ཕྲག་དོག་བརྣབ་སེམས་ཅན་ཚོར་འདི་བྱིན་ཅིག

གངས་སྨྱོན།༼ རྐང་ཚ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-10-16


ལྷ་ལ་འཕོ་ལྟུང་མངའ་བ་ལས་དབང་ཡིན།།
མི་ལ་སྐྱེ་འཆི་དར་བ་ཆོས་ཉིད་ཡིན།།
འདུས་བྱས་སྲིད་པའི་ཁམས་སུ་གྲུབ་པ་གང་།།
མི་རྟག་ངང་ཚུལ་སྟོན་པ་བཟློག་མེད་ཡིན།།
རླབས་ཆེན་སྐྱེས་བུར་བགེགས་གཅོད་མང་བ་དང་༎
མནོག་ཆུང་གཅམ་བུའི་སྐུ་ཚེ་བརྟན་པ་ཡང་།།
གསེར་དང་ར་གན་ཁྲོམ་ནས་བཤམས་འདྲ་སྟེ།།
ཞིབ་ཏུ་བསམས་ན་ཤིན་ཏུ་ཧ་གོ་ཨང་།།
མཐའ་རུ་བདས་ཏེ་ཁྱུ་ནས་སྤྱུགས་འདོད་དང་།།
ལྐོག་ཏུ་ཁྲིད་དེ་རྒྱབ་ནས་བཀུམ་འདོད་སོགས།།
ཐུན་མིན་སྐྱེས་བུའི་ཚེར་མའི་བཤུལ་ལམ་འདི།།
ཕལ་བའི་སྐྱེ་བོ་རྣམས་ཀྱི་བསམ་བྱ་མིན།།
མ་འདས་གསོན་པོ་ཤི་བོར་སྒྱུར་བ་དང་།།
ལེ་ལན་སྨིན་པའི་མྱི་ཁ་སྐོར་བ་འདི།།
མིའུ་ཆུང་རྣམས་ཀྱི་རེ་བའི་རྨི་ལམ་སྟེ།།
བསྐལ་བ་སྟོང་ལ་རྨིས་པའི་སྨོན་འདུན་ཡིན།།
སྐུ་ཞབས་མ་གྲོངས་སྐུ་ཞབས་འཚོ་ཞིང་གཞེས།།
ལུས་ཀྱི་བཀྲག་མདངས་སྔར་ལས་ཆེ་བར་གདའ།།
ངག་གི་ཟིལ་ཤུགས་སྔོན་ལས་བརྗིད་པར་གདའ།།
སེམས་ཀྱི་རྫི་གསིང་དེ་བས་རྣོ་བར་གདའ།།
གང་ཞིག་བྲི་བའི་བློ་མིག་བདར་གྱིན་མཆིས།།
ཅི་ཞིག་འཆད་པའི་གྲེ་བ་བསལ་གྱིན་མཆིས།།
ཇི་ལྟར་རྩོམ་པའི་ལས་ལ་འབད་ཀྱིན་མཆིས།།
དམ་པ་ད་དུང་གྲུང་ཤ་ཐང་པོར་མཆིས།།
རིག་པའི་གད་རྒྱངས་གཅིག་གིས་གནམ་ས་གཡོས།།
བསམ་བློའི་རྦ་རླབས་གཅིག་གིས་གངས་ལྗོངས་བཀབ།།
གསར་བརྗེའི་ལས་འགུལ་གཅིག་གིས་རྒྱན་ལྤགས་བརྗེས༎
ད་ནི་ཞོགས་དུང་ཤི་ཡང་དོན་པོ་ཡོད།།
རྣམ་དཔྱོད་རྩལ་གྱིས་མུན་པའི་ཧྲག་བར་ཕྱེས༎
ནད་སྒུར་བོད་ལ་དྲང་བོའི་སྒལ་ཚིགས་སྤྲད།།
ལྷ་སྲིན་ཕབ་ཅིང་མི་ཡི་ཐོབ་ཐང་བླངས།།
ད་ནི་ཞོགས་དུང་ཤི་ཡང་ལྟད་མོ་ཡོད།།
རྨོངས་དད་ཚང་འཇོམས་སྤྲུལ་སྐུའི་གདོང་འབག་དབྲལ།།
བག་ཆགས་དོང་སྤྲུགས་མི་སེམས་གཙང་མར་བཀྲུས།།
སོ་སྐྱེའི་ལམ་གྱི་རིམ་པ་གཏན་ལ་ཕབ།།
ད་ནི་ཞོགས་དུང་ཤི་ཡང་ལོ་རྒྱུས་ཡོད།།
ང་བདག་དཔེ་ཚོགས་གསར་དུ་བརྩམས་ནས་སོང་།།
བློ་འབྱེད་དེབ་ཕྲེང་གཅལ་དུ་བཀྲམས་ནས་བྱོན།།
བོད་འགྱུར་རིག་མཛོད་བོད་ལ་གནང་སྟེ་ཕེབས།།
ད་ནི་ཞོགས་དུང་ཤི་ཡང་གནོང་འགྱོད་ཅི།།
སྒེར་བའི་ཁེ་ཕན་སྟོར་བར་མི་དོགས་པ།།
ཨ་ཕོ་འདི་འདྲ་སྐྱེས་ན་གཅིག་རེས་ཏེ།།
རྒྱུ་འབྱོར་དབང་དང་བཙན་གྱིས་མི་གཡོ་བ།།
མི་བུ་འདི་འདྲ་འཁྲུངས་ན་རེ་རེས་ཆོག །
འགྱོད་པ་ངོ་མ་ཁྱོད་དང་འུ་ཅག་སྟེ།།
ནོར་བུའི་ནོར་ངོ་མ་ཆོད་བཅག་པ་སྐྱོ།།
དགེ་ཆོས་ནང་བཞིན་བས་མཐར་དབྱུང་བ་སྐྱོ།།
དོན་རྒྱལ་ལྟར་དུ་འཆི་སར་དེད་པ་སྐྱོ།།
འཆི་བ་ཁ་ཅིག་མ་ཡིན་ཁྱབ་མཉམ་སྟེ།།
སུ་ཡང་འཆི་བདག་སུན་མས་གཏུག་ཅིང་འོང་།།
འཆི་ལུགས་སྣ་གཅིག་མ་ཡིན་སྣ་ཚོགས་ཏེ།།
སྲིད་པ་སྤྱི་ཡི་སྐྱེ་འཆིའི་སྣང་ཚུལ་ལགས།།
བརྒྱད་ཅུའི་བླུན་རྒན་སྲོལ་ལ་འབྱར་བ་ལས།།
ཡུན་ཐུང་མི་ཚེ་འོད་དུ་འབར་ན་དགའ།།
རྨོངས་པའི་ལང་ཚོ་བྲན་དུ་གཟད་པ་ལས།།
སངས་མའི་མགོ་འཕང་བཏེགས་ཏེ་ཤི་ན་སྐྱིད།།
འདལ་སྒྲ་མེད་པར་ཆལ་སྒྲ་གྲགས་པ་དང་།།
ཁ་འཁྲུགས་བཤད་ནས་ཁ་སེམས་དཀྲུག་པ་འདི།།
ཅོལ་ཆུང་དམུན་པོ་ཀུན་གྱི་སྲོལ་ལུགས་ཏེ།།
བོད་མིས་རྒྱ་རུ་བཏབ་པའི་གན་ཆིངས་ཉིད།།
སྡེར་མོ་སྤུ་ན་སྦེད་པའི་བྱམས་སེམས་ཅན།།
མཆེ་བ་བག་ན་གཞའ་བའི་སྙིང་རྗེ་ཅན།།
ཆོས་མེད་ཆོས་ཀྱི་ལུང་བ་བོད་ཡུལ་གྱི།།
ཕྲག་དོག་བརྣབ་སེམས་ཅན་ཚོར་འདི་བྱིན་ཅིག །

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྲག་དོག་བརྣབ་སེམས་ཅན་ཚོར་འདི་བྱིན་ཅིག

2015-10-16 གངས་སྨྱོན།༼ རྐང་ཚ ༽ ཀློག་གྲངས། མཆན ཡོད།


ལྷ་ལ་འཕོ་ལྟུང་མངའ་བ་ལས་དབང་ཡིན།།
མི་ལ་སྐྱེ་འཆི་དར་བ་ཆོས་ཉིད་ཡིན།།
འདུས་བྱས་སྲིད་པའི་ཁམས་སུ་གྲུབ་པ་གང་།།
མི་རྟག་ངང་ཚུལ་སྟོན་པ་བཟློག་མེད་ཡིན།།
རླབས་ཆེན་སྐྱེས་བུར་བགེགས་གཅོད་མང་བ་དང་༎
མནོག་ཆུང་གཅམ་བུའི་སྐུ་ཚེ་བརྟན་པ་ཡང་།།
གསེར་དང་ར་གན་ཁྲོམ་ནས་བཤམས་འདྲ་སྟེ།།
ཞིབ་ཏུ་བསམས་ན་ཤིན་ཏུ་ཧ་གོ་ཨང་།།
མཐའ་རུ་བདས་ཏེ་ཁྱུ་ནས་སྤྱུགས་འདོད་དང་།།
ལྐོག་ཏུ་ཁྲིད་དེ་རྒྱབ་ནས་བཀུམ་འདོད་སོགས།།
ཐུན་མིན་སྐྱེས་བུའི་ཚེར་མའི་བཤུལ་ལམ་འདི།།
ཕལ་བའི་སྐྱེ་བོ་རྣམས་ཀྱི་བསམ་བྱ་མིན།།
མ་འདས་གསོན་པོ་ཤི་བོར་སྒྱུར་བ་དང་།།
ལེ་ལན་སྨིན་པའི་མྱི་ཁ་སྐོར་བ་འདི།།
མིའུ་ཆུང་རྣམས་ཀྱི་རེ་བའི་རྨི་ལམ་སྟེ།།
བསྐལ་བ་སྟོང་ལ་རྨིས་པའི་སྨོན་འདུན་ཡིན།།
སྐུ་ཞབས་མ་གྲོངས་སྐུ་ཞབས་འཚོ་ཞིང་གཞེས།།
ལུས་ཀྱི་བཀྲག་མདངས་སྔར་ལས་ཆེ་བར་གདའ།།
ངག་གི་ཟིལ་ཤུགས་སྔོན་ལས་བརྗིད་པར་གདའ།།
སེམས་ཀྱི་རྫི་གསིང་དེ་བས་རྣོ་བར་གདའ།།
གང་ཞིག་བྲི་བའི་བློ་མིག་བདར་གྱིན་མཆིས།།
ཅི་ཞིག་འཆད་པའི་གྲེ་བ་བསལ་གྱིན་མཆིས།།
ཇི་ལྟར་རྩོམ་པའི་ལས་ལ་འབད་ཀྱིན་མཆིས།།
དམ་པ་ད་དུང་གྲུང་ཤ་ཐང་པོར་མཆིས།།
རིག་པའི་གད་རྒྱངས་གཅིག་གིས་གནམ་ས་གཡོས།།
བསམ་བློའི་རྦ་རླབས་གཅིག་གིས་གངས་ལྗོངས་བཀབ།།
གསར་བརྗེའི་ལས་འགུལ་གཅིག་གིས་རྒྱན་ལྤགས་བརྗེས༎
ད་ནི་ཞོགས་དུང་ཤི་ཡང་དོན་པོ་ཡོད།།
རྣམ་དཔྱོད་རྩལ་གྱིས་མུན་པའི་ཧྲག་བར་ཕྱེས༎
ནད་སྒུར་བོད་ལ་དྲང་བོའི་སྒལ་ཚིགས་སྤྲད།།
ལྷ་སྲིན་ཕབ་ཅིང་མི་ཡི་ཐོབ་ཐང་བླངས།།
ད་ནི་ཞོགས་དུང་ཤི་ཡང་ལྟད་མོ་ཡོད།།
རྨོངས་དད་ཚང་འཇོམས་སྤྲུལ་སྐུའི་གདོང་འབག་དབྲལ།།
བག་ཆགས་དོང་སྤྲུགས་མི་སེམས་གཙང་མར་བཀྲུས།།
སོ་སྐྱེའི་ལམ་གྱི་རིམ་པ་གཏན་ལ་ཕབ།།
ད་ནི་ཞོགས་དུང་ཤི་ཡང་ལོ་རྒྱུས་ཡོད།།
ང་བདག་དཔེ་ཚོགས་གསར་དུ་བརྩམས་ནས་སོང་།།
བློ་འབྱེད་དེབ་ཕྲེང་གཅལ་དུ་བཀྲམས་ནས་བྱོན།།
བོད་འགྱུར་རིག་མཛོད་བོད་ལ་གནང་སྟེ་ཕེབས།།
ད་ནི་ཞོགས་དུང་ཤི་ཡང་གནོང་འགྱོད་ཅི།།
སྒེར་བའི་ཁེ་ཕན་སྟོར་བར་མི་དོགས་པ།།
ཨ་ཕོ་འདི་འདྲ་སྐྱེས་ན་གཅིག་རེས་ཏེ།།
རྒྱུ་འབྱོར་དབང་དང་བཙན་གྱིས་མི་གཡོ་བ།།
མི་བུ་འདི་འདྲ་འཁྲུངས་ན་རེ་རེས་ཆོག །
འགྱོད་པ་ངོ་མ་ཁྱོད་དང་འུ་ཅག་སྟེ།།
ནོར་བུའི་ནོར་ངོ་མ་ཆོད་བཅག་པ་སྐྱོ།།
དགེ་ཆོས་ནང་བཞིན་བས་མཐར་དབྱུང་བ་སྐྱོ།།
དོན་རྒྱལ་ལྟར་དུ་འཆི་སར་དེད་པ་སྐྱོ།།
འཆི་བ་ཁ་ཅིག་མ་ཡིན་ཁྱབ་མཉམ་སྟེ།།
སུ་ཡང་འཆི་བདག་སུན་མས་གཏུག་ཅིང་འོང་།།
འཆི་ལུགས་སྣ་གཅིག་མ་ཡིན་སྣ་ཚོགས་ཏེ།།
སྲིད་པ་སྤྱི་ཡི་སྐྱེ་འཆིའི་སྣང་ཚུལ་ལགས།།
བརྒྱད་ཅུའི་བླུན་རྒན་སྲོལ་ལ་འབྱར་བ་ལས།།
ཡུན་ཐུང་མི་ཚེ་འོད་དུ་འབར་ན་དགའ།།
རྨོངས་པའི་ལང་ཚོ་བྲན་དུ་གཟད་པ་ལས།།
སངས་མའི་མགོ་འཕང་བཏེགས་ཏེ་ཤི་ན་སྐྱིད།།
འདལ་སྒྲ་མེད་པར་ཆལ་སྒྲ་གྲགས་པ་དང་།།
ཁ་འཁྲུགས་བཤད་ནས་ཁ་སེམས་དཀྲུག་པ་འདི།།
ཅོལ་ཆུང་དམུན་པོ་ཀུན་གྱི་སྲོལ་ལུགས་ཏེ།།
བོད་མིས་རྒྱ་རུ་བཏབ་པའི་གན་ཆིངས་ཉིད།།
སྡེར་མོ་སྤུ་ན་སྦེད་པའི་བྱམས་སེམས་ཅན།།
མཆེ་བ་བག་ན་གཞའ་བའི་སྙིང་རྗེ་ཅན།།
ཆོས་མེད་ཆོས་ཀྱི་ལུང་བ་བོད་ཡུལ་གྱི།།
ཕྲག་དོག་བརྣབ་སེམས་ཅན་ཚོར་འདི་བྱིན་ཅིག །

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།