སྒྲོལ་མ།


སེམས་པ་འཆོར་ས་ཨེ་ཡོད་སྒྲོལ་མ། །
སྙིང་གཏམ་འཆད་ས་ཨེ་ཡོད་སྒྲོལ་མ། །
བདག་ཡིད་བརྩེ་དུངས་དགོད་པའི་ཞིང་སར། །
དུངས་པའི་སོན་ཅིག་ཨེ་འདེབས་སྒྲོལ་མ། །
 
དེ་རིང་རིག་ན་ཨེ་ཆོག་སྒྲོལ་མ། །
སང་ཉིན་ཐུག་ན་ཨེ་ཆོག་སྒྲོལ་མ། །
བརྩེ་བའི་ལག་ཟུང་གཅིག་ཏུ་སྦྲེལ་ནས། །
སྙིང་གཏམ་གླེང་ན་ཨེ་ཆོག་སྒྲོལ་མ། །
 
འགྲོགས་ན་བློ་གཏད་ཨེ་ཡོད་སྒྲོལ་མ། །
བཤད་ན་གཏན་ཚིགས་ཨེ་ཡོད་སྒྲོལ་མ། །
ཡ་ཆུང་སེམས་པའི་སྒྲོམ་ཆུང་ནང་ལ། །
ང་འདྲ་ཆུད་ས་ཨེ་རེད་སྒྲོལ་མ། །
 
ཐུག་ན་མི་འབྲལ་ཨེ་གོ་སྒྲོལ་མ། །
འགྲོགས་ན་མི་འགལ་ཨེ་གོ་སྒྲོལ་མ། །
སྔོན་བསགས་ལས་གྱིས་འབྲལ་དགོས་བྱུང་ཡང༌། །
སེམས་པ་མ་སྐྱོ་ཨེ་གོ་སྒྲོལ་མ། །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲོལ་མ།

2011-10-04 རྡོ་རེད། ཀློག་གྲངས། མཆན ཡོད།


སེམས་པ་འཆོར་ས་ཨེ་ཡོད་སྒྲོལ་མ། །
སྙིང་གཏམ་འཆད་ས་ཨེ་ཡོད་སྒྲོལ་མ། །
བདག་ཡིད་བརྩེ་དུངས་དགོད་པའི་ཞིང་སར། །
དུངས་པའི་སོན་ཅིག་ཨེ་འདེབས་སྒྲོལ་མ། །
 
དེ་རིང་རིག་ན་ཨེ་ཆོག་སྒྲོལ་མ། །
སང་ཉིན་ཐུག་ན་ཨེ་ཆོག་སྒྲོལ་མ། །
བརྩེ་བའི་ལག་ཟུང་གཅིག་ཏུ་སྦྲེལ་ནས། །
སྙིང་གཏམ་གླེང་ན་ཨེ་ཆོག་སྒྲོལ་མ། །
 
འགྲོགས་ན་བློ་གཏད་ཨེ་ཡོད་སྒྲོལ་མ། །
བཤད་ན་གཏན་ཚིགས་ཨེ་ཡོད་སྒྲོལ་མ། །
ཡ་ཆུང་སེམས་པའི་སྒྲོམ་ཆུང་ནང་ལ། །
ང་འདྲ་ཆུད་ས་ཨེ་རེད་སྒྲོལ་མ། །
 
ཐུག་ན་མི་འབྲལ་ཨེ་གོ་སྒྲོལ་མ། །
འགྲོགས་ན་མི་འགལ་ཨེ་གོ་སྒྲོལ་མ། །
སྔོན་བསགས་ལས་གྱིས་འབྲལ་དགོས་བྱུང་ཡང༌། །
སེམས་པ་མ་སྐྱོ་ཨེ་གོ་སྒྲོལ་མ། །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།