ལྷ་སའི་ཞོགས་པ་ཞིག

དབུ་རུ་དོན་འདུར་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-02-10

སྐྱ་རེངས་ལྷ་མོའི་ཕྱག་ཟུང་སྒེའུ་ཁུང་ལས་འཕྲོས་ཏེ།།
བདག་གི་རྣམ་ཤེས་ཕྲ་མོ་ཕྱག་མཚན་དུ་བསྣམས་ནས།།
ལྷ་སའི་ཞོགས་པའི་སྲང་ལ་བསྐོར་བ་རུ་ཁྲིད་པས།།
མཐོང་སྣང་བདེན་པའི་ངག་གླུ་སྨྲ་སྒོ་ལས་འཕྱུར་སོང་།།
 
སྙིང་གཏམ་སྦས་མེད་ཟུར་མ་ལ་བཤད་ནས།།
དངུལ་ལོར་ཕངས་མེད་འཕྱོན་མ་ལ་བཏང་ཏེ།།
སེམས་པ་སྟོང་པའི་འགྱོད་པ་འདི་ཁུར་ནས།།
རང་ཁྱིམ་དྲོད་མོའི་སྒོ་ཁ་ལ་སླེབས་འདུག།
 
རྒྱན་འགྱེད་དམག་གི་འདུ་རྒོད་ལ་གཡེང་ནས།།
ཉིན་མཚན་དུས་ཀྱི་འཁོར་སྐྱོད་ལ་རྨོངས་པའི།།
ཁྲེལ་མེད་ཕ་མ་བྲེལ་བྲེལ་གྱི་ངང་ནས།།
རང་ཁྱིམ་བདེ་བའི་མལ་ས་ལ་འབྱོར་འདུག།
 
ཆང་རག་ཚོད་ཀྱི་ཐག་པ་ནས་ཤོར་བའི།།
ན་གཞོན་ཕོ་མོ་ར་བཟི་ཡིས་བཀྱག་ཏེ།།
ངོ་ཚའི་གདོང་ལྤགས་རྩ་བ་ནས་རལ་པས།།
ཞོགས་པའི་སྲང་ལམ་སྐྱུར་བརྩི་ཡིས་གནན་འདུག།
 
བུ་ཆུང་སློབ་གྲྭར་འགྲོ་བའི་སྟ་གོན་ལ་གྲབས་དུས།།
པྰ་ལགས་སྦག་ཁང་ནང་ནས་རང་ཁྱིམ་ལ་མ་སླེབས།།
བུ་མོ་ཞོགས་ཚོགས་གྲོལ་ནས་ཞོགས་ཟས་ལ་སླེབས་ཀྱང་།།
ཨ་མ་ཨར་ཁང་ནང་ནས་གཞིས་ཁྱིམ་ལ་མ་ལོག།
 
ཁྲེལ་མེད་ཕ་མའི་འདོད་པ་བདེ་སྐྱིད་ལ་རོལ་ཡང་།།
ཉེས་མེད་བྱིས་པའི་གསོ་སྐལ་བུ་རྫི་མར་གནང་ནས།།
ཉིན་མཚན་རྒྱན་འགྱེད་དམག་དང་ཆང་རག་ལ་འགྲོགས་སྟེ།།
དོན་མེད་མི་འཚེ་ཟ་བའི་ཀླད་མེད་ཀྱི་ཕ་མ།།
 
འདི་ལྟར་ཞོགས་པའི་དུས་ཐུང་ཆ་ཤས་ཀྱི་བར་ལ།།
ཡིད་སྐྱོའི་གནས་ཚུལ་མང་པོ་དྲན་པ་ལ་བསྐྱལ་བས།།
ཆང་རག་རྒྱན་འགྱེད་ཟེར་བའི་དུག་རྫས་འདི་སིམ་ནས།།
མདུན་སྐྱོད་ལམ་བུ་འགོག་པའི་དན་རྟགས་ཅིག་མཐོང་བྱུང་།།
                           ༢༠༡༡ལོའི་ཟླ་༢་ཚེས་༨ཉིན།   རང་ཤག་ཏུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་སའི་ཞོགས་པ་ཞིག

2012-02-10 དབུ་རུ་དོན་འདུར་པ། ཀློག་གྲངས། མཆན ཡོད།

སྐྱ་རེངས་ལྷ་མོའི་ཕྱག་ཟུང་སྒེའུ་ཁུང་ལས་འཕྲོས་ཏེ།།
བདག་གི་རྣམ་ཤེས་ཕྲ་མོ་ཕྱག་མཚན་དུ་བསྣམས་ནས།།
ལྷ་སའི་ཞོགས་པའི་སྲང་ལ་བསྐོར་བ་རུ་ཁྲིད་པས།།
མཐོང་སྣང་བདེན་པའི་ངག་གླུ་སྨྲ་སྒོ་ལས་འཕྱུར་སོང་།།
 
སྙིང་གཏམ་སྦས་མེད་ཟུར་མ་ལ་བཤད་ནས།།
དངུལ་ལོར་ཕངས་མེད་འཕྱོན་མ་ལ་བཏང་ཏེ།།
སེམས་པ་སྟོང་པའི་འགྱོད་པ་འདི་ཁུར་ནས།།
རང་ཁྱིམ་དྲོད་མོའི་སྒོ་ཁ་ལ་སླེབས་འདུག།
 
རྒྱན་འགྱེད་དམག་གི་འདུ་རྒོད་ལ་གཡེང་ནས།།
ཉིན་མཚན་དུས་ཀྱི་འཁོར་སྐྱོད་ལ་རྨོངས་པའི།།
ཁྲེལ་མེད་ཕ་མ་བྲེལ་བྲེལ་གྱི་ངང་ནས།།
རང་ཁྱིམ་བདེ་བའི་མལ་ས་ལ་འབྱོར་འདུག།
 
ཆང་རག་ཚོད་ཀྱི་ཐག་པ་ནས་ཤོར་བའི།།
ན་གཞོན་ཕོ་མོ་ར་བཟི་ཡིས་བཀྱག་ཏེ།།
ངོ་ཚའི་གདོང་ལྤགས་རྩ་བ་ནས་རལ་པས།།
ཞོགས་པའི་སྲང་ལམ་སྐྱུར་བརྩི་ཡིས་གནན་འདུག།
 
བུ་ཆུང་སློབ་གྲྭར་འགྲོ་བའི་སྟ་གོན་ལ་གྲབས་དུས།།
པྰ་ལགས་སྦག་ཁང་ནང་ནས་རང་ཁྱིམ་ལ་མ་སླེབས།།
བུ་མོ་ཞོགས་ཚོགས་གྲོལ་ནས་ཞོགས་ཟས་ལ་སླེབས་ཀྱང་།།
ཨ་མ་ཨར་ཁང་ནང་ནས་གཞིས་ཁྱིམ་ལ་མ་ལོག།
 
ཁྲེལ་མེད་ཕ་མའི་འདོད་པ་བདེ་སྐྱིད་ལ་རོལ་ཡང་།།
ཉེས་མེད་བྱིས་པའི་གསོ་སྐལ་བུ་རྫི་མར་གནང་ནས།།
ཉིན་མཚན་རྒྱན་འགྱེད་དམག་དང་ཆང་རག་ལ་འགྲོགས་སྟེ།།
དོན་མེད་མི་འཚེ་ཟ་བའི་ཀླད་མེད་ཀྱི་ཕ་མ།།
 
འདི་ལྟར་ཞོགས་པའི་དུས་ཐུང་ཆ་ཤས་ཀྱི་བར་ལ།།
ཡིད་སྐྱོའི་གནས་ཚུལ་མང་པོ་དྲན་པ་ལ་བསྐྱལ་བས།།
ཆང་རག་རྒྱན་འགྱེད་ཟེར་བའི་དུག་རྫས་འདི་སིམ་ནས།།
མདུན་སྐྱོད་ལམ་བུ་འགོག་པའི་དན་རྟགས་ཅིག་མཐོང་བྱུང་།།
                           ༢༠༡༡ལོའི་ཟླ་༢་ཚེས་༨ཉིན།   རང་ཤག་ཏུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།