སྣང་བའི་རྒྱུད་མངས་དཀྲོལ་བ།༼ ཞར་བཀོད་གཅིག་ཡོད ༽


བྱ་དང་བྱེའུའི་གསུང་དབྱངས་རྣ་བར་གཟན་པས།།
བདེ་བའི་གཉིད་ལ་འཐིམ་པའི་རྨི་ལམ་དཀྲོགས་བྱུང་།།
ཀ་ཁའི་སྦྱོར་ཀློག་སྙན་མོ་དབྱངས་སུ་དྲངས་པས།།
སློབ་གླིང་དགའ་ཚལ་རེ་བའི་གཤིན་སར་འཁྲུངས་བྱུང་།།

དགོ་དགོ་འབྲི་མོའི་བཞོ་དབྱངས་ངག་ལ་གྱེར་བས།།
སྨན་ཆུང་བུ་མོའི་འཁོར་བའི་ཆོས་ཉིད་རྟོགས་བྱུང་།།
འབའ་འབའ་ལུ་གུ་རྩེན་པའི་འབའ་སྒྲ་སྙན་པས།།
གཞོན་པ་རྫི་བོའི་སྣང་བའི་ཚེམས་དཀར་དགོད་བྱུང་།།

ཆོས་དུང་གཡས་འཁྱིལ་བཀྲ་ཤིས་དྲུག་འཇོག་སྒྲ་ཡིས།།
མཁས་རློམ་རྨོངས་པའི་བློ་ལ་ཟླ་བ་ཚེས་བྱུང་།།
དམ་ཆོས་བློ་རུ་གྱེར་བའི་ཨ་ཁུའི་གཏམ་གྱིས།།
འཁོར་བའི་ཚང་ལ་ཞེ་སེམས་གཏིང་ནས་སྐྱེས་བྱུང་།།

སྣང་བ་དབྱངས་སུ་དཀྲོལ་བའི་རྒྱུད་མང་སྒྲ་ཡིས།།
ཨ་ཐང་ཆད་པའི་བུ་ལོའི་རྨི་ལམ་དཀྲོག་བྱུང་།།
ཚོར་བའི་ལྷ་མོའི་ངག་གི་འགྱུར་ཁུགས་སྙན་མོས།།
ཀློག་མཁན་བརྒྱ་རྩ་སྟོང་གི་སེམས་པ་གཡོ་བྱུང་།།
                    ༢༠༡༥/༥/༢༢ཉིན།

              དབྱངས་ལ་བརྒྱུས་པའི་རྟོག་འགྱུ་ཕྲ་མོ།

མི་ཚེ་དབྱངས་སུ་དཀྲོལ་བའི་ལོ་དང་ཟླ་བར།།
ཚོར་བ་དབྱངས་ལ་བརྒྱུས་པའི་རོལ་མོ་སྙན་བྱུང་།།
གཉུག་མའི་གཤིས་ལ་འཇུས་པའི་མི་ཚེའི་མགུར་གླུ།།
རི་སིལ་འདི་རུ་འཐོར་བའི་མིག་ཆུ་རྡོག་ཅིག།

སེམས་ཀྱི་དགའ་སྡུག་རི་མོ་རྡོ་ལ་བརྐོས་པས།།
སྙིང་མཐུན་བྱམས་པའི་མིག་གི་གཟེབ་ལ་ཟུག་སྐད།།
ཤེའུ་ཆུང་བདག་མེད་ཅིག་གི་རེ་ཆད་འཁུན་སྒྲས།།
དབེན་པའི་རི་གྲོང་འདི་ཡི་རྨི་ལམ་དཀྲོགས་བྱུང་།།

ན་ཆུང་ཚིག་གི་བུ་མོའི་གར་སྟབས་སྣ་དགུས།།
རྟུལ་ཕོད་སྙན་ངག་གཞོན་ནུས་སེམས་པ་མགུ་སྐད།།
ཚིག་ཚོགས་ཐ་སྙད་འདུས་པའི་སྣང་བའི་རི་མོས།།
མི་ཡུལ་གྲོང་གི་མགྲོན་པོར་འགྲམ་ལྕག་གཞུས་བྱུང་།།

སྣང་བ་དབྱངས་སུ་བརྒྱུས་པའི་ཚོར་བའི་ཕུང་བོ།།
དྲན་པའི་གཟེབ་ཏུ་བཅུག་པའི་རྟོག་འགྱུ་ཕྲ་མོ།།
མི་ཚེའི་འགྲུལ་བཞུད་ཁྲོད་དུ་དབྱངས་སུ་གྱེར་བ།།
ཡིད་འཕྲོག་བུ་མོ་སྟོང་གི་སེམས་པ་འཁྲུལ་བྱུང་།།
                      ༢༠༡༥/༥/༢༡ཉིན། 

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་བའི་རྒྱུད་མངས་དཀྲོལ་བ།༼ ཞར་བཀོད་གཅིག་ཡོད ༽

2015-12-03 བེ་མིག ཀློག་གྲངས། མཆན ཡོད།


བྱ་དང་བྱེའུའི་གསུང་དབྱངས་རྣ་བར་གཟན་པས།།
བདེ་བའི་གཉིད་ལ་འཐིམ་པའི་རྨི་ལམ་དཀྲོགས་བྱུང་།།
ཀ་ཁའི་སྦྱོར་ཀློག་སྙན་མོ་དབྱངས་སུ་དྲངས་པས།།
སློབ་གླིང་དགའ་ཚལ་རེ་བའི་གཤིན་སར་འཁྲུངས་བྱུང་།།

དགོ་དགོ་འབྲི་མོའི་བཞོ་དབྱངས་ངག་ལ་གྱེར་བས།།
སྨན་ཆུང་བུ་མོའི་འཁོར་བའི་ཆོས་ཉིད་རྟོགས་བྱུང་།།
འབའ་འབའ་ལུ་གུ་རྩེན་པའི་འབའ་སྒྲ་སྙན་པས།།
གཞོན་པ་རྫི་བོའི་སྣང་བའི་ཚེམས་དཀར་དགོད་བྱུང་།།

ཆོས་དུང་གཡས་འཁྱིལ་བཀྲ་ཤིས་དྲུག་འཇོག་སྒྲ་ཡིས།།
མཁས་རློམ་རྨོངས་པའི་བློ་ལ་ཟླ་བ་ཚེས་བྱུང་།།
དམ་ཆོས་བློ་རུ་གྱེར་བའི་ཨ་ཁུའི་གཏམ་གྱིས།།
འཁོར་བའི་ཚང་ལ་ཞེ་སེམས་གཏིང་ནས་སྐྱེས་བྱུང་།།

སྣང་བ་དབྱངས་སུ་དཀྲོལ་བའི་རྒྱུད་མང་སྒྲ་ཡིས།།
ཨ་ཐང་ཆད་པའི་བུ་ལོའི་རྨི་ལམ་དཀྲོག་བྱུང་།།
ཚོར་བའི་ལྷ་མོའི་ངག་གི་འགྱུར་ཁུགས་སྙན་མོས།།
ཀློག་མཁན་བརྒྱ་རྩ་སྟོང་གི་སེམས་པ་གཡོ་བྱུང་།།
                    ༢༠༡༥/༥/༢༢ཉིན།

              དབྱངས་ལ་བརྒྱུས་པའི་རྟོག་འགྱུ་ཕྲ་མོ།

མི་ཚེ་དབྱངས་སུ་དཀྲོལ་བའི་ལོ་དང་ཟླ་བར།།
ཚོར་བ་དབྱངས་ལ་བརྒྱུས་པའི་རོལ་མོ་སྙན་བྱུང་།།
གཉུག་མའི་གཤིས་ལ་འཇུས་པའི་མི་ཚེའི་མགུར་གླུ།།
རི་སིལ་འདི་རུ་འཐོར་བའི་མིག་ཆུ་རྡོག་ཅིག།

སེམས་ཀྱི་དགའ་སྡུག་རི་མོ་རྡོ་ལ་བརྐོས་པས།།
སྙིང་མཐུན་བྱམས་པའི་མིག་གི་གཟེབ་ལ་ཟུག་སྐད།།
ཤེའུ་ཆུང་བདག་མེད་ཅིག་གི་རེ་ཆད་འཁུན་སྒྲས།།
དབེན་པའི་རི་གྲོང་འདི་ཡི་རྨི་ལམ་དཀྲོགས་བྱུང་།།

ན་ཆུང་ཚིག་གི་བུ་མོའི་གར་སྟབས་སྣ་དགུས།།
རྟུལ་ཕོད་སྙན་ངག་གཞོན་ནུས་སེམས་པ་མགུ་སྐད།།
ཚིག་ཚོགས་ཐ་སྙད་འདུས་པའི་སྣང་བའི་རི་མོས།།
མི་ཡུལ་གྲོང་གི་མགྲོན་པོར་འགྲམ་ལྕག་གཞུས་བྱུང་།།

སྣང་བ་དབྱངས་སུ་བརྒྱུས་པའི་ཚོར་བའི་ཕུང་བོ།།
དྲན་པའི་གཟེབ་ཏུ་བཅུག་པའི་རྟོག་འགྱུ་ཕྲ་མོ།།
མི་ཚེའི་འགྲུལ་བཞུད་ཁྲོད་དུ་དབྱངས་སུ་གྱེར་བ།།
ཡིད་འཕྲོག་བུ་མོ་སྟོང་གི་སེམས་པ་འཁྲུལ་བྱུང་།།
                      ༢༠༡༥/༥/༢༡ཉིན། 

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།