སྣང་བ་སྐྱིད་པའི་ལོ།༼ ཞར་བཀོད་གཉིས་ཡོད ༽

འཇའ་ཚོན་རྒུམ་པའི་རི་བོའི་ཤོག་བྱ་ཡང་།།
གནམ་སའི་གཏམ་རྒྱུད་མོད་པོའི་མཐིལ་ལ་ཚེས།།
གཞོན་དུས་སྣང་བ་བསོར་བའི་ཞག་མ་དག།
རྨི་ལམ་མང་བའི་ཉིན་མཚན་འདི་ག་སྟེ།།
ལང་ཚོའི་ང་རྒྱལ་འཁྲུག་པའི་ན་བུན་འཚུབ།།
ཟླ་བའི་གཟི་དཔལ་དག་ལ་ཚིག་འགྲེལ་བརྒྱབ།།
སྣང་བའི་གཤོང་ལ་སྣང་བའི་ཕོ་བྲང་བཞེང་།།
འཇིག་རྟེན་ཁྲ་མོའི་པང་ནས་སྐྱིད་ཅིག་རྒྱག།

རྨ་བྱ་རུམ་དུ་རྐུངས་ཞིང་པང་དུ་ལེན།།
རླུང་གི་ཡོལ་བ་འཐེན་པའི་གྱང་རྩ་རུ།།
བྱེ་མ་ལེབ་གྱི་མེ་ཏོག་དམར་པོ་འཐུང་།།
གྲིབ་མའི་འཕཊ་ཚག་གཞན་གྱི་མཐོང་བར་དོག།
སྐར་མའི་ཁུང་འཛུམ་བྱེད་ཅིང་མིག་བརྡ་འཕེན།།
མཁུར་ཚོས་དཀྱིལ་དུ་མེ་ཡི་ཐིག་ལེ་གད།
རྫི་མའི་ཕག་ནས་ལང་ཚོ་འཆང་ལ་སྦང་།།
ཁང་སྐྱ་ཐར་ཐོར་རྒྱུ་མའི་གྲོང་ཚོར་འབབ།།

ལོ་མ་ལྗང་ཁུ་ཆུ་བོའི་ཁུད་དུ་ལྷུང་།།
ཆུ་ཡི་ཐིག་པ་རེ་རེ་རྒྱ་མཚོར་འདྲེས།།
ཟླ་བ་ཚེས་རིས་སྤྲིན་ནག་ཕག་ནས་འཕག།
མུན་པའི་ཁང་བ་དག་ལ་འོད་ཟེར་འགྱེད།།
ཚིག་ལ་སྙན་དང་མཛེས་པའི་ལང་ཚོ་བཀྲ།།
ཡི་གེའི་སྐྱེ་འཆི་ཤོག་སྐྱའི་ལྟེམས་སུ་འཁོར།།
ངག་གི་སྒྲུང་ཐུང་ཡིད་ཀྱི་ཟབ་སར་བྲིས།།
ང་ཡི་ཐ་སྙད་རི་དང་གཙང་བོ་བྱས།།

             2.0.1.5./2/3/ལ་གྲུབ།

               ང་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་།

ཚོར་བའི་ཉིན་སྲིབ་ཀུན་ནས་ན་བུན་སྟུག་པོ་ཕྱོགས་སུ་འཐིབས།།
སྣང་བ་ཁྲ་མོའི་ངོས་སུ་མར་ཁུ་གཤར་ཞིང་རླངས་པ་འཐིལ།།
ཁ་དོག་ཁྲ་ཁྲ་འཆར་ཞིང་ནག་པོ་འཚེར་བས་སྣང་བའི་ངོར།།
དྲི་མའི་ངད་པ་ལྡང་ཞིང་རོ་ཡི་བུ་ཡུག་སྣ་ཚོགས་འཆར།།

སྤྲིན་གྱི་ཚོམ་བུ་མོད་པོ་ཨ་སྔོན་གནམ་གྱི་པང་ལ་ལྷུང་།།
མུན་པ་སྐྱ་བོའི་གསེབ་ནས་འགློག་ཞཊ་འཚུབ་ཅིང་ཟེར་མ་འབར།།
སེམས་ཀྱི་མཐིལ་དུ་བཞད་པའི་ཉི་ཟླའི་ཁ་དོག་སེེར་དཀར་ཏེ།།
དད་པའི་ཆང་ལ་བཙོས་ཤིང་རེ་བའི་སྐུད་པའི་སྣེ་ལ་བརྒྱུས།།

རི་རྩེའི་ཀུ་ཤ་ཁེར་སྐྱེས་རླུང་གིས་རྒུལ་ཞིང་ཆར་བའི་བརླན།།
སྣོད་བཅུད་གཉིས་ལ་གཉུག་མའི་གནས་ལུཊ་འཇའ་ཚོན་བཞིན་ཏུ་ཤར།།
མུན་པའི་རི་གྲོང་ཡིད་ཀྱི་ངོས་ལ་གཟུཊ་བརྙན་ཕབ་པར་གྱུར།།
རྒན་པའི་ངག་ལ་གཡང་གི་འབོད་སྒྲོས་ཆུ་མོ་བཞིན་ཏུ་གཤར།།

སྐྱོ་བའི་ན་བུན་ཁྲག་ཁྲིག་ཕྲག་བརྒྱ་སྙིང་གི་མལ་དུ་འཚུབས།།
ཞེན་ཆགས་འདུ་འཛི་ལང་ལོང་ལམ་མེར་རུས་པའི་རྐང་ནས་རྡོལ།།
རྣམ་ཤེས་ཚོགས་དག་མུན་པས་གཡོག་སྟེ་མུན་པར་རྒྱང་ལ་འབྲོ།།
དུང་ཞེན་ག་ཚོད་འོད་ཀྱི་ཕོན་པོའི་ཉེ་བའི་ཕྱོཊ་ལ་གཡེང་།།

ཆུ་བོའི་གཞུང་ལ་རོ་སྒམ་འཕང་བས་གཏམ་རྒྱུད་རྫོཊ་མེད་ཅིག།
རྟག་ཏུ་དྲན་ཞིང་ལས་དབང་བཙན་པོར་བཟློག་ཏུ་མེད་དོ་ཞེས།།
མདང་ནུབ་བཤད་ཅིང་དོ་དགོང་སྨྲས་པ་སེམས་ཀྱི་མཐིལ་ལ་འབྲི།
སུན་པའི་གདོང་ལ་སྡུག་གི་གཉེར་མའི་ཡོངས་སུ་ཁེང་ཞིང་འཚང་།།

ལྕི་འདབ་ཁྲོད་ཀྱི་འབྲོག་མོའི་སྐྱེ་གཟུཊ་མིག་ལ་རབ་རིབ་འཆར།།
གཡག་དང་འབྲི་ཡང་ངུར་བར་སྙམ་པས་རྣ་བས་ཀྲོང་ཀྲོང་བྱས།།
མཐིང་སྨིག་སྦྲ་ཆུང་གནམ་ལ་ཕུབ་ཞིང་ས་ལ་ལྡེ་བར་བསམ།།
མང་པོ་བཤད་ན་མང་པོ་ཡོད་ཅིང་ཉུང་ཉུང་ཚིག་གིས་རྫོགས།།

               ཚྭ་ཁུ་འཐུང་བ།

ཚོར་བའི་སྒམ་ནས་མེ་ལྕེ་བསྒྲོན།།
མུན་པའི་གྲོང་ལ་འཁྱར་ཞིང་འགྲོ།
སྲིད་པའི་ཡ་མཐའ་ངག་ནས་གླེང་།།
རྨུག་རྒྱུ་འཚུབ་པར་མི་སྐྲག་ཅིང་།།
མེ་མདའ་འཕེན་ཞིང་ཐེའུ་རང་གསད།།
སྲིན་མོ་ཟུག་ཅིང་ངུ་བར་བྱེད།།
འཁོར་བའི་གང་སར་གྲོག་རོང་སྐྱེས།།
མིག་སེར་དག་གིས་ཁང་པ་ཕུབ།།
རྣམ་སྨིན་གསོག་པར་སྐྲག་ཅིང་འདར།།
འཇིག་རྟེན་ཞེས་བྱ་རྟོག་པས་བཟོས།།

ཡེ་ཤེས་སྤྱན་ནས་ཆུ་བུར་རྡོལ།།
སྲིད་པའི་མི་རྒན་ཚེ་ལས་འདས།།
འོད་ཀྱི་ཐིག་ལེ་གང་དུ་ཡིབ།།
ང་ཅག་འཇིག་རྟེན་ཁྲ་ཁྲ་བྲིས།།
ར་བཟི་གྱུར་ཞིང་རྣམ་ཤེས་འགག།
མེ་ཏོག་དག་གི་ལོ་མ་འཐོར།།
གོས་ཀྱི་རི་མོ་དག་ཅིང་ཟད།།
དུར་ཁྲོད་དག་ལ་ཉུལ་ཞིང་འགྲོ།
མེས་པོའི་རུས་རྐང་རྒུམ་པར་བྱ།།

སྙུ་གུའི་རྟུལ་ཕོད་གང་སར་ཁྱབ།།
དེ་ཡིས་ཡི་གེའི་བཙན་རྫོང་བཞེངས།།
སྲིད་པའི་བརྡ་གླུ་ངག་ལ་འཆའ།།
ཐ་སྙད་མཆོད་པས་གཞོན་དུས་སུ།།
འཇའ་དང་འོད་ཟེར་སྤྲོ་བར་བྱེད།།
རྨི་ལམ་རུས་རྐང་བར་ལ་འབྲི།།
སྤྲིན་པའི་གཤོག་པ་དཀར་པོ་བཟོ།།
ཉི་ཟླའི་ཐོད་དུ་དར་ལྕོག་འཛུགས།།
འཁོར་བའི་མྱི་ལ་ངོམ་ཞིང་འགྲོ།
                   2015/3/30

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་བ་སྐྱིད་པའི་ལོ།༼ ཞར་བཀོད་གཉིས་ཡོད ༽

2015-09-07 མྱི་གསར་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།