གྲོགས་ཤིག་ལ་ངག་ཐུན་བཏང་བ།


སྐྱེ་བའི་རྨུ་ཐག་འཐེན་སའི་ལུང་པ་རུ།།
སྤྱན་གྱི་གཙང་བོ་ཐོག་མར་འབེབས་པའི་དུས།།
ལམ་ཁའི་རྡུལ་དང་མི་ཚོགས་ཕལ་མོ་ཆེས།།
ཁྱེད་ལ་སུན་གཙེར་མཛད་པས་སྐྱོ་འམ་ཅི།།

ལས་ཀྱི་ཆུ་ཀླུང་ཆེན་པོའི་རྔམས་ཁ་ལས།།
ཡིད་ལ་སིམ་པའི་མགུར་ཞིག་བཞེངས་བའི་ཚེ།།
མི་ཁའི་གྲིབ་མ་མགོ་རུ་ལྡིང་བ་ལ།།
ཞེད་སྣང་ཨེ་བྱུང་དབྱངས་ཀྱི་སྲས་པོ་ལགས།།

ད་ནི་འཁོར་བའི་གཡུལ་ས་ཆེན་པོ་ལས།།
འཆི་བ་སྒུལ་བའི་གཞས་ཤིག་འདོན་ཞོར་དུ།།
རང་གིས་བཙལ་བའི་ཉམ་ངའི་རི་བོ་ལ།།
གོམ་པ་རྟབ་པོར་འཐེན་ནས་གང་དུ་འགྲོ།།

སུན་སྣང་ཁུད་ཀྱི་ཚེ་རབས་ད་ལྟ་བར།།
ངག་གི་བྱིན་རླབས་སྤུང་བར་བྱེད་པའི་སྒང་།།
སྲིད་པའི་རྒྱ་མཚོའི་ཁ་རུ་འཕྱན་པ་ཡི།།
བདག་ཀྱང་ཁྱོད་ཀྱི་གམ་དུ་འགྲོགས་ནས་ཡོད།།

ཀྱེ་མ་སྐྱོ་བའི་སྨུག་པ་རབ་འཐིབས་པའི།།
ང་ཚོའི་མདུན་འདི་གང་ཡིན་ཅི་ཆ་སྟེ།།
སེམས་ཀྱི་སྡིངས་ཆའི་རྗེས་སུ་འགྲོ་བ་ལ།།
ཟོལ་ཟོག་བྲལ་བའི་ལས་ཤིག་སྙེག་འགྲོ་ཨ།།

              2015  12  12    མཚན་མོ་ལ་ཤར་མར་བྲིས།


                                                        རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོགས་ཤིག་ལ་ངག་ཐུན་བཏང་བ།

2016-06-28 འབྲོག་རེ་ལྡེ། ཀློག་གྲངས། མཆན ཡོད།


སྐྱེ་བའི་རྨུ་ཐག་འཐེན་སའི་ལུང་པ་རུ།།
སྤྱན་གྱི་གཙང་བོ་ཐོག་མར་འབེབས་པའི་དུས།།
ལམ་ཁའི་རྡུལ་དང་མི་ཚོགས་ཕལ་མོ་ཆེས།།
ཁྱེད་ལ་སུན་གཙེར་མཛད་པས་སྐྱོ་འམ་ཅི།།

ལས་ཀྱི་ཆུ་ཀླུང་ཆེན་པོའི་རྔམས་ཁ་ལས།།
ཡིད་ལ་སིམ་པའི་མགུར་ཞིག་བཞེངས་བའི་ཚེ།།
མི་ཁའི་གྲིབ་མ་མགོ་རུ་ལྡིང་བ་ལ།།
ཞེད་སྣང་ཨེ་བྱུང་དབྱངས་ཀྱི་སྲས་པོ་ལགས།།

ད་ནི་འཁོར་བའི་གཡུལ་ས་ཆེན་པོ་ལས།།
འཆི་བ་སྒུལ་བའི་གཞས་ཤིག་འདོན་ཞོར་དུ།།
རང་གིས་བཙལ་བའི་ཉམ་ངའི་རི་བོ་ལ།།
གོམ་པ་རྟབ་པོར་འཐེན་ནས་གང་དུ་འགྲོ།།

སུན་སྣང་ཁུད་ཀྱི་ཚེ་རབས་ད་ལྟ་བར།།
ངག་གི་བྱིན་རླབས་སྤུང་བར་བྱེད་པའི་སྒང་།།
སྲིད་པའི་རྒྱ་མཚོའི་ཁ་རུ་འཕྱན་པ་ཡི།།
བདག་ཀྱང་ཁྱོད་ཀྱི་གམ་དུ་འགྲོགས་ནས་ཡོད།།

ཀྱེ་མ་སྐྱོ་བའི་སྨུག་པ་རབ་འཐིབས་པའི།།
ང་ཚོའི་མདུན་འདི་གང་ཡིན་ཅི་ཆ་སྟེ།།
སེམས་ཀྱི་སྡིངས་ཆའི་རྗེས་སུ་འགྲོ་བ་ལ།།
ཟོལ་ཟོག་བྲལ་བའི་ལས་ཤིག་སྙེག་འགྲོ་ཨ།།

              2015  12  12    མཚན་མོ་ལ་ཤར་མར་བྲིས།


                                                        རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།