དགེ་ཆོས་དྲན་སྟངས་ཤིག

དུར་མིག༼ ཞར་བཀོད་གཅིག་ཡོད ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-05-01

བདེན་དོན་གསལ་བའི་རི་མོ་བྲིས་ཏེ་ཁ་བའི་ཡུལ་དུ་རྐང་རྗེས་དཔར།།
ཤུལ་ན་ལུས་པའི་ཡིག་ཚང་རལ་བོ་མིག་ཆུའི་ཐིགས་པ་འཁྱག་ལ་ཤོར།།
དུས་རབས་ཉི་ཤུའི་མི་རབས་སྐྱ་བོ་ལོ་ཚིགས་རེ་རེར་མཛུབ་མོར་སྒྲེང་།།
མུན་པའི་སྒྲོན་མེ་གསལ་མོ་གསལ་མོ་ཁ་བའི་གཏིང་ནས་རྒྱང་དུ་གཟིམས།།

ངོ་གདོང་འཁྱག་པའི་ས་སྲོད་ཅིག་ལ་རིག་པའི་དཔའ་བོ་ཡིད་ལ་དྲན།།
གངས་རི་དཀར་པོའི་འདབས་རོལ་དེ་ན་སེམས་པ་སྐྱོ་བས་ན་བུན་གྱོན།།
གསལ་བཤད་སུམ་ཅུའི་གླུ་ཞིག་ལེན་ན་དྲན་པའི་གཞུ་མོ་རི་ལ་བྲོས།།
གཤོག་པ་ཅན་གྱི་ཕྱེ་ལབ་མཐོང་ཉིན་ཚིག་དང་ཡིག་འབྲུ་ཁོག་ཏུ་བཅུག།

བཙོན་དུ་ལུས་པའི་མཁས་དབང་དགེ་ཆོས་སྐུ་སྲོག་ཕྲ་མོ་བཙན་གྱིས་བཅད།།
ཐུ་བྷོད་བཙན་པོ་རྒྱལ་རབས་འདི་ཡང་གྱེས་ཕྱག་འོག་གི་མཇུག་བསྡུས་ཟིན།།
མགོ་ནག་མི་ལ་ཁྲེལ་བོར་མེད་པས་ཨུ་ཚུགས་རྐྱང་བའི་ནག་ཐིག་བཟོས།།
ད་ནི་ཁོ་ཐག་སེམས་ནས་ཆོད་དེ་དུར་སྒམ་གཙང་མའི་མིང་ཡིག་དཀྲིས།།

མྱ་ངན་ནག་པོའི་བྲང་ཁ་བརྡུངས་ནས་མུན་པའི་སྒོ་མོ་དཀྲོག་འདོད་ཡོད།།
སྨག་ནང་མཐའ་ན་སྐར་ཚོགས་འཐོར་བོ་ཁྱོད་ཀྱི་རྗེས་ན་ངུ་སྐད་འབྱིན།།
ཧི་མ་ལ་ཡི་བྱེ་ཐང་ངོས་སུ་བཙལ་ཐབས་མེད་པའི་གསེར་ཡིག་མཐོང་།།
གཡོ་སྒྱུ་འགག་འཕྲང་སླར་ཡང་དྲན་ན་གློ་བ་གཡས་གཡོན་བྲེལ་ཚབས་ཆེ།།

མི་རྟག་དྲན་པའི་མགུར་གླུ་ལེན་གྱིན་བང་གསོ་བཙའ་བོའི་མིག་ཆུ་བཞུར།།
གླེགས་བམ་རྙེད་པའི་བམ་ཁ་འཐུག་པོ་ཁང་རྙིང་ནང་དུ་ལྷན་ཅིག་གནས།།
ཕྲག་དོག་དུག་ལྕེ་ཆར་བའི་མ་བཀྲུས་འཇིག་རྟེན་འདི་ནས་འཕྲེད་དུ་དཔྱངས།།
ཟློག་ཐབས་མེད་པའི་བསམ་གཞིགས་ཁྲོད་ན་དྲིན་ལན་མ་གོ་སྐྱོ་གར་གྱུར།།

                             2015/10/6 

                                 ཁ་ཚུབ་ནང་གི་སྐར་མ།

སེམས་ཁམས་གྱང་ཁའི་རྩྭ་སྐྱ་རེད།།
སྣང་བ་དྭངས་མོ་དྭངས་མོ་ཡིན།།
བྱེ་མའི་འདབས་ཀྱི་གྲོང་གསེབ་ཏུ།།
འབུ་སྦྲང་ཆ་གཅིག་འཕུར་ལ་ཉེ།།

ཁང་སྐྱ་ཆར་བ་ལམ་ནས་འདྲེས།།
གྲོ་ནས་སྲན་མ་ཆུ་འགྲམ་འཁྲུངས།།
ཉི་འོད་ཚ་པོ་དགུང་དུ་གསལ།།
ཤིང་སྡོང་ལོ་མ་གསེར་མདོག་གྱུར།།

ཁ་ཚུབ་ངོགས་ན་སྐར་མ་འདར།།
ལྷམ་ཐག་སྣེ་མོ་རྡོ་ལ་བཏགས།།
མུན་ནག་ཁྲོད་ཀྱི་ཤ་ཁྱི་འགའ།།
ཐོ་རངས་དུས་སུ་རི་དྭགས་འདེད།།

ལུག་མིག་མེ་ཏོག་ད་ནངས་རྙེད།།
དམ་བཅའི་མདུད་པ་རྡོ་བར་སྦས།།
ཐ་སྙད་དཀྲིས་པའི་ཁང་མིག་ལ།།
མཆོད་ཆུ་གཙང་མ་སླར་ཡང་འབུལ།།

ངོ་གདོང་ཆ་མེད་རྒྱུས་མེད་རེད།།
སྐད་འདི་ཆ་ཡོད་རྒྱུས་ཡོད་གྱུར།།
སྐུད་པ་གསང་རྒྱ་སྦས་རྒྱ་ཡིན།།
དུང་བའི་འཕྲིན་པ་འཁྱུག་ཙམ་ཐོན།།

                                           2015.6.3

                                                                                        རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་ཆོས་དྲན་སྟངས་ཤིག

2016-05-01 དུར་མིག༼ ཞར་བཀོད་གཅིག་ཡོད ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།