
མི་ལའི་ངག་སྡོམ་བཙུན་པ་ལ།།
 
སེམས་ནས་ཁྱོད་རང་དྲན་དྲན་ཡང་།།
ཡིད་ཀྱིས་ཁྱོད་ལ་མཆོད་མཆོད་ཀྱང་།།
སྐུ་གཟུགས་ཙམ་ཡང་མི་མཐོང་བས།།
མི་ལའི་ལུས་སྡོམ་གཙང་བ་ལ།།
 
གུང་ཐང་ཡུལ་ནས་བསྒུག་ན་ཡང་།།
རྔ་སྐྱ་སྡེ་རུ་མི་བཞུགས་པའི།།
དབེན་གནས་འགྲིམས་པའི་སྡིག་ཆེན་འདི།།
གར་འདུག་གར་སོང་ལྟོགས་སྐོམ་མྱང་།།
 
སྒོམ་ཆེན་གྲས་ཀྱི་མི་ལ་འདི།།
མགུར་གླུ་གྱེར་བའི་ཐོག་མར་གྱུར།།
འཆི་སྡུག་ཟད་པའི་ཐོས་པ་འདི།།
འདྲེ་སྲིན་འདུལ་བའི་སྔ་མ་ཡིན།།
 
བསྟན་པའི་ཁུར་ཆེན་སྒང་ནས་བཟུང་།།
མར་གྱུར་སེམས་ཅན་རི་ནས་སྒོམ།།
འཁོར་བའི་སྡུག་བསྔལ་དེ་ནས་རྟོགས།།
མཐའ་མར་སངས་རྒྱས་ས་དེར་བརྙེད།།
 
ཁྱོད་ནི་མི་ལུས་གྲུབ་ན་ཡང་།།
ཁྱོད་ཀྱི་བྱ་བྱེད་མི་ལས་བརྒལ།།
སྟོན་མཆོག་ཡིན་ཡང་ཧ་ལས་ངེས།།
གདོན་འདྲེ་ཡིན་ཡང་སྐྱི་གཡའ་ངེས།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ལ་རས་པ་ཨེ།

2011-10-10 ཤེས་རབ། ཀློག་གྲངས། མཆན ཡོད།


མིག་གི་ལམ་ནས་མི་ངོམ་པའི།།
ཡིད་ཀྱི་ངོས་ནས་མི་རྟོགས་པའི།།
ལུས་ངག་ཡིད་ནས་མི་ཚོར་བས།།
མི་ལའི་གསང་གསུམ་རྒོད་པ་ལ།།
 
རྐང་པ་བརྒྱབ་ནས་བཙལ་ན་འང་།།
མིང་གིས་བོས་ནས་འབོད་ན་ཡང་།།
ཨ་ལན་གཅིག་ཀྱང་མི་སྟེར་བས།།
མི་ལའི་ངག་སྡོམ་བཙུན་པ་ལ།།
 
སེམས་ནས་ཁྱོད་རང་དྲན་དྲན་ཡང་།།
ཡིད་ཀྱིས་ཁྱོད་ལ་མཆོད་མཆོད་ཀྱང་།།
སྐུ་གཟུགས་ཙམ་ཡང་མི་མཐོང་བས།།
མི་ལའི་ལུས་སྡོམ་གཙང་བ་ལ།།
 
གུང་ཐང་ཡུལ་ནས་བསྒུག་ན་ཡང་།།
རྔ་སྐྱ་སྡེ་རུ་མི་བཞུགས་པའི།།
དབེན་གནས་འགྲིམས་པའི་སྡིག་ཆེན་འདི།།
གར་འདུག་གར་སོང་ལྟོགས་སྐོམ་མྱང་།།
 
སྒོམ་ཆེན་གྲས་ཀྱི་མི་ལ་འདི།།
མགུར་གླུ་གྱེར་བའི་ཐོག་མར་གྱུར།།
འཆི་སྡུག་ཟད་པའི་ཐོས་པ་འདི།།
འདྲེ་སྲིན་འདུལ་བའི་སྔ་མ་ཡིན།།
 
བསྟན་པའི་ཁུར་ཆེན་སྒང་ནས་བཟུང་།།
མར་གྱུར་སེམས་ཅན་རི་ནས་སྒོམ།།
འཁོར་བའི་སྡུག་བསྔལ་དེ་ནས་རྟོགས།།
མཐའ་མར་སངས་རྒྱས་ས་དེར་བརྙེད།།
 
ཁྱོད་ནི་མི་ལུས་གྲུབ་ན་ཡང་།།
ཁྱོད་ཀྱི་བྱ་བྱེད་མི་ལས་བརྒལ།།
སྟོན་མཆོག་ཡིན་ཡང་ཧ་ལས་ངེས།།
གདོན་འདྲེ་ཡིན་ཡང་སྐྱི་གཡའ་ངེས།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།