ལན་ཀྲུ་ནས་རྨ་ཆུ་དྲན་པ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-13

                         ༡
བོད་ལ་བསྟོད་རྩོམ་འཕྲོ་ནས་དྲན་རྩོམ་རྒྱུགས་ཆེ། །
ཡུལ་ལ་གོམ་གང་བྲལ་ན་ཕ་མ་དྲན་ཟེེར། །
བྲལ་ནས་ཞག་གཅིག་ལོན་ན་ཆུང་མ་དྲན་ཟེར། །
དྲན་པའི་ལོ་རབས་དེ་ལ་རྫོགས་མཐའ་ཅི་ཡོད། །

དེ་རིང་ཁོ་བོས་ཡང་ནི་དྲན་རྩོམ་བྲིས་ཏེ། །
ཨ་ཞང་ཨ་ནེ་རྣམས་ཀྱི་ཐུགས་ཀ་དཀྲུག་འཇོག །
ཨ་ཅེ་ཨ་བོ་དག་གི་དུས་ཚོད་འཕྲོག་འཇོག །
ཨ་རོགས་རེ་རེའི་སེམས་ལ་སྡུག་རེ་བཞག་འཇོག །

ཨ་སྔོན་གནམ་གྱི་མཐོངས་སུ་ཨེན་ཙམ་ཟུག་པའི། །
ཨར་འདམ་བླུགས་མའི་ཚིགས་ཐོག་བཅུ་གཉིས་མ་ནས། །
ཨ་ཕོས་ཨ་རག་འཐུང་སྟེ་ཨེ་སྐྱིད་བལྟས་ཀྱང་། །
ཨ་ཕྱི་གཏན་གྱེས་གནངས་པའི་སྡུག་གིས་བཙིར་ཡོང་། །

ཨ་མདོ་ལ་སོགས་བོད་ཡུལ་ལ་ལུང་ཀུན་གྱི། །
ཨ་ལགས་ཨ་ཁུ་མང་ཙམ་འདི་རུ་འཛོམས་ཏེ། །
ཨ་ཙི་གྲོང་ཁྱེར་འདི་ཀོ་ངོ་མཚར་ཆེ་ཞེས། །
ཨ་ཅང་བསོར་མདོག་སྟོན་པ་ཨ་རེ་གླེན་ཨང་། །
                       ༢
འདི་ན་བར་སྣང་བསྒྲིབས་པའི་སྨུག་ལོང་རྔམ་ཆེ། །
འདི་ན་ས་གཞི་གནོན་པའི་ཁང་བརྩེགས་བརྗིད་ཆེ། །
འདི་ན་མི་སེམས་བསླུ་བའི་དངོས་ཟོག་གཏོས་ཆེ། །
འདི་ན་རང་ཉིད་བོར་བའི་མི་ཚོགས་སྟུག་ཆེ། །

འདི་ན་ས་སེར་རྡུལ་གྱི་ཡོ་ལང་འཁྲིགས་པ། །
འདི་ན་འདམ་གཞུང་དོག་མོའི་ཕུག་པ་རིང་བ། །
འདི་ན་ཚ་སྨུག་རླབས་ཀྱི་ཕྱི་ཐུམ་མཐུག་པ། །
འདི་ན་རྣམ་གཡེང་རླུང་བུའི་རྒྱུ་ཕྱོགས་རྒོད་པ། །

འདི་ན་ལྷུ་ལག་ཟད་པའི་འཕྲུལ་འཁོར་སྣ་མང་། །
འདི་ན་རོ་སྨད་འཚོང་བའི་སྨན་ཆུང་གྲངས་མང་། །
འདི་ན་གསེར་སྒོར་བརྩི་བའི་ཚོང་དཔོན་རྐང་མང་། །
འདི་ན་ཨམ་ཕྲག་སྟོང་བའི་འཁྱམ་པོ་རིགས་མང་། །

               ༣
ལེ་བར་བཞི་བརྒྱའི་ཕག་གི་རྨ་ཆུ་དྲན་ན། །
བག་ཆགས་དྭངས་མའི་མིག་ཆུ་སྙིང་ལ་བཞུར་ཡོང་། །
སྤྲིན་དཀར་སྤྲིས་མ་ཆགས་པའི་ནམ་མཁའ་ཞིག་གིས། །
བདག་གི་རྨི་ལམ་རིང་མོའི་ཕྱི་ནང་སྲུང་ཡོད། །

ལེ་བར་བཞི་བརྒྱའི་ཕྱི་ཡི་ཨ་མ་བསམ་ན། །
རྒས་པའི་སྐྲ་ཉག་དཀར་པོ་ལག་ཏུ་འཐོར་ཡོང་། །
བསྙེན་བཀུར་ཞབས་ཏོག་བརྗེད་པའི་བུ་རུལ་ང་ཡིས། །
མ་ལོའི་ཐུགས་འདུན་དྲོད་མོ་རྡུལ་ལ་བསྲེས་སོང་། །

ལེ་བར་བཞི་བརྒྱའི་མཚམས་ཀྱི་རྨ་ཆུ་གླེང་དུས། །
སེམས་ཀྱི་སྡོངས་གྲོགས་སྐོར་ཅིག་མིག་ལ་ལམ་ལམ། །
ཁོ་ཚོའི་རྣམ་ཤེས་ལྟ་བུའི་མགོ་སྐྲ་རིང་མོས། །
ང་ལ་ཞུམ་པ་མེད་པའི་གདེངས་ཤིག་བསྩལ་ཡོད། །

ལེ་བར་བཞི་བརྒྱའི་ཕུག་གི་འཇིག་རྟེན་དྲན་ཚེ། །
རྡོ་བའི་རྩེད་ར་ཆུང་ཆུང་ཡིད་ལ་སིམ་ཡོང་། །
ལུ་གུ་མེ་ཏོག་མཐུན་པའི་གཏམ་རྒྱུད་ཁྲོད་ནས། །
རྨ་ཆུ་རྒྱང་དུ་བཞུར་བའི་ཤག་སྒྲ་ཚོར་ཡོང་། །

ལེ་བར་བཞི་བརྒྱའི་གཞུང་གི་རྨ་ཆུའི་ཁུགས་པར། །
ལས་དང་སྐལ་བས་བསྐོས་པའི་ཕ་ཡུལ་ཆགས་ཡོད། །
རྒྱུ་འབྲས་མིག་བཞིན་གཅེས་པའི་ཕ་མ་སྤུན་མཆེད། །
དུས་བཞིའི་འགྱུར་བག་ཀློང་ན་བག་ཙམ་གྲང་བ། །

ལེ་བར་བཞི་བརྒྱའི་ཕུ་ཡི་རྨ་ཆུ་དྲན་ཚེ། །
རི་ཚོགས་རླབས་ཀྱི་རྩེ་མོ་སྙིང་དུ་འཕགས་ཡོང་། །
དབང་མེད་ལས་ཀྱིས་སྐུལ་བའི་རྫི་མོ་རེ་རེ། །
སྨུག་སྤྲིན་སྒྱུ་མའི་གསེབ་ནས་ཏིལ་ཙམ་སྨྲེང་བ། །

ལེ་བར་བཞི་བརྒྱའི་རྒྱང་གི་རྨ་ཆུ་ཟེར་དུས། །
སྲབ་ཡན་རྟ་ཕོ་ཁྱུ་ཞིག་མཁའ་ནས་ཞོགས་ཡོང་། །
རང་དབང་རྨིག་སྒྲས་བདག་གི་སྙིང་ཀ་རྡུང་གིན། །
དཀན་གཟར་རྫ་རིའི་འཕྲེང་ལམ་ཐད་ཀྱིས་བཤགས་སོང། །
                         ༢༠༡༢ལོའི་ཟླ༦པའི་ཚེས༩ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལན་ཀྲུ་ནས་རྨ་ཆུ་དྲན་པ།

2012-06-13 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།