འཁོར་བར་སྙེག་པ།༼ ཞར་བཀོད་བཞི་ཡོད ༽

             འཁོར་བར་སྙེག་པ།

འཚོ་བའི་རྩི་སྨན་བྲལ་བ་ཡི།།
བས་མཐའི་གནས་མལ་སྐྱ་བོ་ནས།།
ཆར་དང་རླུང་བས་ཟོས་པ་ཡི།།
མི་ཚེའི་དར་ཤིང་སྙིང་པོ་མེད།།
འཁོར་བའི་རི་རྩེ་སྨུག་པོ་ཡི།།
རྩི་མགོར་ཆགས་པའི་ཟིལ་བ་ཡིས།།
སྣང་བའི་ལོ་མར་མདངས་བྲིས་པའི།།
སྐྱེ་བོ་དག་གི་དབྱར་ཁ་རིང་།།

              དངན་པ་ཤོར་བ།

སྟོན་ཀའི་མཚན་མོར་ཤར་བའི།།
ཟླ་བ་ཅི་འདྲའི་མཛེས་སོང་།།
མཛེས་ཀྱང་གྲོགས་མེད་ཡིན་པས།།
ཟླ་བས་སྐྱོ་བ་ཁུར་འདུག།
གནག་སྣུམ་སྐྲ་ཡི་ལན་བུ།།
གཙང་པོའི་གཞུང་ལ་སྐུར་བའི།།
ལང་ཚོ་སྨིན་པའི་བཙུན་མ།།
ཟླ་བ་དེ་དང་མཚུངས་ཨང་།།

            འཇིགས་པའི་རྨི་ལམ།

ང་ནི་རྟ་ཕོའི་གོང་ནས་གནམ་ལ་འཕུར།།
རྟ་ཕོ་ལྕག་གིས་བྲབས་ཏེ་གནམ་ལ་འཕུར།།
གནམ་གྱི་བྱི་འུའི་ཁྱུ་ཞིག་འུར་སེར་དཀྲོགས།།
སྐར་མའི་ཕ་བོང་འགའ་ཞིག་ས་རུ་སྒྲིལ།།
དེ་ཚེ་དགུ་ཚིགས་བྲུག་ཏེ་མི་རྟ་གཉིས།།
ལྷ་མིན་གནས་སུ་ཀྱེ་མ་ཁུར་སོང་ངོ་།།

             དོ་ནུབ།

ཟླ་འོད་ནད་པ་ཞིག།
སིབ་སིབ་ངུས་སོང་ངོ་།།
རླུང་བུ་པྲ་ཆལ་ཞིག།
ཚག་ཚག་བགད་བྱུང་ངོ་།།
གཅིན་པ་སེར་པོ་ཞིག།
ཤག་ཤག་ཤོར་སོང་ངོ་།།
སེམས་ཀྱི་ལྕང་མ་ཡང་།།
ལྕུག་ལྕུག་འདར་བྱུང་ངོ་།།

             བུམ་པ་རྙིང་བ་ཞིག

བུམ་པ་འདི་ཡི་ཞབས་བརྡོལ་འདུག།
བུམ་པ་འདི་ཡི་མཆུ་ཆད་འདུག།
འདི་ལ་བུམ་པའི་མིང་ཡོད་ཀྱང་།།
བུམ་པའི་མཚན་ཉིད་འདི་ལ་མེད།།
རྨ་བྱའི་སྒྲོ་ཡི་ཁ་རྒྱན་དང་།།
དར་གྱི་སྐེ་དཀྲིས་ཡོད་ན་ཡང་།།
བདུད་རྩི་བླུགས་ས་མི་ལོ་བས།།
བུམ་པ་འདི་ནི་ང་མི་དགོས།།
བྱིས་པའི་རྩེད་ཆས་མི་མཛའ་ཞིང་།།
རྒན་པོའི་གཅིན་རྫ་མི་ཉན་པའི།།
སུ་ལ་ཡང་ནི་མི་མཁོ་བའི།།
བུམ་པ་འདི་ནི་གཅོག་རྒྱུ་ཡིན།།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་བར་སྙེག་པ།༼ ཞར་བཀོད་བཞི་ཡོད ༽

2015-08-09 ཞོགས་རླུང་། ཀློག་གྲངས། མཆན ཡོད།

             འཁོར་བར་སྙེག་པ།

འཚོ་བའི་རྩི་སྨན་བྲལ་བ་ཡི།།
བས་མཐའི་གནས་མལ་སྐྱ་བོ་ནས།།
ཆར་དང་རླུང་བས་ཟོས་པ་ཡི།།
མི་ཚེའི་དར་ཤིང་སྙིང་པོ་མེད།།
འཁོར་བའི་རི་རྩེ་སྨུག་པོ་ཡི།།
རྩི་མགོར་ཆགས་པའི་ཟིལ་བ་ཡིས།།
སྣང་བའི་ལོ་མར་མདངས་བྲིས་པའི།།
སྐྱེ་བོ་དག་གི་དབྱར་ཁ་རིང་།།

              དངན་པ་ཤོར་བ།

སྟོན་ཀའི་མཚན་མོར་ཤར་བའི།།
ཟླ་བ་ཅི་འདྲའི་མཛེས་སོང་།།
མཛེས་ཀྱང་གྲོགས་མེད་ཡིན་པས།།
ཟླ་བས་སྐྱོ་བ་ཁུར་འདུག།
གནག་སྣུམ་སྐྲ་ཡི་ལན་བུ།།
གཙང་པོའི་གཞུང་ལ་སྐུར་བའི།།
ལང་ཚོ་སྨིན་པའི་བཙུན་མ།།
ཟླ་བ་དེ་དང་མཚུངས་ཨང་།།

            འཇིགས་པའི་རྨི་ལམ།

ང་ནི་རྟ་ཕོའི་གོང་ནས་གནམ་ལ་འཕུར།།
རྟ་ཕོ་ལྕག་གིས་བྲབས་ཏེ་གནམ་ལ་འཕུར།།
གནམ་གྱི་བྱི་འུའི་ཁྱུ་ཞིག་འུར་སེར་དཀྲོགས།།
སྐར་མའི་ཕ་བོང་འགའ་ཞིག་ས་རུ་སྒྲིལ།།
དེ་ཚེ་དགུ་ཚིགས་བྲུག་ཏེ་མི་རྟ་གཉིས།།
ལྷ་མིན་གནས་སུ་ཀྱེ་མ་ཁུར་སོང་ངོ་།།

             དོ་ནུབ།

ཟླ་འོད་ནད་པ་ཞིག།
སིབ་སིབ་ངུས་སོང་ངོ་།།
རླུང་བུ་པྲ་ཆལ་ཞིག།
ཚག་ཚག་བགད་བྱུང་ངོ་།།
གཅིན་པ་སེར་པོ་ཞིག།
ཤག་ཤག་ཤོར་སོང་ངོ་།།
སེམས་ཀྱི་ལྕང་མ་ཡང་།།
ལྕུག་ལྕུག་འདར་བྱུང་ངོ་།།

             བུམ་པ་རྙིང་བ་ཞིག

བུམ་པ་འདི་ཡི་ཞབས་བརྡོལ་འདུག།
བུམ་པ་འདི་ཡི་མཆུ་ཆད་འདུག།
འདི་ལ་བུམ་པའི་མིང་ཡོད་ཀྱང་།།
བུམ་པའི་མཚན་ཉིད་འདི་ལ་མེད།།
རྨ་བྱའི་སྒྲོ་ཡི་ཁ་རྒྱན་དང་།།
དར་གྱི་སྐེ་དཀྲིས་ཡོད་ན་ཡང་།།
བདུད་རྩི་བླུགས་ས་མི་ལོ་བས།།
བུམ་པ་འདི་ནི་ང་མི་དགོས།།
བྱིས་པའི་རྩེད་ཆས་མི་མཛའ་ཞིང་།།
རྒན་པོའི་གཅིན་རྫ་མི་ཉན་པའི།།
སུ་ལ་ཡང་ནི་མི་མཁོ་བའི།།
བུམ་པ་འདི་ནི་གཅོག་རྒྱུ་ཡིན།།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།