ཆོས་གཞུང་ལ་སྦྱར་བའི་སྙན་ཚིག

རྨེ་རུ་ཕག་མོ་ཚེ་བརྟན།༼ ཉི་ཧོང ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-01-07

ཁ་སང་ཨ་ཕའི་གམ་ན་ཡོད་དུས་བདེ་བའི་ཚོར་བ་རྫོགས་མེད་ཅིག།
ཁ་སང་ཨ་མའི་པང་ནས་གཉིད་དུས་སྐྱིད་པའི་རྨི་ལམ་གྲངས་མེད་ཅིག།
དེ་རིང་ཡུལ་མཐའི་གྲོང་ན་འདུར་དུས་སྡུག་གི་ཁྲེས་པོ་ལྗིད་མོ་ཞིག།
ཅི་བྱས་ལས་ལ་ཡིད་ཆད་སྣོན་པ་རྒྱལ་ཁམས་བུ་ལོའི་འཚོ་བ་ཡིན།།

ཅི་ལྟར་སྒོམ་ན་དེ་ལྟར་བདེ་བའི་ཞི་གནས་ཟེར་བའི་ཏིང་འཛིན་ཞིག།
སྒོམ་པ་དོན་ལ་འགྲོ་མིན་བརྟག་པའི་ཤེས་བཞིན་ཟེར་བའི་སོ་ལྟ་ཞིག།
དངོས་ཀུན་རང་བཞིན་སྤྱན་གྱིས་མཐོང་བའི་ལྷག་མཐོང་ཟེར་བའི་ཤེས་རབ་ཅིག།
འདི་གསུམ་ངོ་བོ་རྗེན་པར་སྟོན་མཁས་སྟག་སེང་ལྟ་བུའི་མཁས་ཆེན་སུ།།

དབུ་མའི་ལུགས་ལ་དོན་དམ་བརྗོད་བྱ་གཙོ་བོར་སྟོན་པ་ངེས་དོན་ཡིན།།
སེམས་ཙམ་ལུགས་ཀྱིས་རྣམ་ཕྱེ་ཆོས་འཁོར་ངེས་དོན་ཡིན་ཞེས་ཤུགས་ཀྱིས་སྒྲོགས།།
ཀུན་རྫོབ་བདེན་པ་གཙོ་བོར་གསུངས་པ་དྲང་དོན་ཡིན་ཞེས་ཀླུ་སྒྲུབ་གསུངས།།
གོང་མའི་ཆོས་འཁོར་དྲང་དོན་ཡིན་ཞེས་སེམས་ཙམ་ལུགས་ཀྱི་མཁས་རྣམས་བཤད།།

རྫས་ཀྱིས་དུས་གསུམ་ཀུན་ལ་ཁྱབ་པ་བྱེ་བྲག་སྨྲ་བའི་ཁྱད་ཆོས་ཡིན།།
འདས་དང་མ་འོང་རྟག་པ་ཡིན་པ་དཔེ་སྟོན་སྡེ་བའི་ལྟ་གྲུབ་ཡིན།།
ཕྱི་དོན་བདེན་གྲུབ་སྤུ་ཙམ་མེད་པ་སེམས་ཙམ་པ་ཡི་ལངས་ཕྱོགས་ཡིན།།
ཐ་སྙད་ཚད་མས་གྲུབ་པས་སྟོང་བ་ཐལ་འགྱུར་ལུགས་ཀྱི་བཞེད་ཕྱོགས་ཡིན།།

མངོན་པ་སྡེ་བདུན་ཁུངས་སུ་བྱས་ནས་གྲུབ་མཐའ་འཇོག་པ་བྱེ་སྨྲ་ཡིན།།
ཚད་མ་སྡེ་བདུན་སྐེད་དུ་བཅིངས་ནས་བདེན་གཉིས་འཆད་མཁན་རིགས་མདོ་ཡིན།།
བྱམས་ཆོས་སྡེ་ལྔ་གཙུག་ཏུ་བཀུར་ནས་ཕྱི་དོན་གླེང་མཁན་རྣམ་རིག་པ།།
དབུ་མ་རིགས་ཚོགས་རྒྱབ་བརྟེན་བྱས་ཏེ་རྟེན་འབྲེལ་རྒྱས་མཛད་མཐའ་གཉིས་སྤངས།།

གཟུགས་དང་གཟུགས་ཕུང་དོན་གཅིག་ཡིན་པ་གྲུབ་མཐའ་བཞི་བོའི་སྤྱི་དགོངས་ཡིན།།
མངོན་པ་སྡེ་བདུན་སངས་རྒྱས་གསུངས་མིན་བྱེ་སྨྲ་ཕུད་པའི་ལྟ་བ་ཡིན།།
དངོས་པོར་དོན་དམ་བདེན་པས་ཁྱབ་པ་དཔེ་སྟོན་སྡེ་པའི་འདོད་པ་ཡིན།།
བསྟན་མེད་ཐོགས་མེད་གཟུགས་སུ་འདོད་པ་བྱེ་བྲག་སྨྲ་བའི་གྲུབ་མཐའ་ཡིན།།

ཤེས་བྱར་དབྱེ་བ་གཉིས་སུ་འདོད་པ་མདོ་སྡེ་ལུགས་ཀྱི་དབྱེ་ཕྱོགས་ཡིན།།
ཤེས་བྱར་དབྱེ་བ་ལྔ་རུ་དགར་བ་བྱེ་སྨྲའི་ལུགས་ཀྱི་ལངས་ཕྱོགས་ཡིན།།
ཤེས་བྱར་རྟག་དངོས་གཉིས་སུ་དབྱེ་བ་མདོ་སྡེ་ལུགས་ཀྱི་བཞེད་པ་ཡིན།།
ཤེས་བྱར་རྟག་དང་མི་རྟག་འཇོག་པ་བྱེ་བྲག་སྨྲ་བའི་འདོད་པ་ཡིན།།

བརྗེད་ངས་རྐུན་པོའི་འཇབ་རྒོལ་འགོག་ཆེད་གང་བྱུང་བཏབ་པའི་བརྗེད་བྱང་ཡིན།།
དུས་ཀྱི་རླུང་བུས་གསུབ་པར་དོགས་ནས་ཡི་གེར་ཕབ་པའི་རི་མོ་ཡིན།།
ཞོར་དུ་དམན་དང་མཉམ་པ་དག་ལ་ཕན་པའི་སྨན་དུ་འགྱུར་བར་ཤོག།
རྒྱལ་བསྟན་གྲུབ་མཐའ་བསྐལ་བའི་བར་དུ་གནས་ཤིང་དར་བའི་སྨོན་ལམ་འདེབས།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆོས་གཞུང་ལ་སྦྱར་བའི་སྙན་ཚིག

2015-01-07 རྨེ་རུ་ཕག་མོ་ཚེ་བརྟན།༼ ཉི་ཧོང ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།