རྡོ།

                     ___སློབ་གླིང་བུ་མོ་འབྲུག་མོ་སྐྱིད་ལ།
འབྱུང་གཞི་འཁྲུགས་པའི་སྲུབས་བར་ཞིག་ནས།།
སེམས་ཀྱི་ནགས་ཚལ་མེ་ལ་ཤོར་སོང་།།
གསེར་བུ་སྦྲུམ་པའི་རྡོ་བ་ཆུང་ཆུང་།།
མེ་ཡི་ཁྲོད་ན་བརྟན་ཅིང་བརླིང་པ།།
 
གཞན་གྱིས་མི་ཐེག་ལྗི་ཚད་རྡོ་ཡིན།།                                       
མཚོན་གྱིས་མི་གཏོར་སྲ་མོ་རྡོ་ཡིན།།
ཁོག་ལ་ཁུར་བའི་གསེར་བུ་དེ་ཡང་།།
རྣོན་པོ་ལྕགས་ཀྱི་རྒྱུད་པ་དངོས་ཡིན།།
 
ཉི་འོད་འོག་ནས་རྔུལ་ཆུ་མ་འཛུམ།།
གྲང་ངར་ཁྲོད་ནས་འཁྱགས་ཤི་མ་ཐེབས།།
རྡོ་བའི་རང་བཞིན་གཏུབས་གཅོད་མེད་པས།།
རྡོ་བ་ད་དུང་རྡོ་བ་རང་རེད།།
 
རྡོ་བ་ཞུས་ནས་གཞན་ལ་མི་འདྲེས།།
གཞན་གྱི་དྲི་མ་རྡོ་ལ་མི་སིམ།།
རྡོ་བ་དཔུང་དང་རྒྱབ་རོགས་མེད་ཀྱང་།།
གཞན་ལ་སྐྲག་ནས་ཁུང་ལ་མི་འཛུལ།།
 
གཡུ་དང་བྱུ་རུའི་རྒྱན་ཆ་ཉོས་ནས།།
རྡོ་བའི་རང་ལ་མཛེས་ཆས་མི་སྤྲས།།
རྡོ་བས་གཞན་གྱི་ཕུན་ཚོགས་མཐོང་ནས།།
ཧམ་པའི་གཅིན་པ་འདོམ་ནས་མི་ཤོར།།
 
རྡོ་བ་སྐྱེས་ས་རྡོ་བའི་ཚང་ཡིན།།
རྡོ་བ་འཆི་ས་རྡོ་བའི་དུར་ཡིན།།
རྡོ་བ་རྡོ་བ་རྡོ་བ་རང་རེད།།
ཇི་ལྟར་བལྟས་ཀྱང་རང་བཞིན་གཅིག་རེད།།
                ༢༠༡༢ལོའི་ཟླ་༦ཚེས་༩ཉིན་བྲེལ་འཚུབ་ཀྱི་གསེབ་དུ།
 
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྡོ།

2012-06-14 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།

                     ___སློབ་གླིང་བུ་མོ་འབྲུག་མོ་སྐྱིད་ལ།
འབྱུང་གཞི་འཁྲུགས་པའི་སྲུབས་བར་ཞིག་ནས།།
སེམས་ཀྱི་ནགས་ཚལ་མེ་ལ་ཤོར་སོང་།།
གསེར་བུ་སྦྲུམ་པའི་རྡོ་བ་ཆུང་ཆུང་།།
མེ་ཡི་ཁྲོད་ན་བརྟན་ཅིང་བརླིང་པ།།
 
གཞན་གྱིས་མི་ཐེག་ལྗི་ཚད་རྡོ་ཡིན།།                                       
མཚོན་གྱིས་མི་གཏོར་སྲ་མོ་རྡོ་ཡིན།།
ཁོག་ལ་ཁུར་བའི་གསེར་བུ་དེ་ཡང་།།
རྣོན་པོ་ལྕགས་ཀྱི་རྒྱུད་པ་དངོས་ཡིན།།
 
ཉི་འོད་འོག་ནས་རྔུལ་ཆུ་མ་འཛུམ།།
གྲང་ངར་ཁྲོད་ནས་འཁྱགས་ཤི་མ་ཐེབས།།
རྡོ་བའི་རང་བཞིན་གཏུབས་གཅོད་མེད་པས།།
རྡོ་བ་ད་དུང་རྡོ་བ་རང་རེད།།
 
རྡོ་བ་ཞུས་ནས་གཞན་ལ་མི་འདྲེས།།
གཞན་གྱི་དྲི་མ་རྡོ་ལ་མི་སིམ།།
རྡོ་བ་དཔུང་དང་རྒྱབ་རོགས་མེད་ཀྱང་།།
གཞན་ལ་སྐྲག་ནས་ཁུང་ལ་མི་འཛུལ།།
 
གཡུ་དང་བྱུ་རུའི་རྒྱན་ཆ་ཉོས་ནས།།
རྡོ་བའི་རང་ལ་མཛེས་ཆས་མི་སྤྲས།།
རྡོ་བས་གཞན་གྱི་ཕུན་ཚོགས་མཐོང་ནས།།
ཧམ་པའི་གཅིན་པ་འདོམ་ནས་མི་ཤོར།།
 
རྡོ་བ་སྐྱེས་ས་རྡོ་བའི་ཚང་ཡིན།།
རྡོ་བ་འཆི་ས་རྡོ་བའི་དུར་ཡིན།།
རྡོ་བ་རྡོ་བ་རྡོ་བ་རང་རེད།།
ཇི་ལྟར་བལྟས་ཀྱང་རང་བཞིན་གཅིག་རེད།།
                ༢༠༡༢ལོའི་ཟླ་༦ཚེས་༩ཉིན་བྲེལ་འཚུབ་ཀྱི་གསེབ་དུ།
 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།