རིག་པའི་ཁྱེའུར་གདམས་པ།

༄༅། །ན་མོ་གུ་རུ།
ཕ་ལོ་སྤྲེའུ་བྱང་ཆུབ་སེམས་པ་དང། །
མ་ལོ་བྲག་དཀར་གནས་ཀྱི་སྲིན་མོ་ཡི། །
རིགས་བཟང་གདོང་དམར་བོད་ཀྱི་རྒྱུད་པ་རུ། །
འཁྲུངས་པ་རིག་པའི་ཁྱེའུ་གཙུག་ན་རྒྱལ། །
གང་ཞིག་ཕ་མ་བཟང་པོའི་བཀའ་དྲིན་འོག །
ཤེས་བྱ་རིག་པའི་གནས་ལ་བརྩོན་བསླད་དུ། །
སློབ་གླིང་དགའ་བའི་ཚལ་ན་སྐྱེལ་བ་ཡི། །
རིག་པའི་ཁྱེའུར་གདམས་པ་དར་ཅིག་ཉོན། །
བུ་ཆུང་མ་ཉལ་བུ་ཆུང་ཡར་ལ་ལོངས། །
བུ་ཆུང་ཉལ་ན་རྡོ་དང་གོར་མ་འདྲ། །
རྡོ་དང་གོར་མ་གཉིས་དེ་འཁྱག་ལ་འབྱར། །
ཕུགས་བསམ་མདུན་ལམ་ཟེར་བ་དེ་ལ་མེད། །
བུ་ཆུང་ལངས་ནས་མྱུར་དུ་སློབ་གྲྭར་སོང་། །
ཞོགས་པར་དཔེ་ཀློག་བྱས་ན་རིག་པ་གསལ། །
བློ་འཛིན་སྐྱོར་ཀློག་བྱས་ན་དེ་ལས་མཆོག །
དཔེ་ཀློག་མ་བྱས་ཤེས་བྱ་འབྱོར་བ་མེད། །
དཔེ་ཀློག་བྱེད་རྒྱུ་ཁྱོད་ཀྱི་འོས་འགན་རེད། །
དགེ་རྒན་དམ་པས་དེ་ན་སྒུག་བསྡད་ཡོད། །
གདམས་ངག་ཆར་རྒྱུན་བཞིན་དུ་ལེན་རྒྱུ་ཡོད། །
ལེགས་ཚོགས་ཀུན་གྱི་འབྱུང་གནས་དགེ་རྒན་ཡིན། །
སྒོ་གསུམ་གུས་པས་སློབ་དཔོན་བསྟེན་པ་གཙོ། །
ཁྱོད་ནི་མི་རིགས་ཤིག་གི་རྒྱུད་འཛིན་ཡིན། །
ང་འོངས་རྒྱལ་ཁབ་ཅིག་གི་བདག་པོ་ཡིན། །
དྲིན་ཆེན་མ་ཡུམ་ཤིག་གི་རེ་ལྟོས་ཡིན། །
དུས་རབས་གསར་བ་ཞིག་གི་ཕོ་ཉ་ཡིན། །
ཤེས་བྱ་རིག་གནས་མེད་ན་གང་ནས་ཆོག །
སྟོབས་དང་ནུས་པ་མེད་ན་ཅི་ལ་འོས། །
མཁས་དང་ཐབས་བཀོད་མེད་ན་ག་ལ་ཐུབ། །
རྒྱུད་བཟང་གཞན་ཕན་མེད་ན་ཅི་ལ་ཉན། །
དེ་བས་ཤེས་བྱ་རིག་གནས་སློབ་པ་ལ། །
དབྱངས་གསལ་སོ་བཞིའི་དབུ་ཁྱུད་བྲི་བྱས་ཏེ། །
རང་རིགས་རིག་གནས་བཅུ་ལ་སྦྱོངས་བ་དང་། །
ཞོར་དུ་གཞན་རིགས་རིག་གནས་ནང་འདྲེན་གྱིས། །
མ་ཚད་དེང་རབས་རིག་གནས་ཤེས་པར་མཛོད། །
ཉེར་མཁོའི་རིག་གནས་ལ་ཡང་བྱང་བ་དགོས། །
ཐོག་མར་རང་རིགས་རིག་གནས་བཤད་པ་ལ། །
བཟོ་རིག་སློབ་ན་འཕེལ་རྒྱས་འཛུགས་བསྐྲུན་ནུས། །
གསོ་རིག་སློབ་ན་ཚེ་སྲིངས་ལུས་བདེ་སྟེར། །
སྒྲ་རིག་སློབ་ན་གཞན་རིག་ནང་འདྲེན་ཐོབ། །
ཚད་མར་སློབ་ན་འཁྲུལ་སེལ་བདེན་དོན་རྙེད། །
ནང་དོན་རིག་པས་སེམས་གསོ་ལུས་བདེ་ཐོབ། །
སྙན་ངག་ཤེས་ན་རྣར་སྙན་ཚིག་གི་རྒྱན། །
མངོན་བརྗོད་ཤེས་ན་མིང་དོན་ཀུན་ལ་བྱང་། །
ཟློས་གར་ཤེས་ན་སྒྱུ་རྩལ་ཀུན་ལ་མཁས། །
སྡེབ་སྦྱོར་ཤེས་ན་རྩོམ་པ་ཀུན་གྱི་སྒོ། །
སྐར་རྩིས་ཤེས་ན་གྲངས་རིག་ཀུན་དང་འབྲེལ། །
བཅུ་བོ་ཤེས་ན་མཁས་པའི་གོ་འཕང་ཐོབ། །
དང་པོ་འདི་ལ་སྦྱོང་བ་གཙོ་བོ་ཡིན། །
དེ་ནས་གཞན་རིགས་རིག་གནས་ནང་འདྲེན་ལ། །
རྒྱ་དབྱིན་འཇར་ཡིག་སོགས་ལ་སྦྱངས་བྱས་ཏེ། །
ཤར་རྒྱུད་རིག་གནས་ནུབ་རྒྱུད་རིག་གནས་སམ། །
གླིང་བཞི་མཚོ་ལྔའི་མཆོག་གྱུར་རིག་གནས་ལས། །
གཙོ་རྒྱུགས་རིག་གནས་གང་ཡོད་འུ་ཅག་གིས། །
ནང་འདྲེན་བྱེད་རྒྱུ་དེའང་གལ་ཆེན་ཡིན། །
དེ་ཡི་གཙོ་བོའི་གལ་ཆེན་རང་བཞིན་ནི། །
སྲིད་ཀྱི་སྐྱོང་ཐབས་ཆབ་སྲིད་མཁན་ལ་གཙོ། །
དམག་གི་འཐབ་རྩལ་དཔའ་བོ་དག་ལ་མཁོ། །
ཚོང་གི་སྒྲུབ་སྟངས་དཔལ་འབྱོར་བསྒྲུབ་པར་དགོས། །
ཁྲིམས་ཀྱི་འགྲོ་ལུགས་འབངས་མི་དག་ལ་གལ། །
ཕན་ཚུན་འགྲོ་འོང་བདེ་མིན་འགྲིམ་འགྲུལ་ཐུག །
འཛུགས་བསྐྲུན་རྒྱ་བསྐྱེད་བྱེད་རྒྱུ་ཀུན་ལ་མཁོ། །
རྩེད་རིགས་འགྲན་བསྡུར་དེ་ཡང་ཆ་ཚང་དགོས། །
གཤམ་ནས་དེང་རབས་རིག་གནས་སློབ་པ་ལ། །
དེང་རབས་རིག་གནས་དེང་དུས་མེད་ཐབས་མེད། །
དེང་རབས་རིག་གནས་དུས་རབས་གསར་པར་མཁོ། །
དེང་རབས་རིག་གནས་དེང་འདིར་ཤེས་པ་དགོས། །
དེང་རབས་རིག་གནས་རྣམ་པའང་གྲངས་མང་སྟེ། །
གནམ་ལ་འཕུར་སྟངས་ས་ལ་འཛུལ་ལུགས་དང་། །
ཆུ་ལ་རྐྱལ་སྲོལ་བྲག་ལ་འཛེགས་ཐབས་དང་། །
རྒྱན་ཆ་མཛེས་ཚུལ་གོས་གསར་བཟོ་སྟངས་དང་། །
ཕྱི་འབྲེལ་ནང་འབྲེལ་བར་འབྲེལ་བྱེད་ཐབས་སོགས། །
མང་པོ་ཡོད་ལ་ལྷག་ཏུ་ཚན་རྩལ་ཏེ། །
བརྡ་འཕྲིན་ཆ་འཕྲིན་རླུང་འཕྲིན་འཕྲིན་རིགས་དང་། །
གློག་དང་འབྲེལ་བའི་འཕྲུལ་ཆས་མང་རིགས་ཀུན། །
དེང་རབས་རིག་གནས་ཡིན་པས་ཤེས་པར་དགོས། །
ད་དུང་དེ་ལས་མི་ཚད་ཉེར་མཁོ་ཡི། །
ཁ་ཟས་གཡོ་སྟངས་སྐད་ཆ་བཤད་སྟངས་དང་། །
ལམ་ནས་འགྲོ་ལུགས་འཁོར་རིགས་གཏོང་ལུགས་དང་། །
གཙང་སྦྲ་དགོས་ཚུལ་འཕྲོད་བསྟེན་བྱེད་ཚུལ་དང་། །
རླངས་ཐབ་བཀོལ་ལུགས་རྡོ་སོལ་འབུད་ལུགས་དང། །
བུ་ཚ་སྐྱོང་ཐབས་རིག་གནས་སློབ་ཐབས་སོགས། །
ཉེ་བར་མཁོ་བའི་རིག་པའི་གནས་ལ་ཡང་། །
བྱང་བར་དགོས་པས་རིག་པའི་ཁྱེའུ་ཡིས། །
བརྩོན་པ་དང་ལེན་ངལ་བ་རྒྱབ་བསྐྱུར་ཀྱིས། །
རིག་གནས་ཀུན་ལ་འབད་བ་བླ་ལྷག་སྒོས། །
སློབ་གཉེར་བྱེད་བཞིན་མི་དགེ་བཅུ་བོ་དང་ ། །
གྲགས་པ་ཉམས་པར་འགྱུར་བའི་རྒྱུ་དྲུག་དང་། །
སྒྲིབ་པ་ལྔ་དང་དུག་གསུམ་ལ་སོགས་པ། །
རྩྭ་བཞིན་འདོར་ནས་སྐྱོན་ཀུན་ཟད་པ་དང་། །
ཡོན་ཏན་ཀུན་དང་ལྡན་པའི་མི་ཞིག་ཏུ། །
འགྱུར་བར་བརྩོན་ཅིག་རིག་པའི་ཁྱེའུ་ལགས། །
འདི་ལས་བྱུང་བའི་དགེ་འབྲས་ཅུང་ཟད་ཀྱིས། །
གཞོན་སྐྱེས་དག་གི་ལེ་ལོའི་བསྒྲོག་གཏོར་ཏེ། །
རྨོངས་མུན་འདམ་ལས་ལངས་ཏེ་མདུན་ཕྱོགས་ཀྱི། །
འོད་ཟེར་སྟོང་ལྡན་ལམ་དུ་བགྲོད་པར་བསྔོ། །
མངྒ་ལཾ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རིག་པའི་ཁྱེའུར་གདམས་པ།

2015-01-14 གསེར་སྙུག ཀློག་གྲངས། མཆན ཡོད།

༄༅། །ན་མོ་གུ་རུ།
ཕ་ལོ་སྤྲེའུ་བྱང་ཆུབ་སེམས་པ་དང། །
མ་ལོ་བྲག་དཀར་གནས་ཀྱི་སྲིན་མོ་ཡི། །
རིགས་བཟང་གདོང་དམར་བོད་ཀྱི་རྒྱུད་པ་རུ། །
འཁྲུངས་པ་རིག་པའི་ཁྱེའུ་གཙུག་ན་རྒྱལ། །
གང་ཞིག་ཕ་མ་བཟང་པོའི་བཀའ་དྲིན་འོག །
ཤེས་བྱ་རིག་པའི་གནས་ལ་བརྩོན་བསླད་དུ། །
སློབ་གླིང་དགའ་བའི་ཚལ་ན་སྐྱེལ་བ་ཡི། །
རིག་པའི་ཁྱེའུར་གདམས་པ་དར་ཅིག་ཉོན། །
བུ་ཆུང་མ་ཉལ་བུ་ཆུང་ཡར་ལ་ལོངས། །
བུ་ཆུང་ཉལ་ན་རྡོ་དང་གོར་མ་འདྲ། །
རྡོ་དང་གོར་མ་གཉིས་དེ་འཁྱག་ལ་འབྱར། །
ཕུགས་བསམ་མདུན་ལམ་ཟེར་བ་དེ་ལ་མེད། །
བུ་ཆུང་ལངས་ནས་མྱུར་དུ་སློབ་གྲྭར་སོང་། །
ཞོགས་པར་དཔེ་ཀློག་བྱས་ན་རིག་པ་གསལ། །
བློ་འཛིན་སྐྱོར་ཀློག་བྱས་ན་དེ་ལས་མཆོག །
དཔེ་ཀློག་མ་བྱས་ཤེས་བྱ་འབྱོར་བ་མེད། །
དཔེ་ཀློག་བྱེད་རྒྱུ་ཁྱོད་ཀྱི་འོས་འགན་རེད། །
དགེ་རྒན་དམ་པས་དེ་ན་སྒུག་བསྡད་ཡོད། །
གདམས་ངག་ཆར་རྒྱུན་བཞིན་དུ་ལེན་རྒྱུ་ཡོད། །
ལེགས་ཚོགས་ཀུན་གྱི་འབྱུང་གནས་དགེ་རྒན་ཡིན། །
སྒོ་གསུམ་གུས་པས་སློབ་དཔོན་བསྟེན་པ་གཙོ། །
ཁྱོད་ནི་མི་རིགས་ཤིག་གི་རྒྱུད་འཛིན་ཡིན། །
ང་འོངས་རྒྱལ་ཁབ་ཅིག་གི་བདག་པོ་ཡིན། །
དྲིན་ཆེན་མ་ཡུམ་ཤིག་གི་རེ་ལྟོས་ཡིན། །
དུས་རབས་གསར་བ་ཞིག་གི་ཕོ་ཉ་ཡིན། །
ཤེས་བྱ་རིག་གནས་མེད་ན་གང་ནས་ཆོག །
སྟོབས་དང་ནུས་པ་མེད་ན་ཅི་ལ་འོས། །
མཁས་དང་ཐབས་བཀོད་མེད་ན་ག་ལ་ཐུབ། །
རྒྱུད་བཟང་གཞན་ཕན་མེད་ན་ཅི་ལ་ཉན། །
དེ་བས་ཤེས་བྱ་རིག་གནས་སློབ་པ་ལ། །
དབྱངས་གསལ་སོ་བཞིའི་དབུ་ཁྱུད་བྲི་བྱས་ཏེ། །
རང་རིགས་རིག་གནས་བཅུ་ལ་སྦྱོངས་བ་དང་། །
ཞོར་དུ་གཞན་རིགས་རིག་གནས་ནང་འདྲེན་གྱིས། །
མ་ཚད་དེང་རབས་རིག་གནས་ཤེས་པར་མཛོད། །
ཉེར་མཁོའི་རིག་གནས་ལ་ཡང་བྱང་བ་དགོས། །
ཐོག་མར་རང་རིགས་རིག་གནས་བཤད་པ་ལ། །
བཟོ་རིག་སློབ་ན་འཕེལ་རྒྱས་འཛུགས་བསྐྲུན་ནུས། །
གསོ་རིག་སློབ་ན་ཚེ་སྲིངས་ལུས་བདེ་སྟེར། །
སྒྲ་རིག་སློབ་ན་གཞན་རིག་ནང་འདྲེན་ཐོབ། །
ཚད་མར་སློབ་ན་འཁྲུལ་སེལ་བདེན་དོན་རྙེད། །
ནང་དོན་རིག་པས་སེམས་གསོ་ལུས་བདེ་ཐོབ། །
སྙན་ངག་ཤེས་ན་རྣར་སྙན་ཚིག་གི་རྒྱན། །
མངོན་བརྗོད་ཤེས་ན་མིང་དོན་ཀུན་ལ་བྱང་། །
ཟློས་གར་ཤེས་ན་སྒྱུ་རྩལ་ཀུན་ལ་མཁས། །
སྡེབ་སྦྱོར་ཤེས་ན་རྩོམ་པ་ཀུན་གྱི་སྒོ། །
སྐར་རྩིས་ཤེས་ན་གྲངས་རིག་ཀུན་དང་འབྲེལ། །
བཅུ་བོ་ཤེས་ན་མཁས་པའི་གོ་འཕང་ཐོབ། །
དང་པོ་འདི་ལ་སྦྱོང་བ་གཙོ་བོ་ཡིན། །
དེ་ནས་གཞན་རིགས་རིག་གནས་ནང་འདྲེན་ལ། །
རྒྱ་དབྱིན་འཇར་ཡིག་སོགས་ལ་སྦྱངས་བྱས་ཏེ། །
ཤར་རྒྱུད་རིག་གནས་ནུབ་རྒྱུད་རིག་གནས་སམ། །
གླིང་བཞི་མཚོ་ལྔའི་མཆོག་གྱུར་རིག་གནས་ལས། །
གཙོ་རྒྱུགས་རིག་གནས་གང་ཡོད་འུ་ཅག་གིས། །
ནང་འདྲེན་བྱེད་རྒྱུ་དེའང་གལ་ཆེན་ཡིན། །
དེ་ཡི་གཙོ་བོའི་གལ་ཆེན་རང་བཞིན་ནི། །
སྲིད་ཀྱི་སྐྱོང་ཐབས་ཆབ་སྲིད་མཁན་ལ་གཙོ། །
དམག་གི་འཐབ་རྩལ་དཔའ་བོ་དག་ལ་མཁོ། །
ཚོང་གི་སྒྲུབ་སྟངས་དཔལ་འབྱོར་བསྒྲུབ་པར་དགོས། །
ཁྲིམས་ཀྱི་འགྲོ་ལུགས་འབངས་མི་དག་ལ་གལ། །
ཕན་ཚུན་འགྲོ་འོང་བདེ་མིན་འགྲིམ་འགྲུལ་ཐུག །
འཛུགས་བསྐྲུན་རྒྱ་བསྐྱེད་བྱེད་རྒྱུ་ཀུན་ལ་མཁོ། །
རྩེད་རིགས་འགྲན་བསྡུར་དེ་ཡང་ཆ་ཚང་དགོས། །
གཤམ་ནས་དེང་རབས་རིག་གནས་སློབ་པ་ལ། །
དེང་རབས་རིག་གནས་དེང་དུས་མེད་ཐབས་མེད། །
དེང་རབས་རིག་གནས་དུས་རབས་གསར་པར་མཁོ། །
དེང་རབས་རིག་གནས་དེང་འདིར་ཤེས་པ་དགོས། །
དེང་རབས་རིག་གནས་རྣམ་པའང་གྲངས་མང་སྟེ། །
གནམ་ལ་འཕུར་སྟངས་ས་ལ་འཛུལ་ལུགས་དང་། །
ཆུ་ལ་རྐྱལ་སྲོལ་བྲག་ལ་འཛེགས་ཐབས་དང་། །
རྒྱན་ཆ་མཛེས་ཚུལ་གོས་གསར་བཟོ་སྟངས་དང་། །
ཕྱི་འབྲེལ་ནང་འབྲེལ་བར་འབྲེལ་བྱེད་ཐབས་སོགས། །
མང་པོ་ཡོད་ལ་ལྷག་ཏུ་ཚན་རྩལ་ཏེ། །
བརྡ་འཕྲིན་ཆ་འཕྲིན་རླུང་འཕྲིན་འཕྲིན་རིགས་དང་། །
གློག་དང་འབྲེལ་བའི་འཕྲུལ་ཆས་མང་རིགས་ཀུན། །
དེང་རབས་རིག་གནས་ཡིན་པས་ཤེས་པར་དགོས། །
ད་དུང་དེ་ལས་མི་ཚད་ཉེར་མཁོ་ཡི། །
ཁ་ཟས་གཡོ་སྟངས་སྐད་ཆ་བཤད་སྟངས་དང་། །
ལམ་ནས་འགྲོ་ལུགས་འཁོར་རིགས་གཏོང་ལུགས་དང་། །
གཙང་སྦྲ་དགོས་ཚུལ་འཕྲོད་བསྟེན་བྱེད་ཚུལ་དང་། །
རླངས་ཐབ་བཀོལ་ལུགས་རྡོ་སོལ་འབུད་ལུགས་དང། །
བུ་ཚ་སྐྱོང་ཐབས་རིག་གནས་སློབ་ཐབས་སོགས། །
ཉེ་བར་མཁོ་བའི་རིག་པའི་གནས་ལ་ཡང་། །
བྱང་བར་དགོས་པས་རིག་པའི་ཁྱེའུ་ཡིས། །
བརྩོན་པ་དང་ལེན་ངལ་བ་རྒྱབ་བསྐྱུར་ཀྱིས། །
རིག་གནས་ཀུན་ལ་འབད་བ་བླ་ལྷག་སྒོས། །
སློབ་གཉེར་བྱེད་བཞིན་མི་དགེ་བཅུ་བོ་དང་ ། །
གྲགས་པ་ཉམས་པར་འགྱུར་བའི་རྒྱུ་དྲུག་དང་། །
སྒྲིབ་པ་ལྔ་དང་དུག་གསུམ་ལ་སོགས་པ། །
རྩྭ་བཞིན་འདོར་ནས་སྐྱོན་ཀུན་ཟད་པ་དང་། །
ཡོན་ཏན་ཀུན་དང་ལྡན་པའི་མི་ཞིག་ཏུ། །
འགྱུར་བར་བརྩོན་ཅིག་རིག་པའི་ཁྱེའུ་ལགས། །
འདི་ལས་བྱུང་བའི་དགེ་འབྲས་ཅུང་ཟད་ཀྱིས། །
གཞོན་སྐྱེས་དག་གི་ལེ་ལོའི་བསྒྲོག་གཏོར་ཏེ། །
རྨོངས་མུན་འདམ་ལས་ལངས་ཏེ་མདུན་ཕྱོགས་ཀྱི། །
འོད་ཟེར་སྟོང་ལྡན་ལམ་དུ་བགྲོད་པར་བསྔོ། །
མངྒ་ལཾ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།